དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་བཅུ་དགུ་པ།

2025-06-19 08:44:45   |   37

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《论语·子张第十九》

子张曰:“异乎吾所闻:君子尊贤而容众,嘉善而矜不能。

子夏曰:“日知其所亡,月无忘其所能,可谓好学也已矣!”

子贡曰:“君子之过也,如日月之食焉:过也,人皆见之;更也,人皆仰之。”

ཁུང་ཙིའི་གསུང་སྒྲོས་ལེའུ་བཅུ་དགུ་པ། ཙི་ཀྲང་།

ཙི་ཀྲང་ན་རེ། བདག་གིས་ཐོས་པ་ནི་དེ་དང་མི་འདྲ་སྟེ། དམ་པས་མཛངས་པར་བཀུར་ལ་ཕལ་བའང་མི་དོར་བ། མི་མཁས་པར་བསྟོད་པ། ཞན་པར་སྙིང་རྗེ་སྒོམ་པའོ།།

ཙི་ཞ་ན་རེ། ཉིན་བཞིན་དུ་རང་གིས་མི་ཤེས་པའི་ཡོན་ཏན་སློབ་པ་དང་། ཟླ་བཞིན་དུ་ཤེས་པ་རྣམས་བསྐྱར་ན་དེ་ལ་བསླབ་པར་དགའ་བ་ཞེས་སྨྲ་ཆོག་གོ།

ཙི་ཀུང་ན་རེ། དམ་པར་ནོར་འཁྲུལ་བྱུང་བ་ནི་ཉི་ཟླ་གཟའ་ཡིས་ཟིན་པ་ནང་བཞིན་ཀུན་གྱིས་མཐོང་ཞིང་ཐོས་པར་འགྱུར་ལ། སྐྱོན་སེལ་བའི་ཚུལ་ཡང་ཚང་མས་མགོ་བོ་བཏེག་སྟེ་བལྟ་བར་བྱའོ།།


མཉམ་སྤྱོད།