དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་ཐེང་ཝུན་ཀུང་གི་ལེའུ་སྟོད་ཆ།

2025-08-04 15:03:59   |   30

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


上有好者,下必有甚焉者矣。君子之德,风也;小人之德,草也。草尚之风必偃。

གོ་གནས་མཐོ་བའི་མི་ནི་ཅི་ཞིག་ལ་དགའ་ན་དེའི་མངའ་འོག་གི་མི་རྣམས་དེ་ལ་དགའ་འོ།། དམ་པའི་གཏམ་སྤྱོད་དང་རྣམ་འགྱུར་གྱི་ཚུལ་ནི་རླུང་དང་འདྲ་ལ། མི་སེར་གྱི་གཏམ་སྤྱོད་དང་རྣམ་འགྱུར་།གྱི་ཚུལ་ནི་རྩྭ་དང་འདྲའོ།། རླུང་རྩྭ་ཐོག་ཏུ་གཡུག་ཚེ་རྩྭ་ནི་ངེས་པར་དུ་ལོག་གོ་ཅེས་པ་བཞིན།།

民之为道也,有恒产者有恒心,无恒产者无恒心。苟无恒心,放辟邪侈,无不为已。及陷乎罪,然后从而刑之,是罔民也。焉有仁人在位,罔民而可为也?是故,贤君必恭俭礼下,取于民有制。

མི་སེར་རྣམས་དྲང་ལམ་ལ་འགྲོ་དགོས་ཚེ་ངེས་པར་དུ་གཏན་འཇགས་ཀྱི་ཐོན་ལས་དགོས་ལ། དེ་ཡོད་ཚེ་ད་གཟོད་དེ་དག་གི་བློ་རྩ་བརྟན་པོར་གྱུར་རོ།། གཏན་འཇགས་ཀྱི་ཐོན་ལས་མེད་ན་དེ་དག་གི་བློ་རྩ་བརྟན་པོ་མིན་ལ། གལ་ཏེ་དེ་དག་བློ་བརྟན་འགྱུར་མེད་མིན་ཚེ་ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་སྣ་ཚོགས་བྱེད་ངེས་རེད། དེ་དག་ཁྲིམས་ལ་འགལ་ཏུ་བཅུག་ནས་ད་གཟོད་ཆད་པ་གཅོད་པ་ནི་མི་སེར་ལ་རྙི་བཙུགས་ཏེ་ནང་དུ་འཛུལ་བར་བཅུག་པ་དང་མཚུངས་སོ།། བྱམས་ལྡན་གྱི་རྒྱལ་པོ་སུ་ཞིག་གིས་མི་སེར་ལ་ནག་མེད་ཉེས་འགེལ་གྱིས་བྱ་བ་བྱེད་དམ་མི་བྱེད་དོ།། དེར་བརྟེན་མཁས་མཛངས་ལྡན་པའི་རྗེ་བོ་ཡིས་ངེས་པར་གུས་ཞུམ་བཀོལ་མཁས་དང་། གུས་ལུགས་ལྟར་མངའ་འོག་ལ་འགྲོགས་པ་དང་མི་སེར་གྱི་སྤྲོད་པའི་ཁྲལ་ཡང་ཐག་བཅད་ལྟར་དུ་བསྡུ་བའོ།།


མཉམ་སྤྱོད།