དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་བཅོ་བརྒྱད་པ།

2025-06-18 15:03:13   |   30

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《论语·微子第十八》《论语·子张第十九》

周公谓鲁公曰:“君子不施其亲,不使大臣怨乎不以。故旧无大故,则不弃也。无求备于一人。”

子夏曰:“大德不逾闲,小德出入可也。”

ཁུང་ཙིའི་གསུང་སྒྲོས་ལེའུ་བཅོ་བརྒྱད་པ། ཝེ་ཙི་། ལེའུ་བཅུ་དགུ་པ། ཙི་ཀྲང་།

ཀྲོའུ་ཀུང་གིས་རང་གི་སྲས་ལུའུ་ཀུང་ལ་སྨྲས་པ། དམ་པས་རང་གི་ཉེ་ཚན་སྣང་ཆུང་མི་བྱེད་པ་དང་། བློན་ཆེན་ལ་ཡིད་རྟོན་མི་ཕེར་བའི་འཁང་ར་མེད་པར་བྱ། གྲོགས་དང་ཉེ་ཚན་རྙིང་བ་ལ་ཉེས་པ་ཆེན་པོ་མེད་ན་འདོར་བར་མི་བྱ། མི་སུ་ལའང་སྐྱོན་ཆ་གཏན་ནས་མེད་པའི་རེ་བ་མི་འཛིན་པར་བྱའོ།།

ཙི་ཞ་ན་རེ། སྤྱོད་ལམ་ཆེན་པོ་ཚུལ་ལས་མ་འདས་ན། ཆུང་ངུ་ཅི་བདེར་བྱས་ཀྱང་ཆོག་གོ།


མཉམ་སྤྱོད།