དེ་རིང་ནི2025ལོའི་ཟླ08པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མེང་ཙི་ལས་ཐེང་ཝུན་ཀུང་གི་ལེའུ་སྨད་ཆ།

2025-08-05 09:38:59   |   14

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་བ》 བཤེར་འབེབས། རིན་ཆེན་ཚེ་རིང་།


居天下之广居,立天下之正位,行天下之大道。得志与民由之,不得志独行其道。富贵不能淫,贫贱不能移,威武不能屈。此之谓大丈夫。

སྡོད་ས་ནི་གནམ་འོག་གི་ཆེས་རྒྱ་ཆེ་བའི་སྡོད་གནས་དང་ལངས་ས་ནི་གནམ་འོག་གི་ཆེས་ཡང་དག་པའི་གནས་ཡུལ། འགྲོ་ས་ནི་གནམ་འོག་གི་ཆེས་ཡངས་པའི་བགྲོད་ལམ་མོ།། ཕུགས་འདུན་དེ་མངོན་འགྱུར་བྱེད་ཐུབ་ན་མི་སེར་དང་མཉམ་དུ་དྲང་ལམ་དུ་འགྲོ་ལ། འདོད་ཕྱོགས་དེ་མངོན་འགྱུར་བྱེད་མི་ཐུབ་ཚེ་རང་གཅིག་པུ་དྲང་ལམ་དེར་འགྲོའོ།། འབྱོར་ཕྱུག་ལྡན་ཀྱང་བག་མེད་མི་སྤྱོད་པ། དབུལ་ཕོངས་ཡིན་ཡང་འདོད་བློ་མི་འགྱུར་བ། གཏུམ་པོར་ཐུག་རུང་མགོ་བོ་མི་སྒུར་བ། དེ་ལྟ་བུ་ལ་ད་གཟོད་སྐྱེས་ཆེན་ཞེས་བརྗོད་དོ།།

非其道,则一箪食不可受于人;如其道,则舜受尧之天下,不以为泰。

ལམ་དྲང་མོ་དང་མི་མཐུན་ན་བཟས་སླེ་བོ་གང་ཡང་ལེན་མི་རུང་ལ། ལམ་དྲང་མོ་དང་མཐུན་ན་ཧྲའོ་རྒྱལ་གྱི་གནམ་འོག་ཡའོ་རྒྱལ་གྱིས་བླངས་ཀྱང་ཐལ་ཆེ་བ་ག་ལ་ཡིན།། ཁྱོད་ཀྱིས་བལྟས་ན་ཚད་ལས་རྒལ་ལམ།


མཉམ་སྤྱོད།