དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་བཅོ་ལྔ་པ། ཝེ་ལིང་ཀུང་།

2025-05-27 08:18:43   |   63

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུང་ཙི་ན་རེ། དམ་པས་མི་གང་ཡང་རུང་བའི་གཏམ་ལ་བརྟགས་ནས་མགོ་འདོན་མི་བྱ་ཞིང་། ངན་པ་ཡིན་ཡང་གཏམ་ལེགས་ན་གཏམ་དེའང་དོར་བར་མི་བྱའོ།།

子曰:“君子不以言举人,不以人废言。

ཁུང་ཙི་ན་རེ། ཤེས་རབ་ལ་བརྟེན་ནས་བཀུར་བསྟི་ཐོབ་ཀྱང་དེ་བྱམས་སྤྱོད་ཀྱིས་བསྲུང་མ་ཐུབ་ན། ཐོབ་ཀྱང་ངེས་པར་དུ་ཤོར་རོ།། ཤེས་རབ་ལ་བརྟེན་ནས་བཀུར་བསྟི་ཐོབ་ཅིང་དེ་བྱམས་སྤྱོད་ཀྱིས་སྲུང་ཡང་། བབ་བརླིང་གཟབ་ནན་གྱི་སྒོ་ནས་ཆབ་འབངས་སྐྱོང་མ་ཐུབ་ན། ཆབ་འབངས་ཀྱིས་བསྙེན་བཀུར་མི་བྱེད་དོ།། ཤེས་རབ་ལ་བརྟེན་ནས་བཀུར་བསྟི་ཐོབ་ཅིང་དེ་བྱམས་སྤྱོད་ཀྱིས་སྲུང་ལ་བབ་བརླིང་གཟབ་ནན་གྱིས་ཆབ་འབངས་བསྐྱངས་ཀྱང་ཕ་རོལ་ལ་གུས་ལུགས་ཀྱིས་བསྐུལ་མ་ཐུབ་ན། དེའང་ཕུན་སུམ་ཚོགས་པ་ཞིག་མ་ཡིན་ནོ།།

子曰:“知及之,仁不能守之,虽得之,必失之。知及之,仁能守之,不庄以莅之,则民不敬。知及之,仁能守之,庄以莅之,动之不以礼,未善也。


མཉམ་སྤྱོད།