དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བཞི། སྐྱེ་དངོས་ཀྱི་སྐོར།

2022-11-17 13:28:23   |   1015

བན་དེ་དམར་རིལ་ཁོག་པ་སྐྲན་རྡོ་ཅན།

ཅི་ཁེད།   ལན་ནི་སིལ་དམར།

ཝ་དམར་པོ་ཤིང་གི་རྔ་མ་ཅན།

ཅི་ཁེད།   ལན་ནི་ལ་ཙི།

མཛོ་དམར་དམར་ཁོག་པ་གསེར་གྱིས་བཀང་།

ཅི་ཁེད།   ལན་ནི་ལ་ཙི།

ཧཱ་རྡ་ཙི་གུའི་རྔ་མ་ཅན།

ཅི་ཁེད།   ལན་ནི་ལ་ཕུག

མདའ་མ་འཕང་ལུང་བ་མདེའུ་ཡིས་བཀང་།

ཅི་ཁེད།   ལན་ནི་ལ་ཕུག་སྐྱེས་པ།

ཐང་དཀྱིལ་ཞིག་ན་པདྨ་ཞིག་གིས་ལྡོག་པ་བྱེད་བཞིན་ཡོད།

ཅི་ཁེད།   ལན་ནི་མེ་ཏོག་ལྷ་རིས།

ཁབ་སྐུད་པས་མ་བཙེམ་ཁུག་མ་ལྗང་ཁུ།

ཅི་ཁེད།   ལན་ནི་སྲན་མའི་གང་བུ།

དཀར་བོ་དུང་གི་ཁོག་པ་ཅན།

གཏི་མུག་གཉིད་ཀྱི་རྔ་མ་ཅན།

ཅི་ཁེད།   ལན་ནི་ཤིང་ཏོག

རྐང་བས་སྐོམ་ཆུ་འཐུང་།

ལུས་པོས་སེམས་ཅན་གསོ།

ཅི་ཁེད།   ལན་ནི་རྩྭ།

མི་རྒན་གཡུ་ཡི་རལ་བ་ཅན།

ལུས་རྒས་ཀྱང་ཙན་དན་དྲི་མ་ཅན།

ཅི་ཁེད།   ལན་ནི་ཤུག་སྡོང་།

མཛོ་མོ་ས་འོག་ན།

སྣ་ཐིག་ས་ཁ་ན།

ཅི་ཁེད།   ལན་ནི་གྲོ་མ།

ས་འོག་སྒོ་ང་ཁ་མིག་ཅན།

ས་ཁ་གཡུ་ཡི་རལ་བ་ཅན།

ཅི་ཁེད།   ལན་ནི་ཞོག་ཁོག

ཁ་མི་གྲག་བྱིས་པ་ནག་ལྡང་ཞིག།

བགད་དང་ན་ལྕེ་ཆུང་ལྷུང་ནས་འགྲོ།

ཅི་ཁེད།   ལན་ནི་ཉི་མ་འཁོར་གྱི་འབྲས་བུ།

གུར་དཀར་བོ་གསེར་གྱི་རྩིབས་རྟ་ཅན།

ནང་ཀ་བ་གཅིག་གིས་གནམ་ལ་བཀྱགས།

ཅི་ཁེད།   ལན་ནི་ཤ་མོ།

གྲྭ་བ་བརྒྱ་ལ་གྲྭ་ཚང་བརྒྱ།

གྲྭ་ཚང་བརྒྱ་ལ་དར་ལྕོག་བརྒྱ།

ཅི་ཁེད།   ལན་ནི་འབྲུ་ཡི་སྙེ་མ།

དང་པོར་གཡག་རྒོད་སྙིང་འདྲ་འདྲ།

ཐ་མར་བན་རྒན་རོ་འདྲ་འདྲ།

ཅི་ཁེད།   ལན་ནི་ལྕུམ་རྩ།

དུང་དཀར་བོའི་ལྟེ་བ་མཐོ་གང་ས་ལ་ཟུག།

གཡུ་སྔོན་པོའི་རལ་བ་ཁྲུ་གང་གནམ་ལ་གཟེངས།

ཅི་ཁེད།   ལན་ནི་ལ་ཕུག

དྲི་ཞིམ་ལུས་ལ་འཁོར་བའི་བུ་མོ་ཡིས།

སྟག་ལྤགས་གྱོན་པའི་སྟག་ཤར་གྲོགས་སུ་འགུག

ཅི་ཁེད།   ལན་ནི་མེ་ཏོག

སྡིག་སྲིན་རིལ་མ་ས་ལ་གཏོར།

གཡུ་ལོ་རལ་བ་གནམ་ལ་འཕྱུར།

ཅི་ཁེད།   ལན་ནི་སྔོ་ཚོད།

སྣ་ཐིག་སྣ་གཅུ་ས་ཁ་ན།

བ་མོ་དམར་བོ་ས་འོག་ན།

ཅི་ཁེད།   ལན་ནི་གྲོ་མ།

ཕ་ཤིག་འདྲ་བ་ཞིག་ལ།

བུ་ལྷ་འདྲ་བ་ཞིག་ཡོད།

ཅི་ཁེད།   ལན་ནི་ལ་ཕུག

ཕྱི་དམར་དམར་བླ་མའི་ན་བཟའི་མདོག།

ནང་དཀར་དཀར་དུང་གི་ཁོག་པ་ཅན།

ཅི་ཁེད།   ལན་ནི་ལ་ཕུག

དབྱར་ཁར་རྩྭ་ཡི་སྐྱེ་བ་ལེན།

དགུན་ཁར་འབུ་ཡི་རྣམ་པ་ཅན།

ཅི་ཁེད།   ལན་ནི་དབྱར་རྩྭ་དགུན་འབུ།

བྱུ་རུའི་སྒྱེ་མོ་ནང་ལ།

གསེར་གྱི་དོང་ཙེས་བཀང་ཡོད།

ཅི་ཁེད།   ལན་ནི་ལ་ཙིའི་གང་བུ།

བུ་ཆུང་རེ་ལ་ཁང་ཆུང་རེ།

ཁང་ཆུང་རེ་ལ་དར་ལྕོག་རེ།

ཅི་ཁེད།   ལན་ནི་སྙེ་མ།

བན་དེ་ཤམ་ཐབས་དམར་བོ་ཅན།

ཁོག་པ་ཤིང་གི་གྲོད་པུ་ཅན།

ཅི་ཁེད།   ལན་ནི་ཁམ་བུ།

ཚིགས་དྲུག་སྨྱུག་མའི་རྩེ་མོ་ན།

གསེར་སེར་པོའི་བྱེའུ་ཆུང་འཕུར་ལ་ཁད།

ཅི་ཁེད།   ལན་ནི་སྙེ་མ།

ཨ་ཁུ་ཚང་གི་ཐང་དཀྱིལ་ན།

ར་ཕོ་དཀར་དྲི་འདམ་ལ་ཟུག།

ཅི་ཁེད།   ལན་ནི་ཅ་རིལ།

དཀར་པོ་དུང་གི་ནང་རྫོངས་ཅན།

གཏི་མུག་གཉིད་ཀྱི་རྔ་མ་ཅན།

ཅི་ཁེད།   ལན་ནི་ཤིང་ཏོག

མ་སྐྱེ་མ་མོའི་སྙིང་འདྲ་འདྲ།

སྐྱེས་ན་ཤ་བོའི་རྭ་འདྲ་འདྲ།

ཅི་ཁེད།   ལན་ནི་ལྕུམ་རྩྭ།

མགོ་ཡིད་བཞིན་གྱི་ནོར་བུ།

བར་གསེར་ནག་གི་གདུ་བུ།

ཞབས་བྱ་བྱིའུ་ཡི་སྡེར་མོ།

ཅི་ཁེད།   ལན་ནི་ལོ་ཏོག

བུ་མོ་ཡིན་དུས་སྔོན་པོའི་མདོག།

ཨ་ནེ་ཡིན་དུས་དམར་བོའི་མདོག།

ཨ་ཡེ་ཡིན་དུས་ནག་པོའི་མདོག།

ཅི་ཁེད།   ལན་ནི་གཡེར་མ།

དང་པོ་མེ་ཏོག་པདྨའི་སྐྱེ་ཡ།

བར་དུ་ཐང་དཀར་རྒོད་པོའི་འཕུར་ཡ།

མཐའ་མ་ཨ་བྲ་ཙི་གུའི་ཚང་རྟེན།

ཅི་ཁེད།   ལན་ནི་ཨ་ཡེ་མཛོ་མོ་རླུང་གིས་ཁུར་བ།

མགོ་རྭ་ཅན།

ལུས་འབུ་ཅན།

གོང་གསེར་ཅན།

ཅི་ཁེད།   ལན་ནི་དབྱར་རྩྭ་དགུན་འབུ།

ཁ་སྤུ་མགོ་ལ་སྐྱེས་པའི་ལྟས་ངན་པོ།

མུ་ཏིག་རུམ་གང་བསྡུས་པའི་རྒྱུ་ཆེན་པོ།

རས་ལྭ་ཐར་རྐྱང་གོན་པའི་ཅང་མེད་པོ།

ཅི་ཁེད།   ལན་ནི་མ་རྨོས་ལོ་ཏོག།

གཅིག་ལ་གཅིག་འབྱར་རྡོ་རྗེ།

གཉིས་ལ་གཉིས་འབྱར་རྡོ་རྗེ།

རྡོག་རྡོག་ཤེལ་གྱི་རྡོ་རྗེ།

ཅི་ཁེད།   ལན་ནི་སྒོག་པ།

ཆུང་བ་ང་ལས་ཆུང་ཞིག་མེད།

མང་བ་ང་ལས་མང་ཞིག་མེད།

ཕྱུགས་ཆེ་ཆུང་ཚང་མ་ང་ལ་བརྟེན།

ཅི་ཁེད།   ལན་ནི་རྩྭ།

དང་པོར་ས་ནས་ཡར་ལ་སྐྱེས་པའི་རྡོ་རྗེ་འཆང་།

བར་དུ་ན་བཟའ་དགུ་རྩེག་གྱོན་པའི་རྡོ་རྗེ་འཆང་།

ཐ་མར་ཚུལ་ཁྲིམས་ནམ་མཁར་ཁྱབ་པའི་རྡོ་རྗེ་འཆང་།

ཅི་ཁེད།   ལན་ནི་སྒོག་པ།

དང་བོ་མེ་ཏོག་པདྨའི་དོ་ཡ།

བར་དུ་ཐང་དཀར་རྒོད་པོའི་འཕུར་ཡ།

ཐ་མར་ཨ་བྲ་ཙི་གུའི་ཉལ་སྟན།

ཅི་ཁེད།   ལན་ནི་ལྡུམ་བུ་མཛོ་མོ་མགོ་དཀར།

དང་པོར་འབའ་འབའ་ལུ་གུའི་སྙིང་འདྲ་འདྲ།

བར་དུ་ཤ་བོ་རྒྱ་རྒྱའི་རྭ་འདྲ་འདྲ།

མཇུག་ཏུ་བན་རྒན་ཤི་བའི་རོ་འདྲ་འདྲ།

ཅི་ཁེད།   ལན་ནི་ལྕུམ་ཚ།

ཕྱི་དམར་དམར་བླ་མའི་ན་བཟའི་མདོག།

ནང་དཀར་དཀར་དུང་གི་རང་བཞིན་ཅན།

རྩ་ཆུང་རུང་ཟས་ཀྱི་ཡང་ཕུད་ཡིན།

ཅི་ཁེད།   ལན་ནི་གྲོ་མ།

ཕྱི་སེར་བོ་གསེར་གྱི་སྒོ་ང་ཅན།

ནང་སེར་བོ་སྒོག་པའི་ཆ་ལུགས་ཅན།

ཁར་ཟ་དུས་མུ་ཏིག་ཐང་ལ་འཐོར།

ཅི་ཁེད།   ལན་ནི་ཚ་ལུ་མ།

ཕྱི་སོག་པོའི་གུར་མོ་ཕུབ་འདྲ།

དཀྱིལ་ཀ་ཐུང་གཅིག་གིས་བཏེགས་འདྲ།

ནང་ཆོས་ཀྱི་གདན་ཁྲི་རྩིག་འདྲ།

ཅི་ཁེད།   ལན་ནི་ཤ་མོ།

ཕྱི་དཀར་བོ་གུར་ཁང་ཕུབ་འདྲ།

ནང་སེར་བོ་ཆོས་ཁྲི་རྩིག་འདྲ།

དཀྱིལ་དངུལ་གྱི་ཀ་བས་བཏེགས་འདྲ།

ཅི་ཁེད།   ལན་ནི་ཤ་མོ།

བུ་མོ་ཡིན་དུས་སྔོན་པོ།

ཨ་ནེ་ཡིན་དུས་དམར་པོ།

ཨ་ཡེ་ཡིན་དུས་སྨུག་པོ།

ཅི་ཁེད།   ལན་ནི་གཡེར་མ།

ཞབས་བྱ་ཕོ་སྡེར་མོ་ཅན།

བར་སྨྱུག་མ་ཚིགས་དྲུག་ཅན།

མགོ་ཡིད་བཞིན་ནོར་བུ་ཅན།

ཅི་ཁེད།   ལན་ནི་འབྲུ་ཡི་སྙེ་མ།

ཞེ་སྡང་སྦྲུལ་གྱི་ལུས་པོ་ཅན།

བྲེ་སེར་འབྲོང་གི་རྭ་ཁ་ཅན།

རིན་ཆེན་གསེར་གྱི་རིན་ཐང་ཅན།

ཅི་ཁེད།   ལན་ནི་དབྱར་རྩྭ་དགུན་འབུ།

བྱི་རུ་དམར་བོའི་ཕྱི་གོས་ཅན།

དཀར་བོ་དུང་གི་ཁོག་པ་ཅན།

སྔོན་པོ་གཡུ་ཡི་རལ་བ་ཅན།

ལྟས་ངན་ཙི་གུའི་རྔ་མ་ཅན།

ཅི་ཁེད།   ལན་ནི་ལ་ཕུག་དམར་བོ།

ས་འདི་ནས་མི་སྐྱེ་འཇང་ནས་སྐྱེ།

འཇང་ར་སྨུག་པོའི་ཀླད་ནས་སྐྱེ།

ཁ་ཚར་དབོ་ལེ་ཁུག་ནས་སྐྱེ།

མགོ་འཇོག་ལྡེམ་མེ་ཁུག་ནས་སྐྱེ།

ཅི་ཁེད།   ལན་ནི་ལྕུམ་རྩྭ། 

འུར་རྡོ་མ་འཕང་ལུང་བ་རྡེའུ་ཡིས་བཀང་།

ཅི་ཁེད།   ལན་ནི་སྲན་མའི་གང་བུ།



སྐབས་སྔོན་མ། གསུམ། སྲོག་ཆགས་ཀྱི་སྐོར།
སྐབས་རྗེས་མ། ལྔ། ཡོ་བྱད་ཀྱི་སྐོར།
མཉམ་སྤྱོད།