དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་ཀུང་སུན་ཁྲོའུའི་ལེའུ་སྟོད་ཆ།

2025-07-25 09:53:46   |   42

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


无恻隐之心,非人也;无羞恶之心,非人也;无辞让之心,非人也;无是非之心,非人也。恻隐之心,仁之端也;羞恶之心,义之端也;辞让之心,礼之端也;是非之心,智之端也。

སྙིང་རྗེའི་སེམས་མེད་ན་མི་མིན་ལ། ངོ་ཚ་མི་ཤེས་ཚེའང་མི་མིན་ནོ། ། བཟོད་སྒོམ་མེད་ན་མི་མིན་ལ། བདེན་རྫུན་མི་ཤེས་ཚེའང་མི་མིན་ནོ། ། སྙིང་རྗེའི་སེམས་ཡོད་ན་བྱམས་སྐྱོང་གི་འགོ་ཚུགས་པ་དང་། ངོ་ཚའི་སེམས་ཡོད་ན་དྲང་བདེན་གྱི་འགོ་ཚུགས་སོ། ། བཟོད་སྒོམ་་གྱི་སེམས་ཡོད་ན་གུས་ལུགས་སྲུང་བའི་འགོ་ཚུགས་པ་དང་། བདེན་རྫུན་གྱི་སེམས་ཡོད་ན་ཤེས་རིག་ལྡན་པའི་འགོ་ཚུགས་སོ། །

昔者曾子谓子襄曰:“子好勇乎?吾尝闻大勇于夫子矣:‘自反而不缩,虽褐宽博吾不惴焉;自反而缩,虽千万人吾往矣。’”

སྔ་དུས་སུ་ཙིང་ཙི་ཡིས་ཙི་ཞང་ལ་སྨྲས་པ། ཁྱོད་རང་དཔའ་ངར་ལ་དགའ་འམ། བདག་གིས་ཁུང་ཙིས་དཔའ་ངར་ཆེ་བའི་སྤྱོད་པ་གླེང་བ་ཐོས་མྱོང་བ་ནི། ཁྱོད་རང་གིས་རང་ལ་དཔྱོད་དང་བདེན་པ་རང་ལ་མེད་ཚེ་མདུན་དུ་མི་སེར་ཕལ་བ་ཡོང་ཡང་བདག་དེ་ལ་ཇི་ལྟར་མི་སྐྲག རང་སྐྱོན་རང་བརྟག་བྱས་ནས་བདེན་པ་རང་ལ་ཡོད་ཚེ་མདུན་དུ་མི་སྟོང་ཕྲག་ཁྲི་ཕྲག་ཡོད་ཀྱང་བདག་མདུན་དུ་སྐྱོད་དོ་ཅེས་སོ། །


མཉམ་སྤྱོད།