དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གཉིས། ལུས་ཕུང་གི་སྐོར།

2022-11-17 13:24:04   |   751

ཁང་གཞིའི་ལུ་གུ་ལྡིང་གཞིའི།

ཅི་ཁེད།   ལན་ནི་སོ།

རི་ཕར་རྒྱབ་ཀྱི་འཇག་མ་ཁེར་སྐྱེས།

ཅི་ཁེད།   ལན་ནི་རལ་བ།

རི་ཕར་རྒྱབ་ཀྱི་ཁྲོ་ཆག་ཁ་ཡས།

ཅི་ཁེད།   ལན་ནི་རྣ།

ཆུ་ཁུང་ནང་གི་གཟི་རིལ།

ཅི་ཁེད།   ལན་ནི་མིག

དམར་ཆེན་གཏོར་མ་དུང་གི་འདབ་མ་ཅན།

ཅི་ཁེད།   ལན་ནི་སྙིང་།

རི་མགོ་གཅིག་ལ་འཕྱི་ཁུང་བདུན།

ཅི་ཁེད།   ལན་ནི་མགོ

ཐང་ནག་དཀྱིལ་གྱི་གཡུ་རྡོ།

ཅི་ཁེད།   ལན་ནི་མཁྲིས་པ།            

དོམ་ཐག་འཕྲེད་ལ་ཉལ་འདྲ་བོ།

ཅི་ཁེད།    ལན་ནི་རྫི་མ། 

འགུག་མཁས་སྔ་རུ་བཀུག་འདྲ་བོ།

ཅི་ཁེད།    ལན་ནི་མ་ནེ།

མདུད་མཁས་མདུད་པ་བརྒྱབ་འདྲ་བོ།

ཅི་ཁེད།   ལན་ནི་ཨོལ་མདུད།

ཕ་བོང་སྔོ་ལྡང་ཀྱལ་ཏའི་ཡུ་བ་ཅན།

ཅི་ཁེད།   ལན་ནི་མིད་ཐག

ནགས་འདབས་གླ་བོ་ཁེར་ཉལ།

ཅི་ཁེད།   ལན་ནི་རྣ།

སྤོ་ཐོ་གཅིག་ལ་འཐེན་ཐག་བརྒྱ།

ཅི་ཁེད།   ལན་ནི་མགོའི་ལན་བུ།

ནགས་ཀྱི་གླ་བོ་མགོ་འཁོར།

ཅི་ཁེད།   ལན་ནི་ཤིག

འཁོར་ལོ་དྲུག་རྩེག་དུང་གི་སྲོག་ཐུར་ཅན།

ཅི་ཁེད།   ལན་ནི་སྐེ་ཚིགས།

ཁང་གཞིའི་ལུ་གུ་གྲལ་སྒྲིག

ཅི་ཁེད།   ལན་ནི་སོ།

བཙན་གྱི་ཨ་ལོང་སྟོང་འཁྱིལ།

ཅི་ཁེད།   ལན་ནི་ཨོལ་སྐྱོགས།

གཡག་ཁྲ་རིལ་རྩིད་པའི་རྭ་ཅོ་ཅན།

ཅི་ཁེད།   ལན་ནི་མིག་དང་རྫི་མ།

ཁང་རྒན་ནང་གི་གླང་དམར།

ཅི་ཁེད།   ལན་ནི་ལྕེ།

ཁང་པ་གཉིས་ལ་གདུང་མ་གཅིག

ཅི་ཁེད།   ལན་ནི་སྣ།

རི་བུམ་པ་འདྲ་བ་ཞིག་ལ་ཁ་མིག་བདུན།

ཅི་ཁེད།   ལན་ནི་མགོ

ངོ་མི་ཐུག་ཁྱིམ་མཚེས་རིག་འདྲ་གཉིས།

ཅི་ཁེད།   ལན་ནི་རྣ་བ།

ངོ་མི་ཐུག་ཁྱིམ་མཚེས་གཉིས།

ཅི་ཁེད།   ལན་ནི་རྣ་གཉིས།

ཕྱིང་དཀར་ཁུགས་ཀྱི་ཁྱི་ཉལ་མ།

ཅི་ཁེད།   ལན་ནི་མཁལ་མ།

བྲག་ཁ་ནས་མི་ལྷུང་བའི་གླ་བོ་ཁེར་ཉལ།

ཅི་ཁེད།   ལན་ནི་རྣ་འབྱོག

སྐྱ་ཀ་ཁྲ་མོ་ཁུང་ལ་འཛུལ། རྔ་སྒྲོ་ལེབ་མོས་ཁུང་ཁ་བཅད།

ཅི་ཁེད།   ལན་ནི་མིག་བཙུམ་པ།

ཐང་དཀར་རྒོད་པོ་ཚང་ན་ཉལ། རྔ་སྒྲོ་རྒྱ་ནག་ཡུལ་དུ་བསྲིངས།

ཅི་ཁེད།   ལན་ནི་ཀླད་པ་དང་སྒལ་རྣག

རི་ཐོ་ཐོ་ཞིག་ལ། བུ་ག་བདུན་ཐོ་ཞིག།

ཅི་ཁེད།   ལན་ནི་མགོ

རྩ་བ་གཅིག་ལ་རྩེ་མོ་ལྔ། རྩེ་མོ་ལྔ་ལ་ལྷན་པ་ལྔ།

ཅི་ཁེད།   ལན་ནི་སེན་མོ།

མི་སྐྱ་སུམ་ཅུ་ཚོགས་ལ་འཚོགས། བན་དེ་དམར་རིལ་ཇ་འདྲེན་བྱེད།

ཅི་ཁེད།   ལན་ནི་སོ་དང་ལྕེ།

རི་སེར་ལ་ཡག་གི་ཐོང་འོག་ན།བྱེའུ་ཁྲ་རིལ་གཉིས་ཀྱི་ཚང་ཞིག་ཡོད།

ཅི་ཁེད།   ལན་ནི་མིག་གཉིས།

ཐང་སྨུག་ཐང་ལ་འཐེན་འདྲ་བོ། ཐང་ནག་ཐང་ལ་བབས་འདྲ་བོ།

ཅི་ཁེད།   ལན་ནི་མཆིན་པ།

ཁྱི་མོ་དམར་མོ་ཚང་ན་ཉལ། གཡང་དཀར་སུམ་ཅུས་མཐའ་ནས་བསྐོར།

ཅི་ཁེད།   ལན་ནི་ལྕེ་དང་སོ།

བླ་མ་སྨུག་རིས་མ། དཀར་པོ་གུར་ན་བཞུགས།

ཅི་ཁེད།   ལན་ནི་སྙིང་། 

བརྒྱ་ལུག་རྡང་ལ་བསྟར་འདྲ་བོ། ཟས་ཞིམ་པོའི་སྟེང་ལ་མཆོང་རྒྱུག་བྱེད།

ཅི་ཁེད།   ལན་ནི་སོ།

ཐང་དཀར་རྒོད་པོ་ཚང་ན་ཉལ། རྔ་སྒྲོ་རྒྱ་ནག་ཡུལ་ལ་བསྲིངས།

ཅི་ཁེད།   ལན་ནི་ཀླད་པ་དང་སྒལ་ནག

ཐུག་ཐལ་ཐུག་ཐལ་ཟེར་ན་མི་ཐུག མི་ཐུག་མི་ཐུག་ཟེར་ན་ཐུག

ཅི་ཁེད།   ལན་ནི་ཁ་ཤ་གཉིས།

དོམ་ནག་གཡས་ཉལ་གཡོན་ཉལ། ཉལ་ས་ཐོད་པའི་སྟེང་རེད།

ཅི་ཁེད།   ལན་ནི་སྨིན་མ།

མནན་ན་མཐེབ་གང་། མངགས་ན་རི་གང་།

ཅི་ཁེད།   ལན་ནི་མིག

ཕྱི་ཁྲ་ནང་ཁྲ་ཁྲ་རིས་མ། ནང་གི་སྒོ་ང་ནག་རིས་མ།

ཅི་ཁེད།   ལན་ནི་མིག་འབྲས།

ཕྱི་འཁྱིལ་འཁྱིལ་ནང་འཁྱིལ་འཁྱིལ། ཕྱི་འཁྱིལ་ནང་འཁྱིལ་སྤུན་ཟླ་གཉིས།

ཅི་ཁེད།   ལན་ནི་རྣ་འབྱོག

མ་སེམས་ཅན་གྱི་ཕོ་བ་མདུན་ན་ཡོད། བུ་རྐང་གཅིག་གི་ཕོ་བ་རྒྱབ་ན་ཡོད།

ཅི་ཁེད།   ལན་ནི་རྐང་བའི་ཉྭ། 

ཕར་ཁ་ན་རབ་རབ། ཚུར་ཁ་ན་རབ་རབ། བར་ན་རིག་རིག།

ཅི་ཁེད།   ལན་ནི་མིག

རྨ་ཕ་རིའི་རྒོད་མ་རྐྱང་དམར་མ། དེའི་རྗེས་ན་རྟེའུ་ཆུང་ཁ་སྐྱ་ཞིག གན་སྐེ་ན་ཨ་ལོང་རྒྱན་འཁྱིལ་ཞིག

ཅི་ཁེད།   ལན་ནི་གློ་དང་། སྙེག་མ།  ཨོལ་སྐྱོགས།

དཀར་པོ་དུང་གི་ཁོག་པ་ཅན། སྐྱི་མོ་ལེབ་མོའི་གཤོག་པ་ཅན། བལ་དཀར་ཁ་ཆུའི་རྔ་མ་ཅན།

ཅི་ཁེད།   ལན་ནི་ཚང་ར།

རྒྱལ་བོ་གཅིག་ལ་བློན་པོ་བཞི། བློན་པོ་བཞི་ལ་གླ་བ་ཉི་ཤུ། གླ་བ་ཉི་ཤུར་གྲི་གུག་ཉི་ཤུ།

ཅི་ཁེད།  ལན་ནི་རྐང་ལག་བཞི་དང་རྐང་ལག་གཉིས་ཀྱི་མཛུབ་མོ་ཉི་ཤུ།

ཁབ་ཀྱིས་མ་བཟོས། འབ་ཀྱིས་མ་མནན། ལྷན་པོ་ལྷ་ལྔ་ཅི་ཁེད།

ཅི་ཁེད།   ལན་ནི་སེན་མོ་ལྔ།

རྨ་ཕ་རི་རྒོད་མ་རྐྱང་དམར་མ། རྗེས་ན་རྟེའུ་ཕྲུག་ཁ་དཀར་ཞིག། མགོ་ན་ཨ་ལོང་སྟོང་ཆེ་ཞིག།

ཅི་ཁེད།   ལན་ནི་གློ།   སྙིང་།   མྱིད་ཐག

ཨ་ཁུ་ཚང་ལ་རྒོད་མ་བཅུ་གཉིས་ཡོད། རྒོད་མ་སྐམ་པ་གཉིས། ལྷུ་ཆེན་ལྷུ་ཆུང་བཅུ་གཉིས།

ཅི་ཁེད།   ལན་ནི་དཔྱི་མགོ་གཉིས།  སོག་པ་གཉིས།  རྟེའུ་བརྒྱད།

ཨ་གར་ལྗོན་ཤིང་སྡོང་བོ་ལ། ཡར་ལ་ཟུག་པའི་ཡལ་ག་ལྔ། ཡལ་ག་ལྔ་ལ་ཞྭ་མོ་ལྔ།

ཅི་ཁེད།   ལན་ནི་ལག་པ།

རྒོད་མ་དམར་མོ་མ། རྟེའུ་རྡུགས་ནག་རིས་མ། སྲབ་མདའ་གཅུ་རིས་མ།

ཅི་ཁེད།   ལན་ནི་གློ་བ་དང་སྙིང་།  ཨོལ་བ།

རི་གཅིག་གི་གཡས་གཡོན་ན། རུ་རིག་འདྲ་ཁྱིམ་མཚེས་གཉིས། སྐད་གོ་ཡང་ངོ་མི་ཐུག།

ཅི་ཁེད།   ལན་ནི་རྣ་འབྱོག

རི་བོའི་སྒང་ན་ནགས་ཚལ་ཞིག། ནགས་ཚལ་འདབས་ན་ཆུ་མིག་གཉིས། ཆུ་མིག་འདབས་ན་གདོང་ཁ་ཞིག། གདོང་ཁའི་འདབས་ན་སྒོ་ཆེན་ཞིག།

ཅི་ཁེད།   ལན་ནི།  མགོ  མིག  སྣ།  ཁ།

མཚེས་གཅིག་རི་བོའི་གཡས་ན་ཡོད། མཚེས་གཅིག་རི་བོའི་གཡོན་ན་ཡོད། ཁྱོད་ཀྱིས་གོ་ལ་ངས་ཀྱང་གོ། མི་ཚེ་གང་བོར་ངོ་མི་ཐུག།

ཅི་ཁེད། ལན་ནི་རྣ་བ།

གོས་དཀར་པོ་ཁ་ཐུར་ནག་པོ་ཅན། གོས་ཡག་གི་འདོད་ནས་ལྭ་ཞིག་བཟོས། ལྭ་ཡག་གི་འདོད་ནས་གྲལ་ཞིག་བཅོས། གྲལ་གདུང་གྲལ་གྱིག་ཀེར་ད་རུང་ཡོད།

ཅི་ཁེད།   ལན་ནི་སེན་མོ།


སྐབས་སྔོན་མ། གཅིག འབྱུང་ཁམས་ཀྱི་སྐོར།
སྐབས་རྗེས་མ། གསུམ། སྲོག་ཆགས་ཀྱི་སྐོར།
མཉམ་སྤྱོད།