དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གུང་ཁྲན་ཏང་གི་བསྒྲགས་གཏམ། 

2025-05-30 08:56:52   |   53

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


རྣམ་ཤེས་ཤིག་སྟེ། གུང་ཁྲན་རིང་ལུགས་ཀྱི་རྣམ་ཤེས་དེ། ཡོ་རོབ་གླིང་ན་སྐོར་འཁྱམ་བྱེད་བཞིན་ཡོད། རྣམ་ཤེས་དེར་བསྐོར་བཅོམ་ཚར་དུ་དངར་བ་ཞིག་བྱེད་ཆེད་ཡོ་རོབ་གླིང་རྙིང་པའི་སྟོབས་ཤུགས་མཐའ་དག་སྟེ། ཆོས་དཔོན་དང་ཧྲ་ཧོང་གོང་མ་དང་། མེ་ཐེ་ཉེ་དང་ཅི་ཙོ། ཧྥ་རན་སིའི་དྲག་སྐྱོད་ཕྱོགས་ཁག་དང་འཇར་མན་གྱི་ཉེན་རྟོག་པ་སོགས་ཚང་མ་མཉམ་འབྲེལ་བྱས་ཡོད།

ངོ་རྒོལ་ཏང་ཞིག་ཡིན་ཕྱིན་དེ་ལ་སྲིད་དབང་འཛིན་མཁན་གྱི་དགྲ་བོས་གུང་ཁྲན་ཏང་རེད་ཅེས་སྡིགས་མོ་མི་བྱེད་མཁན་ཡོད་དམ། ཡང་ངོ་རྒོལ་ཏང་ཞིག་ཡིན་ཕྱིན་གུང་ཁྲན་རིང་ལུགས་ཟེར་བའི་ཉེས་མིང་དེ་ཁྱེར་ནས་དེ་བས་ཀྱང་ཡར་ཐོན་ཆེ་བའི་ངོ་རྒོལ་ཏང་མི་དང་རང་ཉིད་ཀྱི་ལོག་སྤྱོད་དགྲ་བོར་འབུལ་ལན་མི་སྤྲོད་མཁན་ཞིག་ཡོད་དམ།

དོན་དངོས་དེའི་ཐོག་ནས་སྡོམ་ཚིག་གཉིས་བྱུང་ཆོག་སྟེ།

གུང་ཁྲན་རིང་ལུགས་དེ་སྟོབས་ཤུགས་ཤིག་ཡིན་པ་ཡོ་རོབ་གླིང་གི་སྟོབས་ཤུགས་ཚང་མས་ཁས་ལེན་བྱས་ཡོད།

ད་ལྟ་ནི་གུང་ཁྲན་ཏང་མིས་རང་ཉིད་ཀྱི་ལྟ་བ་དང་། རང་ཉིད་ཀྱི་དམིགས་ཡུལ། རང་ཉིད་ཀྱི་དགོངས་པ་འཛམ་གླིང་ཡོངས་ལ་གསལ་བཤད་བྱས་ཏེ་ཏང་རང་ཉིད་ཀྱི་བསྒྲགས་གཏམ་ཁྱེར་ནས་གུང་ཁྲན་རིང་ལུགས་ནི་རྣམ་ཤེས་ཤིག་རེད་ཟེར་བའི་ལྷ་སྒྲུང་དེར་རྒོལ་ལན་སྤྲོད་པའི་དུས་ལ་སླེབས་ཡོད།

དམིགས་ཡུལ་དེའི་ཆེད་དུ། རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་མི་རྣམས་ལོན་ཏོན་དུ་འདུ་འཛོམས་བྱས་ཏེ། གཤམ་གྱི་བསྒྲགས་གཏམ་འཆར་འགོད་གཏན་འབེབས་བྱས་ནས། དབྱིན་ཡིག་དང་ཧྥ་ཡིག  འཇར་མན་ཡི་གེ  དབྱི་ཐ་ལིའི་ཡི་གེ  ཧྥོ་ལེ་སྨིའི་ཡི་གེ  ཏེན་མག་ཡི་གེ་བཅས་ཀྱི་ངོས་ནས་འཛམ་གླིང་དུ་ཁྱབ་བསྒྲགས་བྱས་སོང་།


མཉམ་སྤྱོད།