དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་བཅུ་དྲུག་པ།

2025-06-16 10:55:49   |   18

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


丘也闻:有国有家者,不患寡而患不均,不患贫而患不安。盖均无贫,和无寡,安无倾。

 ཅི་ཧྲི།

བདག་གི་གོ་ཐོས་སུ་རྒྱལ་ཁབ་སྐྱོང་བའམ་རྒྱལ་པོས་སྩལ་བའི་ས་ཆ་སྐྱོང་མཁན་གྱིས་དབུལ་བོར་མི་འཚེར་ལ་མི་སྙོམས་པར་འཚེར། ཉུང་བར་མི་འཚེར་ལ་ཟིང་བར་འཚེར། སྙོམས་ན་དབུལ་པོར་མི་མཐོང་ཞིང་འཆམས་ན་ཉུང་བར་མི་མཐོང་ལ། བདེ་ན་ཉེན་ཁ་མེད་པའོ།།

孔子曰:“益者三友,损者三友。友直,友谅,友多闻,益矣。友便辟,友善柔,有便佞,损矣。”

ཅི་ཧི།

 ཁུང་ཙི་ན་རེ། དགེ་བའི་གྲོགས་ལ་རིགས་གསུམ་དང་མི་དགེ་བའི་གྲོགས་པོ་རིགས་གསུམ་ཡོད། གཞུང་དྲང་བོའི་གྲོགས་ལ་བསྟེན་པ་དང་། བློ་དཀར་བའི་གྲོགས་ལ་བསྟེན་པ། རྣམ་དཔྱོད་ཡངས་པའི་གྲོགས་ལ་བསྟེན་ན་དགེའོ།། ངོ་དགའ་སྤྲེལ་ལད་བྱེད་པའི་གྲོགས་དང་མདུན་དུ་བསྟོད་ཅིང་རྒྱབ་ནས་སྨད་པའི་གྲོགས། ཁ་འཇམ་ཚིག་སྙན་བཤད་མཁས་པའི་གྲོགས་བཅས་ལ་བསྟེན་ན་འཕུང་ངོ་།།


མཉམ་སྤྱོད།