དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུང་ཙིའི་གསུང་སྒྲོས་ལེའུ་ཉི་ཤུ་པ།

2025-06-23 08:59:42   |   226

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


《论语·尧曰第二十》

子曰:“尊五美,屏四恶,斯可以从政矣。”子张曰:“何谓五美?”子曰:“君子惠而不费,劳而不怨,欲而不贪,泰而不骄,威而不猛。”........子张曰:“何谓四恶?”子曰:“不教而杀谓之虐;不戒视成谓之暴。慢令致期谓之贼;犹之与人也,出纳之吝谓之有司。”

ཁུང་ཙིའི་གསུང་སྒྲོས་ལེའུ་ཉི་ཤུ་པ། གོང་མ་ཡའོ།

ཁུང་ཙི་ན་རེ། མཛེས་སྤྱོད་ལྔ་བརྩི་འཇོག་དང་ངན་ཇུས་བཞི་དོར་བའོ།། ཙི་ཀྲང་ན་རེ། མཛེས་སྤྱོད་ལྔ་ཞེས་པ་ཅི་ལགས། ཁུང་ཙི་ན་རེ། དམ་པས་ཕ་རོལ་ལ་དྲིན་བསྩལ་ཀྱང་རང་ཉིད་ཆུད་འཛའ་བར་མི་གཏོང་བ། འབངས་བྲན་དུ་བཀོལ་ཀྱང་སླར་མི་འཁུ་བ། བྱམས་སྤྱོད་སྤེལ་ཡང་ཆགས་ཞེན་མི་བྱེད་པ། བློ་བག་ཕེབས་ཀྱང་ཡིད་མི་ཁེངས་པ། བརྗིད་ཉམས་ལྡན་ཡང་གཏུམ་པོ་མིན་པའོ།། ཙི་ཀྲང་ན་རེ། ངན་ཇུས་བཞི་ནི་ཅི་ལ་ཟེར། ཁུང་ཙི་ན་རེ། ཕ་རོལ་ལ་སློབ་གསོ་མི་གཏོང་བར་སྲོག་ཆད་གཅོད་པ་ལ་གཏུམ་དྲག་ཅེས་སོ།། བསླབ་བྱ་མི་གདམས་པར་མྱུར་དུ་བསྒྲུབ་པར་བསྐུལ་བ་ལ་བསྟུང་བ་ཟེར། ཐོག་མར་ནར་འགྱངས་བྱེད་ཀྱང་གློ་བུར་དུ་དུས་བཀག་ནན་སྐུལ་བྱེད་པ་ལ་ཆོམ་པ་ཟེར། གཞན་ལ་སྦྱིན་དགོས་ཀྱང་སེར་སྣ་བྱེད་པ་ལ་སྦ་བསྲི་ཟེར་རོ།།


མཉམ་སྤྱོད།