དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པ་སྔ་ཙམ་ལངས་ན་དགེ་མཚན་མང་པོ་འདི་འདྲ་འདུག

2025-09-25 16:03:55   |   57

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་གཟུགས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཁྱོད་རང་རྣམ་ཀུན་ཞོགས་པ་སྔ་པོ་ནས་ལང་གི་ཡོད་དམ། གལ་ཏེ་སྔ་པོ་ནས་ལངས་ཚེ་དགེ་མཚན་འདི་དག་འདུག

图片.jpg

1 གྲུང་ཤ་དོད་པོ་ཆགས་པ།

ཞོགས་པ་སྔ་པོ་ལང་མཁན་ཞིག་ཡིན་ཕྱིན། སྤྱིར་ན་མཚན་འཁྱོངས་མི་བྱེད་མཁན་ཞིག་རེད། གཉིད་འདང་ངེས་ཉལ་ན་ཉིན་མོ་གྲུང་ཤ་དོད་པོ་ཡོང་ཐུབ། ཞིབ་འཇུག་ལས་མངོན་པར། སྔ་པོ་ལང་མཁན་དེ་ཞོགས་ཉལ་རྒྱག་མཁན་ལས་གྲུང་ཤ་དོད་པ་ཡོད། 

2 གདོང་གཤིས་ཡག་པོ་ཆགས་པ།

དགོང་སྔ་ཉལ་དང་ཞོགས་སྔ་ལངས་བྱས་ཚེ། ལུས་པོས་སྙིགས་འདོར་གསར་ལེན་ཡག་པོ་བྱེད་ཐུབ་པ་དང་མཆིན་པས་དུག་སེལ་ཡག་པོ་བྱེད་ཐུབ་པས། གདོང་གཤིས་ཡག་པོ་ཆགས་ཀྱི་ཡོད།

3 ནད་གཞི་འགོག་ཐུབ་པ།

ལས་ཀ་དང་ངལ་གསོ་ཚོད་རན་པོ་དང་གཉིད་འདང་ངེས་ཁུག་ཚེ། ནད་འགོག་ནུས་པ་ཆེ་རུ་འགྲོ་བ་དང་། སྙིང་ནད་དང་། ཁྲག་ཤེད་མཐོ་བ། མཁལ་མའི་ནད་སོགས་ཀྱི་ནད་རིགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་ཐུབ།

4 སེམས་རྣལ་དུ་འབེབ་ཐུབ་པ།

གཉིད་འདང་ངེས་ཁུག་པ་དང་ཞོགས་པ་སྔ་པོ་ལངས་ན། ལུས་སྟོབས་འཕེལ་ནས་སེམས་རྣལ་དུ་འབེབ་ཐུབ་པས། སློབ་སྦྱོང་ངམ་ལས་ཀ་བྱེད་སྐབས་ཕན་འབྲས་ཀྱང་དེ་བས་ཆེ་བ་ཐོན་ཐུབ། 

5 སེམས་ཁམས་ཡག་པོ་རྒྱུན་སྐྱོང་ཐུབ་པ།

ཞོགས་པ་སྔ་ཙམ་ལངས་ན་ཉིན་མོ་ལས་ཀ་བྱེད་པའི་དུས་ཚོད་མང་དུ་འགྲོ་བས། ལས་ཀ་མ་ཚར་བའི་བྲེལ་འཚུབ་དང་སེམས་ཁྲལ་ལངས་མི་སྲིད། 

ཞོགས་སྔ་ལངས་རྒྱུན་འཁྱོངས་བྱེད་པར་དུས་མཚུངས་སུ་གཉིད་འདང་ངེས་ཤིག་ཁུག་དགོས་པས། དགོང་མོ་སྔ་ཙམ་ཉལ་རྒྱུ་གལ་འགངས་ཆེའོ།


མཉམ་སྤྱོད།