དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་གུང་ཁྲན་ཏང་མིས་ངོ་རྒོལ་ཏང་ཁག་སྣ་ཚོགས་ལ་འཛིན་པའི་རྣམ་འགྱུར།

2025-08-12 08:51:04   |   194

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ལེའུ་གཉིས་པར་བལྟས་རྗེས། གུང་ཁྲན་ཏང་མི་དང་ཆགས་ཟིན་པའི་བཟོ་པའི་སྲིད་ཏང་གི་འབྲེལ་བར་རྒྱུས་ལོན་བྱེད་ཐུབ། དེར་བརྟེན་ཁོ་ཚོ་དང་དབྱིན་ཇིའི་ཁྲིམས་ལུགས་ཕྱོགས་ཁག་དང་མེ་གླིང་བྱང་མའི་ས་ཞིང་བཅོས་སྒྱུར་ཕྱོགས་ཁག47གི་འབྲེལ་བར་ཡང་རྒྱུས་ལོན་ཐུབ་པ་ཡིན།

གུང་ཁྲན་ཏང་མིས་བཟོ་པ་གྲལ་རིམ་གྱི་ཉེ་ཆར་གྱི་དམིགས་ཡུལ་དང་ཁེ་ཕན་གྱི་ཆེད་དུ་འཐབ་རྩོད་བྱེད། ཡིན་ནའང་ཁོ་ཚོས་དུས་མཚུངས་སུ་ཉེ་ཆར་གྱི་ལས་འགུལ་ཁྲོད་དུ་ལས་འགུལ་གྱི་འབྱུང་འགྱུར་མཚོན་པ་རེད། ཧྥ་རན་སི་རུ། གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཏང་དང་མཉམ་འབྲེལ་བྱས་ནས་བག་འཁུམ་དང་དྲག་སྐྱོད་ཀྱི་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱས། ཡིན་ནའང་དེའི་རྐྱེན་གྱིས་གསར་བརྗེའི་སྲོལ་རྒྱུན་ཁྲོད་རྒྱུན་འཛིན་བྱུང་བའི་སྟོང་བཤད་དང་སྟོང་བསམ་ལ་དགག་པ་རྒྱག་པའི་རྣམ་འགྱུར་འཛིན་པའི་དབང་ཆ་དེ་འདོར་མི་སྲིད།

སུའེ་ཙེར་རུ། གུང་ཁྲན་ཏང་མིས་དྲག་སྐྱོད་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱས། ཡིན་ནའང་སྲིད་ཏང་དེ་ནི་ཕན་ཚུན་འགལ་བ་ཡོད་མཁན་ལས་གྲུབ་པ་ཞིག་ཡིན་མོད་དེར་སྣང་མེད་མི་བྱེད་དེ། དེའི་ཁྲོད་ཁག་ཅིག་ནི་ཧྥ་རན་སི་ལྟ་བུའི་དམངས་གཙོ་སྤྱི་ཚོགས་རིང་ལུགས་པ་ཡིན་པ་དང་། ཁག་ཅིག་ནི་དྲག་སྐྱོད་ཀྱི་འབྱོར་ལྡན་པ་ཡིན།

ཕོ་ལན་མིའི་ནང་དུ། གུང་ཁྲན་ཏང་མིས་ས་ཞིང་གསར་བརྗེ་བྱེད་པ་དེ་མི་རིགས་བཅིངས་འགྲོལ་གཏོང་བའི་ཆ་རྐྱེན་དུ་བརྩི་བའི་སྲིད་ཏང་སྟེ། 1846ལོར་ཁི་ལ་ཁི་ཧྥུའི་འོས་ལངས་བྱས་མྱོང་མཁན་གྱི་སྲིད་ཏང་ལ་རྒྱབ་སྐྱོར་བྱེད།

འཇར་མན་དུ། འབྱོར་ལྡན་གྲལ་རིམ་གྱིས་གསར་བརྗེའི་བྱ་སྤྱོད་སྤེལ་བ་ཡིན་ན། གུང་ཁྲན་ཏང་གིས་དེ་དང་མཉམ་དུ་རྒྱལ་པོའི་སྲིད་དབང་སྒེར་གཅོད་དང་། བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས། འབྱོར་ལྡན་གྲལ་རིམ་ཆུང་བ་བཅས་ལ་ངོ་རྒོལ་བྱེད།

ཡིན་ནའང་། གུང་ཁྲན་ཏང་གིས་བཟོ་པར་སློབ་གསོ་གཏོང་བར་སྣང་མེད་སྐར་ཆ་ཙམ་ཡང་མི་བྱེད་པར། ཁོ་ཚོས་འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་གཉིས་ཕན་ཚུན་དགྲ་རུ་འཛིན་པའི་འགལ་ཟླ་དེར་ངོས་འཛིན་གསལ་བོ་ཡོང་གང་ཐུབ་བྱས་ཏེ། འཇར་མན་གྱི་བཟོ་པས་འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་དེས་ཁྱེར་ཡོང་ངེས་ཡིན་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཆ་རྐྱེན་ལམ་སང་བེད་སྤྱད་ནས་འབྱོར་ལྡན་གྲལ་རིམ་ལ་ངོ་རྒོལ་བྱེད་པའི་མཚོན་ཆར་སྒྱུར་ཐབས་བྱེད་པ་དང་། འཇར་མན་གྱི་ལོག་སྤྱོད་གྲལ་རིམ་མགོ་རྟིང་བསློགས་རྗེས་འཕྲལ་དུ་འབྱོར་ལྡན་གྲལ་རིམ་དེ་ཉིད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་མགོ་རྩོམ།

གུང་ཁྲན་ཏང་མིས་རང་ཉིད་ཀྱི་དོ་སྣང་བྱེད་ཡུལ་གཙོ་བོར་འཇར་མན་བྱས་ཡོད། རྒྱུ་མཚན་ནི་འཇར་མན་ད་ལྟ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཡི་སྔ་ནུབ་ཏུ་གནས་ཡོད་པ་དང་། རྒྱུ་མཚན་ནི་དུས་རབས་བཅུ་བདུན་པའི་དབྱིན་ཇི་དང་དུས་རབས་བཅོ་བརྒྱད་པའི་ཧྥ་རན་སི་དང་ཕན་ཚུན་བསྡུར་ན། འཇར་མན་གྱིས་ཡོ་རོབ་གླིང་ཧྲིལ་པོའི་ཤེས་དཔལ་ཡར་རྒྱས་སྔར་ལས་ལྷག་པ་བྱུང་ཡོད་པའི་ཆ་རྐྱེན་འོག རང་ལ་ཡོད་པའི་འཕེལ་རྒྱས་ཆེ་བའི་འབྱོར་མེད་གྲལ་རིམ་ལ་སྒྱུར་བཅོས་དེ་མངོན་འགྱུར་བྱེད་དུ་འཇུག་སྲིད། དེའི་ཕྱིར་འཇར་མན་གྱི་འབྱོར་ལྡན་གྲལ་རིམ་གསར་བརྗེ་དེ་འབྱོར་མེད་གྲལ་རིམ་གསར་བརྗེ་ཡི་ཐད་ཀའི་མགོ་རྩོམ་ཡོལ་བ་ཡིན།

མདོར་བསྡུས་ན། གུང་ཁྲན་ཏང་མིས་ག་ས་གང་དུ་ད་ཡོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་གསར་བརྗེའི་ལས་འགུལ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

ལས་འགུལ་འདི་དག་ཚང་མའི་ཁྲོད། ཁོ་ཚོས་དབང་བའི་ལམ་ལུགས་ཀྱི་གནད་དོན་ནི་ལས་འགུལ་གྱི་གཞི་རྩའི་གནད་དོན་ཡིན་པར་ནན་བཤད་བྱས་ནས། གནད་དོན་དེའི་འཕེལ་རྒྱས་བྱུང་ཚད་ག་འདྲ་ཡིན་པར་ཁ་ཡ་མི་བྱེད།

མཇུག་མཐར། གུང་ཁྲན་ཏང་མིས་ག་ས་གང་ནས་ཧུར་བརྩོན་ཆེན་པོས་འཛམ་གླིང་ཡོངས་ཀྱི་དམངས་གཙོ་སྲིད་ཏང་བར་མཐུན་སྒྲིལ་དང་མཐུན་སྦྱོར་ཡོང་བར་བརྩོན་བཞིན་ཡོད།

གུང་ཁྲན་ཏང་མིས་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་དོན་སྦ་གསང་མི་བྱེད། ཁོ་ཚོས་མངོན་གསལ་སྒོས་ཁྱབ་བསྒྲགས་བྱས་པ་ནི། ཁོ་ཚོའི་དམིགས་ཡུལ་ནི་དྲག་ཤུགས་ལ་བརྟེན་ནས་ད་ཡོད་ཀྱི་སྤྱི་ཚོགས་ལམ་ལུགས་ཡོངས་རྫོགས་མགོ་རྟིང་བསློགས་ན་ད་གཟོད་འགྲུབ་ཐུབ་པ་ཡིན། དབང་སྒྱུར་གྲལ་རིམ་རྣམས་གུང་ཁྲན་རིང་ལུགས་ཀྱི་གསར་བརྗེའི་མདུན་དུ་དངངས་འདར་བྱོས་ཤིག  འབྱོར་མེད་པས་གསར་བརྗེ་འདིའི་ནང་དུ་ཤོར་ཟིན་པ་ནི་ལྕགས་སྒྲོག་ཁོ་ན་ཡིན་ལ། ཁོ་ཚོར་ཐོབ་པ་ནི་འཛམ་གླིང་ཧྲིལ་པོ་ཡིན།



མཉམ་སྤྱོད།