དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་བཅུ་གཉིས་པ། ཡན་ཡོན། ལེའུ་བཅུ་གསུམ་པ། ཙི་ལུའུ།

2025-05-23 08:15:46   |   442

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ཙི་ཀྲང་གིས་སྲིད་སྐྱོང་ཚུལ་དྲིས་པ་ལ་ཁུང་ཙི་ན་རེ། སྲིད་ཀྱི་ལས་ཐོག་ན་ཡོད་ཚེ་ལེ་ལོ་མེད་པ་དང་། བཀའ་བཞིན་སྒྲུབ་ཚེ་བློ་དཀར་བའོ།། 

ཙི་ལུའུ་ཡིས་སྲིད་སྐྱོང་ཚུལ་དྲིས་པར་ཁུང་ཙི་ན་རེ། ལས་ཀ་གཞན་ལས་སྔ་མར་བྱེད་ཅིང་རང་དཔེ་གཞན་ལ་བསྟན་ནས་གཟོད་འབངས་ལ་བརྩོན་པར་བསྐུལ་ཏོ།། དེ་རྒྱས་པར་གསུང་དང་ཞུས་པ་ན། ཁུང་ཙི་ན་རེ། ལས་ལ་ལེ་ལོ་མི་བྱེད་པའོ།།

 子张问政。子曰:“居之无倦,行之以忠。”

子路问政。子曰:“先之,劳之。”请益。曰:“无倦。”

ཅི་ཁང་ཙིས་སྲིད་སྐྱོང་ཚུལ་དྲིས་པ་ན་ཁུང་ཙིས་སྨྲས་པ། སྲིད་ནི་དྲང་ལམ་ལའོ།། ཁྱོད་ཀྱིས་མགོ་དྲངས་ཏེ་དྲང་ལམ་ལ་ཞུགས་ན་གཞན་རྣམས་དྲང་ལམ་ལ་མི་ཞུགས་པར་ཕོད་དམ།

ཁུང་ཙི་ན་རེ། རྗེ་བོ་ཚུལ་དང་ལྡན་ཚེ་བཀའ་མ་ཕབ་ཀྱང་འབངས་ཀྱིས་དེ་ལྟར་བསྒྲུབ་ལ། རྗེ་བོ་ཚུལ་དང་མི་ལྡན་ན་བཀའ་ཕབ་ཀྱང་བརྩི་མཁན་མེད་དོ།།

ཁུང་ཙི་ན་རེ། རྒྱལ་པོ་གང་ཞིག་རང་ཉིད་དྲང་བོར་བསྲངས་ན་རྒྱལ་སྲིད་སྐྱོང་བར་དཀའ་ངལ་ཅི་ཞིག་ཡོད། རང་ཉིད་དྲང་བོར་བསྲང་མི་ཐུབ་ཚེ་གཞན་དག་དྲང་མོར་ཅི་ལྟར་བསྲང་།

季康子问政于孔子。孔子对曰:“政者,正也。子帅以正,孰敢不正!”

 子曰:“其身正,不令而行;其身不正,虽令不从。”

子曰:“苟正其身矣,于从政乎何有?不能正其身,如正人何?”



མཉམ་སྤྱོད།