དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གི་གསུང་བཤད་ནང་གི་སྙན་ཚིག་བོད་འགྱུར་མ་བཞུགས་སོ། །

2024-08-15 16:49:16   |   212

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


དམག་མི་ཁྲི་སྟོང་ཐོབ་སླ་ཡང་།། དམག་དཔོན་འཇོན་པོ་རྙེད་པར་དཀའ།།

ཕུགས་ལ་གཏད་པའི་བློར།། རིང་བའི་མཐའ་དང་བྲལ།། རི་རབ་རྒྱ་མཚོས་ཀྱང་།། གཅོད་པར་མི་ནུས་སོ།། ཕུགས་ལ་ཕྱོགས་པའི་བློས།། མི་ཐུབ་དཀའ་བ་མེད།། དམག་ཧྲག་གོ་ཧྲག་གིས།། ཟློག་པར་མི་ནུས་སོ།། 

ལམ་ཐག་རིང་ཡང་ཕུགས་བསམ་ལྡན་པ་ན།། རི་རབ་རྒྱ་མཚོས་ཀྱང་ནི་འགོག་མི་ནུས།། ཕུགས་བསམ་ཅན་གྱིས་མི་འགྲུབ་བྱ་བ་མེད།། དམག་ཧྲག་གོ་ཧྲག་གིས་ཀྱང་འགོག་མི་ཐུབ།། 

བརྟག་དཔྱད་ཞིབ་འཇུག་ཤོག་བུས་བཅད།། སྲིད་ཇུས་ལག་བསྟར་རི་བོས་བཅད།།

རྒྱུ་སྐར་རྒྱུ་བ་གཡོ་གཟུར་མེད་པ་བཞིན།། དམ་པས་ནམ་ཡང་རང་སྟོབས་བསྐྱེད་པར་བྱ།། 

སྐྱེ་བོ་བློ་ལྡན་ཡིན་ཕྱིན་འཇིག་རྟེན་ཆོས་ཉིད་ལ་བསྟུན་ནས་འབད་པས་འབུངས།།

རང་གི་རྒན་ལ་བཀུར་བ་བཞིན།། གཞན་གྱི་རྒན་རབས་བཀུར་བར་བྱ།།  

རང་གི་བུ་ལ་བྱམས་པ་བཞིན།། གཞན་གྱི་བུ་ལའང་བྱམས་པར་བྱ།། 

མེ་ཏོག་སྣ་གཅིག་བཞད་ན་དཔྱིད་ཀ་མིན།། མེ་ཏོག་མཉམ་བཞད་དཔྱིད་དཔལ་ཡོངས་སུ་ཁེངས།། 

 མེ་ཏོག་སྣ་གཅིག་བཞད་པས་དཔྱིད་མི་འཆར།། མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་དཔལ་འབར།། 

སྤུན་མཆེད་ཕན་ཚུན་ཡག་རེ་བྱེད།། ཁྱིམ་མཚེས་ཕན་ཚུན་ཡག་རེ་བྱེད།།  

གཉེན་ཉེ་བརྩེ་བའི་རེ་སྨོན།། ཁྱིམ་མཚེས་འཆམ་པའི་རེ་སྨོན།། 

རྩྭ་ཡི་སྐྱེ་སྟོབས་རླུང་ཤུགས་ཆེན་པོས་ཤེས།། གསེར་གྱི་བཟང་ངན་མེ་དཔུང་དྲག་པོས་འབྱེད།།

ཁེ་ཕན་ཕྲན་བུས་སེམས་མི་བསླུ།། ཚོན་མདངས་སྣ་ལྔས་མིག་མི་འཁྲུལ།། 

གང་ཞིག་རང་གི་མི་འདོད་པ།། དེ་ཉིད་གཞན་ལ་སྤྱད་མི་བྱ།། 

རང་གིས་མི་འདོད་བྱ་བ་དེ།། གཞན་ལ་སྒྲུབ་ཏུ་འཇུག་མི་རུང་།། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག། དོན་དམ་གྱིས་རྒྱལ་ཁབ་དར།། 

ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ།། དེ་བས་ཆུ་གཏེར་ཞེས་སུ་གྲགས།། 

ལྷམ་གོག་རན་མིན་རྐང་པས་ཤེས། 

འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་ཡིན། 

 འགྲུལ་གནས་སྒོ་མཐོང་དུས་ལམ་ཕྱེད་ཙམ། 

 ལེ་དབར་བརྒྱ་ཡི་བཤུལ་ལམ་ལས།། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ།། 

ལེགས་གྲུབ་འབྱུང་ཉེར་དཀའ་ངལ་ལྷག་པར་ཆེ། 

 ལེ་དབར་བརྒྱ་བསྐྱོད་ན་དགུ་བཅུ་ལམ་ཕྱེད་ཡིན།  

རྒྱལ་ཁབ་ཆེན་པོ་སྐྱོང་བ་ལ།། ཉ་ཕྲུག་གདུས་བཞིན་གཟབ་ནན་དགོས།། 

རྒྱལ་ཁབ་ཆེན་པོ་སྐྱོང་ལུགས་ནི།། ཉ་ཆུང་གཡོས་སྦྱོར་བྱེད་པ་འདྲ།། 

འཐུ་མཁན་མང་ན་བུད་ཤིང་མང་།། བུད་ཤིང་མང་ན་མེ་ལྕེ་མཐོ།། 

རང་ཕྱོགས་རི་ལྟར་གཡོ་མེད་གནས། 

བསམ་དོན་འགྲུབ་དུས་དགའ་བདེའི་དཔལ་ལ་རོལ།

ཆང་དེ་རིང་ཡོད་ན་དེ་རིང་འཐུང་། 

བྲེལ་བའི་ཁྲོད་དུ་ལྷོད་པའི་དུས་ཤིག་འཚོལ། 

བྲེལ་བའི་བར་གསེང་བཙལ་ནས་ལུས་སེམས་གསོ།  

གཞོམ་གཞིག་བྲལ་བ་རྡོ་རྗེའི་ལུས།

མི་འགྱུར་རྡོ་རྗེའི་སྐུ།  

དཔོན་པོ་ལས་ལ་གཡོལ་ན་ཞབས་འདྲེན་ཡིན།  

འགན་ལས་གཡོལ་བ་དཔོན་གྱི་ངོ་ཚ་ཡིན། 

སྒེར་སེམས་མེད་ན་གནམ་ས་ཡངས། 

དམངས་སེམས་ལ་བསྟུན་ན་ཆབ་སྲིད་དར།། དམངས་སེམས་ལས་ལྡོག་ན་ཆབ་སྲིད་ཉམས།། 

སྦྱངས་པ་གཞུ་མོ་འདྲ་ལ་ཡོན་ཏན་མདའ་མོ་བཞིན། 

རལ་གྲི་རྣོན་པོའི་ངར་ཁ་བརྡར་ལས་བྱུང་།། དཔྱིད་མགོའི་མེ་ཏོག་དྲི་བསུང་གྲང་བས་གསོས།། 

དགེ་བ་ལ་མོ་རྒྱག་པ་འདྲ།། སྡིག་པ་རྦབ་རྒོད་ཉིལ་བ་འདྲ།། 

སྤྱི་ཁོག་ལས་སྒོ་མ་ཟིན་པས།། བྱེ་བྲག་ལས་ཀྱང་འཇོན་མི་ནུས།། 

ཕྱོགས་ཡོངས་བསམ་ཤེས་མེད་པའི་མིས།། ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ།། 

ཁྱད་འཕགས་ལས་ནི་འགྲུབ་པ་ཀུན།། ཁྱད་འཕགས་སྐྱེས་བུའི་བསྐོས་ཐང་ཡིན།། 

བྱས་རྗེས་རླབས་ཆེན་འཇོག་དགོས་ན།། འཇོན་ཐང་ཅན་གྱི་སྐྱེས་བུ་དགོས།། 

ལྷ་ཁྱོད་སླར་ཡང་ཐུགས་སྐྱེད་ཅིག། སྣ་མང་མཁས་པ་ཅི་དགར་སྩོལ།། 

འཇིག་རྟེན་བྱེད་པོས་སྙིང་སྟོབས་ཆེར་སྐྱེད་ཀྱིས།། ཤེས་ལྡན་མི་སྣ་ཅི་རིགས་གཏོང་བར་བསྐུལ།།

སྦྱང་བ་མེད་ན་ཡོན་ཏན་མི་རྒྱས།། བརྩོན་པ་མེད་ན་ཤེས་མཐའ་མི་ཆོད།། 

དགེ་བའི་ཕྱི་རྗེས་འབྲངས།། སྡིག་གི་རྔ་མ་གཅོད།། 

ཀུན་ནས་སློབ་པར་བྱེད། ཕྲ་བར་རྩད་ཅིང་དྲིས། ནན་གྱིས་མནོ་བསམ་ཐོངས། དོན་རྣམས་རྣམ་པར་དབྱེ། ལག་ལེན་གཟབ་ནན་བསྟར། 

རྒྱ་ཆེར་ཐོས་པ་ན། རྟོག་ཅིང་འདྲི་བར་བྱ། ཞིབ་ཏུ་བསམ་པར་བྱ། གསལ་པོར་འབྱེད་པར་བྱ། ཉམས་སུ་ལེན་པར་བྱ། 

བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་བྱ།། ངན་པ་མཐོང་ན་རང་ཉིད་བརྟག་བར་བྱ།། 

དཀའ་བ་མ་སྤྱད་གནའ་དེང་དཔའ་བོ་མེད།། ལང་ཤོར་བུ་ལ་སྐྱེས་ཆེན་དམ་པ་དཀོན།།  

གཞོན་དུས་ཚེ་གང་དོན་ལ་འབུངས།། སྐད་ཅིག་ཙམ་ཡང་མ་གཡེང་མཛོད།། 

ཆུང་བའི་དུས་ནས་ཚེ་གཅིག་དོན་ལ་འབུངས།། དུས་ཀྱི་ཡུན་ནི་སོར་གང་བརླག་མི་བྱ།། 

གཡང་ཊི་མ་བརྐོས་ན།། ཡོལ་གོར་ཇི་ལྟར་འགྱུར།། མི་ཡིས་མ་སྦྱངས་ན།། བདེན་དོན་ག་ལ་ཤེས།། 

བདེ་བའི་དུས་སུ་ཉེན་ཟོན། འཚོ་བའི་དུས་སུ་འཇིག་ཟོན། ལྷིང་འཇགས་དུས་སུ་ཟིང་ཟོན།


མཉམ་སྤྱོད།