དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་ལིའང་ཧུའེ་ཝང་གི་ལེའུ་སྨད་ཆ།

2025-07-23 09:36:41   |   201

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


乐民之乐者,民亦乐其乐;忧民之忧者,民亦忧其忧。乐以天下,忧以天下,然而不王者,未之有也。

རྒྱལ་པོས་མི་སེར་གྱི་སྤྲོ་བ་དེ་རང་གི་སྤྲོ་བ་དང་། མི་སེར་གྱིས་ཀྱང་རྒྱལ་པོའི་སྤྲོ་བ་དེ་རང་གི་སྤྲོ་བ་བྱེད་དོ།། རྒྱལ་པོས་མི་སེར་གྱི་སེམས་སྡུག་དེ་རང་གི་སེམས་སྡུག་དང་། མི་སེར་གྱིས་ཀྱང་རྒྱལ་པོའི།སེམས་སྡུག་དེ་རང་གི་སེམས་སྡུག་ཏུ་བརྩིའོ།། གནམ་འོག་གི་མི་དང་མཉམ་དུ་སྤྲོ་བ་འཕེལ་བ་དང་མཉམ་དུ་སེམས་སྡུག་བྱེད་ཐུབ་པའི་མི་ཞིག་ཡིན་ཚེ་ད་དུང་གནམ་འོག་གི་བདག་པོར་མི་གྱུར་བ་ནི་སྔར་ནས་ཡོད་མ་མྱོང་ངོ།།

左右皆曰贤,未可也;诸大夫皆曰贤,未可也;国人皆曰贤,然后察之,见贤焉,然后用之。左右皆曰不可,勿听;诸大夫皆曰不可,勿听;国人皆曰不可,然后察之;见不可焉,然后去之。左右皆曰可杀,勿听;诸大夫皆曰可杀,勿听;国人皆曰可杀,然后察之;见可杀焉,然后杀之。

རྒྱལ་པོའི་གཡས་གཡོན་གྱི་བློན་པོ་རྣམས་ཀྱིས་མི་དེ་ཕུལ་བྱུང་རེད་ཅེས་སྨྲས་ཀྱང་མི་ཆོག་ལ། དཔོན་ཆེན་གཞན་རྣམས་ཀྱིས་མི་དེ་ཕུལ་བྱུང་རེད་ཅེས་སྨྲས་ཀྱང་མི་ཆོག རྒྱལ་འབངས་ཡོངས་ཀྱིས་མི་དེ་ཕུལ་བྱུང་རེད་ཅེས་སྨྲས་ན་ད་གཟོད་མི་དེ་ལ་ཞིབ་བཤེར་བྱས་ཏེ་དངོས་གནས་སུ་ཕུལ་བྱུང་བ་ཞིག་ཡིན་ཚེ་ད་གཟོད་བསྐོ་སྤྱོད་བྱེད་དོ།། རྒྱལ་པོའི་གཡས་གཡོན་གྱི་བློན་པོ་རྣམས་ཀྱི་མི་དེ་བཀོལ་མི་ཉན་ཞེས་སྨྲས་ཀྱང་བདེན་དུ་མི་འཛིན་པ་དང་། དཔོན་ཆེན་གཞན་རྣམས་ཀྱིས་བཀོལ་མི་ཉན་ཞེས་སྨྲས་ཀྱང་བདེན་དུ་མི་འཛིན། རྒྱལ་འབངས་ཡོངས་ཀྱིས་མི་དེ་བཀོལ་མི་ཉན་ཞེས་སྨྲས་ན་ད་གཟོད་ཞིབ་བཤེར་བྱས་ཏེ་དངོས་གནས་བཀོལ་མི་ཆོག་པ་ཞིག་ཡིན་ཚེ་གཟོད་བརྗེ་འཐེན་བྱེད་དོ།། རྒྱལ་པོའི་གཡས་གཡོན་གྱི་བློན་པོ་རྣམས་ཀྱིས་མི་དེ་གསོད་དགོས་ཞེ་ན་བདེན་དུ་མི་འཛིན་པ་དང་དཔོན་ཆེན་གཞན་རྣམས་ཀྱིས་མི་དེ་གསོད་དགོས་ཞེ་ནའང་བདེན་དུ་མི་འཛིན། རྒྱལ་འབངས་ཡོངས་ཀྱི་མི་དེ་གསོད་དགོས་ཞེ་ན་ད་གཟོད་མི་དེ་ལ་ཞིབ་བཤེར་བྱས་ནས་དངོས་གནས་སུ་གསོད་དགོས་པ་ཞིག་ཡིན་ཚེ་གསོད་པར་བྱའོ།།


མཉམ་སྤྱོད།