དེ་རིང་ནི2025ལོའི་ཟླ11པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་འབྲས།

2025-11-24 09:48:35   |   26

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཀླད་འབྲས་ནི་སྤྱིར་བཏང་དུ་དལ་གཤིས་ཀྱི་ནད་ཅིག་ཡིན། འཕེལ་སྐྱེས་དལ་ལ། རིམ་བཞིན་མགོ་ན་བ་དང་། སྐྱུགས་པ་དང་། མཐོང་བྱེད་ནུ་ཏོག་ཆུ་སྐྲངས་གསུམ་གྱི་ནད་རྟགས་འབྱུང་བ་ཡིན། 

ནད་རྟགས། 

ཐོག་མའི་དུས་སུ་མགོ་ན་བ་ནི་ལྡང་དུབ་བྱེད་ལ། ནད་ཚད་ཅུང་ཡང་། ཕལ་ཆེར་རྟུལ་བོར་ན། རྒྱུན་པར་མཚན་གོང་ངམ་ནམ་ལངས་སྐབས་འབྱུང་། གློ་ལུ་དང་སྦྲིད་པ་འབྱིན་པ་དང་། མགོ་སྒུར་བ་སོགས་ཀྱིས་མགོ་ན་བ་ཇེ་སྡུག་ཏུ་འགྲོ་ལ། ཙོག་པ་དང་ཡར་ལངས་དུས་ཇེ་ཡང་དུ་འགྲོ། ཕལ་ཆེར་ཀླད་འབྲས་ཀྱིས་སུམ་ཆའི་གཅིག་གི་མགོ་ན་ས་ནི་ཀླད་འབྲས་ཡོད་སའི་གནས་དང་གཅིག་མཐུན་ཡིན། ནད་པ་ཕལ་ཆེར་སྐྱུགས་པའི་ནད་རྟགས་ཡོད་། སྐྱུགས་ཚད་སྤྱིར་བཏང་དུ་མགོ་ན་བའི་ཚད་དང་མཐུན་དང་། ཟས་ཟོས་ཚད་དང་འབྲེལ་བ་ཆེན་པོ་མེད། མཐོང་བྱེད་ནུ་ཏོག་ཆུ་སྐྲངས་ཀྱི་ཐོག་མའི་སྐབས་སུ། མཐོང་ཤུགས་ལ་གནོད་པ་ཆེར་མེད། ཆུ་སྐྲངས་ཀྱི་ཚད་ཇེ་ལྕིར་སོང་བ་དང་བསྟུན་ནས་མཐོང་ཤུགས་རིམ་བཞིན་ཇེ་ཞན་དུ་འགྲོ་བ་ཡིན།

གསོ་ཐབས། 

1 མགོ་ཤིན་ཏུ་ན་བ་རྣམས་ལ་ཟུག་འཇོག་སྨན་ལེབ་བསྟེན་ཏེ་ནད་ཟུག་གཅོག་ཆོག

2 གལ་ཏེ་མགོ་ན་བ་ཀླད་འབྲས་ཀྱི་རིམ་བཞིན་ཡིན་པར་དོགས་པ་ཟ་ན། མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས། ནད་ངོས་གསལ་བོར་ཟིན་ན། ནད་ཚུལ་གྱི་དགོས་མཁོ་ལྟར། རིམ་བཞིན་ཀ་ལིའིCTདང་། སྡུག་སྤྱི་འདར། རྐེད་ཚིགས་གཙགས་རྟོལ་སོགས་ཀྱིས་བརྟག་དཔྱད་བྱེད་དགོས། 

3 བོད་ལུགས་གསོ་རིག་ལྟར་ན། ནད་དེ་ཡིན་པ་ངོས་ཟིན་རྗེས། ཁོང་སྨན་དུ་མུ་ཏིག་བདུན་བཅུ་དང་མུ་ཏིག་ཉེར་ལྔ། བྱུ་དམར་ཉེར་ལྔ། མང་སྦྱོར། བསམ་ཁྱུང་།(བསམ་འཕེལ་ནོར་བུ་དང་ཁྱུང་ལྔ་བསྲེས་པ) བླ་མེད་སོགས་སྨན་སྦྱོར་གང་འཚམ་བསྟེན་ཆོག


མཉམ་སྤྱོད།