དེ་རིང་ནི2025ལོའི་ཟླ09པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་འདིའི་རིགས་ཀྱིས་ཁ་ཧྥེ་མང་པོ་མཆོད་མི་རུང་།

2025-09-26 08:56:20   |   57

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཞིབ་འཇུག་ལས་གསལ་བར། ཁ་ཧྥེ་ལ་ཉོབ་བསང་བ་དང་། ངལ་དུབ་སེལ་བ། རིགས2པའི་གཅིན་པ་མངར་འགྱུར་ནད་དང་སྐྲན་ནད་འགའ་རེ་སྔོན་འགོག་སོགས་ཀྱི་ནུས་པ་ལྡན་ཡོད། ཡིན་ནའང་གང་དེ་མི་ཚང་མར་འཕྲོད་པ་ཞིག་ཀྱང་མིན་ཏེ། གཤམ་གསལ་གྱི་མི་རྣམས་ནས་ཁ་ཧྥེ་མཆོད་རྒྱུར་དོ་སྣང་གནང་དགོས།

1 གཉིད་ཡག་པོ་མི་ཁུག་པའི་མི་རྣམས་རེད། ཁ་ཧྥེ་རྒྱུར་ཉོབ་སེལ་ནུས་པ་ལྡན་པས། ནམ་རྒྱུན་ནས་གཉིད་ཡག་པོ་མི་ཁུག་པ་དང་གཉིད་ཡར་རྒྱག་མཁན་རྣམས་ཀྱི་ངོས་ནས་བརྗོད་ན། ཁ་ཧྥེ་ཡིས་ཤུགས་རྐྱེན་དེ་བས་ཆེ་བ་ཐེབས་པས་ཁ་ཧྥེ་གཏན་ནས་མི་མཆོད་པའམ་ཉུང་ཙམ་མཆོད་ན་ལེགས།

图片11.jpg

2 སྙིང་འཕར་འཆོལ་བའི་མི་རྣམས་ཡིན། ཁ་ཧྥེ་མཆོད་ན་སྙིང་གི་འཕར་འགྲོས་མགྱོགས་སུ་འགྲོ་བ་དང་། ཨ་རིའི་སྨན་པ80%ཙམ་གྱིས་ནད་གཞི་དེ་ཡོད་པ་རྣམས་ནས་ཁ་ཧྥེ་གཅོད་པའམ་ཡང་ན་ཉུང་ཙམ་མཆོད་དགོས་པའི་གྲོས་འགོ་བཏོན་འདུག

3 ཕོ་བ་ཐང་པོ་མེད་པའི་མི་རྣམས་ཡིན། ཁ་ཧྥེ་ཡིས་ཕོ་རྒྱུ་ཐང་པོ་མེད་པའི་མི་རྣམས་ཀྱི་ཕོ་རྒྱུར་ཟུག་གཟེར་སློང་བ་དང་། ཕོ་སྐྱུར་ལང་བར་བྱེད་པས། བད་ཀན་སྨུག་པོའམ་ཕོ་བ་རུལ་མྱགས་ནད་ཕོག་པ་དང་། ཕོ་སྐྱུར་མང་དྲགས་པའི་ནད་སོགས་ཕོག་པ་རྣམས་ནས་ཁ་ཧྥེ་མང་པོ་མཆོད་ན་སྐྱུག་མེར་ལང་བ་དང་ཕོ་བར་ཚ་ཤར་ལང་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།

图片22.jpg

4 རྒྱུ་མའི་སྐུལ་སླ་རྟགས་འདུས་ནད་ཕོག་པ་རྣམས་ཡིན། ནད་པ་དེ་དག་གི་ངོས་ནས་བརྗོད་ན་ཁ་ཧྥེ་མཆོད་ཚེ་ཕོ་རྒྱུ་མི་བདེ་བར་འགྱུར་བ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་པས་ཁ་ཧྥེ་གཏན་ནས་མི་མཆོད་པའམ་ཉུང་ཙམ་མཆོད་ན་ལེགས།

5 རུས་སོབ་ནད་ཕོག་པ་རྣམས་ཡིན། ནར་སོན་པའི་བདེ་ཐང་གི་མིས་ཉིན་གཅིག་ལ་ཁ་ཧྥེ་རྒྱུ་ཧའོ་ཁེ400ལས་མི་བརྒལ་བ་མཆོད་ན་སྐྱོན་མེད། ཡིན་ནའང་རུས་སོབ་ནད་ཕོག་པའི་མི་རྣམས་ནས་ཁ་ཧྥེ་ཚད་ལས་འདས་པ་མཆོད་མི་རུང་།

6 སྔོ་འགྲིབ་ནད་ཕོག་པ་རྣམས་ཡིན། ཁ་ཧྥེ་རྒྱུ་ཡིས་སྔོ་འགྲིབ་ནད་ཕོག་པའི་ནད་པའི་མིག་རྩའི་གནོན་ཤུགས་ཆེ་རུ་གཏོང་བ་དང་། མིག་གི་དབང་རྩར་གནོད་སྐྱོན་བཟོ་བའི་ཉེན་ཁ་ཆེ་རུ་འགྲོ་བས། ནད་པ་དེ་རིགས་ཀྱིས་ཁ་ཧྥེ་མ་མཆོད་ན་ལེགས།

7 བྱིས་པ་དང་གཞོན་ནུ་ལོ་ཆུང་ཡིན། ཁ་ཧྥེ་རྒྱུ་ཡིས་བྱིས་པའི་ཀླད་པའི་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་པས། ལོ12མན་གྱི་བྱིས་པ་རྣམས་ནས་ཁ་ཧྥེ་རྒྱུ་འདུས་པའི་བཏུང་བྱའི་རིགས་འཐུང་མི་རུང་།

图片33.jpg

8 སྦྲུམ་མ་དང་ནུ་མ་སྣུན་པའི་དུས་ཀྱི་བུད་མེད་རྣམས་ཡིན། ཁོང་རྣམ་པས་དུས་སྐབས་དེར་ཁ་ཧྥེ་མ་མཆོད་ན་ཡག་པོ་ཡོད་པ་དང་། གལ་སྲིད་མཆོད་ཀྱང་ཉིན་གཅིག་ལ་ཕོར་པ་གཉིས་ལྷག་མཆོད་མི་རུང་། གལ་སྲིད་ནམ་རྒྱུན་ཁ་ཧྥེ་མཆོད་པའི་གོམས་གཤིས་མེད་པ་རྣམས་ཀྱི་ངོས་ནས་བཤད་ན་དུས་ཚོད་དེར་རབ་བྱུང་ན་མ་མཆོད་ན་ལེགས།


མཉམ་སྤྱོད།