དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ལྔ། ཡོ་བྱད་ཀྱི་སྐོར།

2022-11-17 13:29:38   |   848

བྱེའུ་སྐྱ་རིལ་ལྕགས་ཀྱི་མཆུ་ཏོ་ཅན།

ཅི་ཁེད།   ལན་ནི་འབིག།

མིག་ཡས་མེད་པའི་ཆུ་འཐུང་མ།

ཅི་ཁེད།   ལན་ནི་ཐོམ་བུ།

དཀར་རིལ་ལངས་གཅིན།

ཅི་ཁེད།   ལན་ནི་ཕྱུར་སྒྱེ།

འགྲམ་ཡས་མེད་པའི་རྩྭ་གཟན།

ཅི་ཁེད།   ལན་ནི་ཟོར་བ།

མ་ལྕེབས་ཐལ་བུ་ལྡོམ་ཐལ།

ཅི་ཁེད།   ལན་ནི་ཟྭ་དང་ལྡེ་མིག

གཡུ་འབྲུག་སྔོན་མོ་ཤིང་གི་སྐེ་རགས་ཅན།

ཅི་ཁེད།   ལན་ནི་ཤིང་ཟམ།

རྒད་པོ་སྒུར་རུ་ལྕགས་ཀྱི་མཆུ་ལུ་ཅན།

ཅི་ཁེད།   ལན་ནི་ཁོལ་མོ།

ཁོག་པ་མེད་པའི་ཆུ་འཐུང་།

ཅི་ཁེད།   ལན་ནི་རྡར།

བྲག་ཐོག་སྡོང་བོ་ཁེར་སྐྱེས།

ཅི་ཁེད།   ལན་ནི་མཆིག་གི་ཡུ་བ།

ཕོ་ཡས་མེད་པའི་ཆུ་འཐུང་།

ཅི་ཁེད།   ལན་ནི་ཐོམ་བུ།

ཁང་བ་གཅིག་གི་ནང་ན་མི་བརྒྱ་ཡོད།

ཅི་ཁེད།   ལན་ནི་འབར་ཞུན།

ཉིན་ཉལ་མ་མཚན་ལངས་མ།

ཅི་ཁེད།   ལན་ནི་ནོར་རྡང་།

སྒུ་རུ་ཤུགས་ཆེན།

ཅི་ཁེད།   ལན་ནི་ཁྱགས་བཞག་པ།

བ་ཉལ་ས་མ་རྙེད་བྲག་དམར་ཐེམ་ནས་ཉལ།

ཅི་ཁེད།   ལན་ནི་ཟྭ།

ར་མ་རོག་རོག་ལྕགས་ཀྱི་རྔ་མ་ཅན།

ཅི་ཁེད།   ལན་ནི་ཁོལ་མོ།

དཔོན་མ་སོང་ལུང་བ་གཏོར་མས་བཀང་།

ཅི་ཁེད།   ལན་ནི་ཁ་ཚེར། 

རྟ་ནག་ཁེབ་ཐིག་སུམ་བརྒྱ་དྲུག་ཅུ་ཅན།

ཅི་ཁེད།   ལན་ནི་རྒྱ་མ།

ཆུ་མེད་ལུང་བ་ཟམ་གྱིས་གང་།

ཅི་ཁེད།   ལན་ནི་ཟུང་བ།

རྟ་ནག་ཁེབ་མ་དཀར་པོ་ཅན།

ཅི་ཁེད།   ལན་ནི་སྦྲ་ཐོག་ལ་ཁངས་ཆགས་པ།

འགྲོ་མི་ཤེས་མ་མོ་སུག་བཞི་མ།

ཅི་ཁེད།   ལན་ནི་ཅོག་ཙེ།

ནང་རྒྱུ་མ་མེད་པའི་རྩིབ་མ་ཀྲབ་ཀྲབ།

ཅི་ཁེད།   ལན་ནི་སླེ་བོ།

འབྲི་གཅིག་ཐག་པ་བརྒྱ་ཡིས་བཏགས།

ཅི་ཁེད།   ལན་ནི་སྦྲ།

ལུང་མདོའི་ཨ་ཡེ་ཁེར་འདུག་མ།

ཅི་ཁེད།   ལན་ནི་ཇ་དེམ།

འབར་བ་དབོ་ཟེལ་དབུགས་ཁ་ཐེ་རེ་རེ།

སེམས་ཁ་འཁྲུག་ན་སྙིང་ཁ་རྡོ་ཡིས་ནོན།

ཅི་ཁེད།   ལན་ནི་ཁོལ་མོ།

གནམ་གྱི་བྱེའུ་ཆུང་འཕུར་ལ་ཁད།

སྐེ་འགག་ལ་བཏང་ནས་འཆི་ལ་ཁད།

ཅི་ཁེད།  ལན་ནི་ཆ་རུ།

ཕར་ལ་ལྟོགས་ནས་སོང་།

ཚུར་ལ་རྒྱགས་ནས་ཡོང་།

ཅི་ཁེད།  ལན་ནི་ཆུ་ཟོ།

མགོ་ཨ་ན་ན།

རྐང་ཨ་ཆུ་ཆུ།

ཅི་ཁེད།   ལན་ནི་ཕུར་བ།

མཛོ་མོ་སྔོན་མོ་རྭ་ཡས་མ།

སྡེ་བ་གཞུང་གི་ཆས་གཟན་མ།

ཅི་ཁེད།   ལན་ནི་རང་འཐག

ཐུང་ནི་ངའི་ཐུང་ཞིག་མེད།

སྐེ་ཤུགས་ངའི་ཡན་ཞིག་མེད།

ཅི་ཁེད།   ལན་ནི་ཕུར་བ།

མཛོ་མོ་སྔོན་མོ་རྭ་ཡས་མ།

སྦྲ་མཐའ་བསྐོར་ནས་ཡུལ་ལ་ཤོག།

ཅི་ཁེད།   ལན་ནི་རྡེབ་རྡོ།

ཨ་ནེ་གཟུགས་རིང་གཟུགས་རིང་ཞིག།

གློ་ཆ་མང་བོ་མང་བོ་ཞིག།

ཅི་ཁེད།   ལན་ནི་ནོར་རྡང་།

སྨད་རྒྱ་ནག་ཡུལ་ནས་མཛོ་ཞིག་ཉོས།

མཛོ་ཚ་སྣར་བླངས་ནས་ད་རུང་ཡོད།

ཅི་ཁེད།   ལན་ནི་ཁབ།

ཆུང་ནི་ངའི་ཆུང་ཞིག་མེད།

ཐང་གི་བུ་ཆུང་ལེན་ནི་ངའི་ཡན་ཞིག་མེད།

ཅི་ཁེད།   ལན་ནི་ཡོབ་ཆེན།

མ་བཅོལ་ན་མི་འགྲོ།

བཅོལ་ས་ནས་མི་ཡོང་།

ཅི་ཁེད།   ལན་ནི་ལག་རྡོ།

ནག་པོ་ལེབ་མོ་སུལ་བརྒྱ་མ།

སུལ་བརྒྱ་མ་ཤེས་རུ་བརྒྱ་དགོས།

ཅི་ཁེད།   ལན་ནི་སྦྲ།

གྲ་བཞི་གྲུ་བཞི་སྒམ་འདྲ་འདྲ།

རྟེན་འབྲེལ་ལྟ་བུའི་མིང་དྲུག་ཡོད།

ཅི་ཁེད།   ལན་ནི་ཐེ་གེ

ང་འགྲོ་དུས་མཛོ་ཐོག།

ང་འདུག་དུས་རྡོ་ཐོག།

ཅི་ཁེད།   ལན་ནི་སྒམ།

ས་སུ་རུ་རོག་པོའི་ཁ་སྒང་ན།

རྭ་ཡོད་མེད་གཉིས་ཀ་སྐེ་རིལ་བཅུག།

ཅི་ཁེད།   ལན་ནི་ཟུང་བ།

 ཨ་མས་ཟས་མི་ཟ།

ཟ་སྐབས་སྒུལ་ན་སྐྱུག།

ཅི་ཁེད།   ལན་ནི་ལག་སྐོར།

ས་སྟོང་རྒན་པོ་ཁེར་ཉལ་དེས།

ཁ་རེ་བཙུམ་ན་གྲོག་རེ་ཡོད།

ཅི་ཁེད།   ལན་ནི་ལྕགས་རྙི།

དྲང་ནི་ངའི་དྲང་ཞིག་མེད།

རིང་ནི་ངའི་རིང་ཞིག་མེད།

ཅི་ཁེད།   ལན་ནི་ལམ།

མ་ཁ་མེད་པའི་རྩྭ་གཟན་མ།

ཡ་ཁ་མེད་པའི་ཆུ་འཐུང་མ།

ཅི་ཁེད།   ལན་ནི་སྐྲ་གྲི།

ཡུལ་ནས་འགྲོ་དུས་ལྟོགས་ནས་སོང་།

ཡུལ་ལ་ཐོན་དུས་བརྒྱགས་ནས་ཡོང་།

ཅི་ཁེད།   ལན་ནི་ཆུ་ཟོ།

ཨ་ཁུ་ཚང་གི་མཚེར་ཤུལ་ན།

བྱ་ལྕོང་ཀ་གསུམ་གྱིས་ཁ་བརྡ་བྱེད།

ཅི་ཁེད།   ལན་ནི་ཐབ་རྡོ།

ཨ་གར་ཤིང་གི་རྔ་མ་ཅན།

ནོར་ནག་རྔ་མའི་དབུ་སྐྲ་ཅན།

ཅི་ཁེད།   ལན་ནི་རྔ་ཕྱགས།

ཨོང་ཤ་རིལ་རིལ་སྟེང་ནས་འདུག་མི་ཤེས།

རྐང་ལག་བཞི་བོའི་སྟེང་ནས་འགྲོ་མི་ཤེས།

ཅི་ཁེད།   ལན་ནི་སླེ་བོ།

བྲག་གི་ར་མ་སྔོ་རིས་མ།

ལྷུང་ལ་ཁད་ལ་ལྷུང་རྒྱུ་མེད།

ཅི་ཁེད།   ལན་ནི་ཟྭ།

ཞྭ་བརྒྱ་གོན་པའི་དམག་བརྒྱ།

ཁང་བ་གཅིག་གི་ནང་ན་འདུག།

ཅི་ཁེད།   ལན་ནི་འབར་ཞུན།

བ་གླང་གྱང་རྩ་ན་ཡོད།

རྔ་མ་གྱང་ཁ་ན་ཡོད།

ཅི་ཁེད།   ལན་ནི་ཐབ་ཀ་དང་དུ་ཁུང་།

ཚེ་གང་བོར་བཙོས་ཀྱང་།

ཚེ་གང་བོར་མི་ཟ།

ཅི་ཁེད།   ལན་ནི་སླ་ངའི་ཁ་ལེབ།

མཛོ་མོ་སྔོན་མོ་རྭ་ཡས་མ།

སྡེ་བ་བརྒྱད་ཀྱི་ཆས་གཟན་མ།

ཅི་ཁེད།   ལན་ནི་ལག་སྐོར།

མཛོ་ངུར་གྱིན་ངུར་གྱིན་ཕ་ཁར་སོང་།

སྣ་ཐིག་ཆད་ནས་ཚུར་ཁར་ལུས།

ཅི་ཁེད།   ལན་ནི་འུར་ཆ།

མཛོ་མོ་ནག་རིས་འགྲམ་ཡས་མ།

ལུང་བ་དགུ་ཡི་རྩྭ་གཟན་མ།

ཅི་ཁེད།   ལན་ནི་ཟོར་བ།

གཞན་མགོ་སྡོམ་པའི་ཤེད་ཅན་པོ།

རང་མགོ་མེད་པའི་ལས་ངན་པོ།

ཅི་ཁེད།   ལན་ནི་མཐུར།

ཟ་བྱེད་ཕོ་བའི་འོག་ན་ཡོད།

གཏོང་བྱེད་རང་གི་རྒྱབ་ན་ཡོད།

ཅི་ཁེད།   ལན་ནི་ཤིང་བཟོ་ཡི་ལན།

བསྡམས་ན་སྤར་མོ་བཀང་།

བཏང་ན་ཁང་བ་བཀང་།

ཅི་ཁེད།   ལན་ནི་དཀར་མེ།

ཐང་དཀར་དཀར།

ལུག་ནག་ནག།

ཅི་ཁེད།   ལན་ནི་དཔེ་ཆ།

རྐང་ལག་ཡོད་ཀྱང་འགྲོ་མི་ཤེས།

ཨོང་ཤ་ཡོད་ཀྱང་ཙོག་མི་ཤེས།

ཅི་ཁེད།   ལན་ནི་སླེ་བོ།

རྐང་གཅིག་ལག་གཉིས་ཤིང་གི་སྡེར་མོ་ཅན།

རྒོད་པོ་འདུལ་ལ་མཁས་པའི་ཤེད་ཅན་པོ།

ཅི་ཁེད།   ལན་ནི་རྟ་སྒྲོག

རྒད་པོ་སྐྱ་ལྡང་སྒུར་ཏོ་ལྕགས་ཀྱི་མཆུ་ཏོ་ཅན།

དབུགས་ཁོག་ལ་བསྐྱིལ་ཏེ་ཁ་ནས་འབུད།

ཅི་ཁེད།   ལན་ནི་ཁོལ་མོ།

འགྲམ་ཡས་མེད་པའི་རྩྭ་གཟན་མ།

རྩྭ་ཁམ་གང་ཟོས་ན་ཁམ་གང་སྐྱུག།

ཅི་ཁེད།   ལན་ནི་ཟོར་བ།

འགྲོ་དུས་ཟུར་ནས་འགྲོ།

འདུག་དུས་ལེབ་ཀི་འདུག།

ཅི་ཁེད།   ལན་ནི་ཚོད་གཏུབ།

གད་ཐོག་ལུ་གུ་རྩེ་རྩེ།

གད་འོག་ཁངས་སྐྱ་འབབ་འབབ།

ཅི་ཁེད།   ལན་ནི་རང་འཐག

བར་སྣང་ཁམས་ནས་བྱ་ཞིག་འཕུར།

ཙན་དན་ནགས་ལ་སྤར་འབྲད་བྱེད།

ཅི་ཁེད།   ལན་ནི་སོ་མང་།

ངོས་མི་ཆེ་མི་ཆུང་ལག་མཐིལ་ཙམ།

ཕྱི་འཇིག་རྟེན་ཤོང་བའི་ངོ་མཚར་ཅན།

ཅི་ཁེད།   ལན་ནི་མེ་ལོང་།

ལྕགས་ཀྱི་བུ་ཆུང་ཀོ་ཐུམ་ཅན།

གོར་མོ་རྡོ་ལ་བློ་འདྲི་བྱེད།

ཅི་ཁེད།   ལན་ནི་མེ་ཆ།

ལྕགས་ལ་ཐུག་ན་དྲུད་འགྲོ།

མ་འདྲུད་ཟེར་ན་འཐེན་འགྲོ།

ཅི་ཁེད།   ལན་ནི་རྡོ་ཁབ་ལེན།

གོར་གོར་ཨ་མ་ཟླ་འདྲ་འདྲ།

དབང་ཆེན་རྒྱ་རྫོང་སྟག་འདྲ་འདྲ།

ཅི་ཁེད།   ལན་ནི་ཐམ་ཀ།

རྒྱལ་པོ་ནག་རིས་ཁྲི་ལ་བཞུགས།

བཟའ་མི་ཡོངས་ཀྱིས་དེ་ལ་བལྟ།

ཅི་ཁེད།   ལན་ནི་སླ་ང་།

ཕྱི་གོར་གོར་ཟླ་འདྲ་འདྲ།

ནང་གྲུ་བཞི་བྲེ་འདྲ་འདྲ།

ཅི་ཁེད།   ལན་ནི་དོང་ཙེ།

ལམ་ནས་སོང་ན་མི་དང་འདྲ།

རྒན་པ་བསྐྱོར་ན་བུ་དང་འདྲ།

ཅི་ཁེད།   ལན་ནི་ལག་རྟེན།

ལུང་མདོའི་ཨ་ནེ་ནག་རིས་མ།

ཆུ་ཀླད་ནས་འཐུངས་ཏེ་ཁ་ནས་ལྡུག།

ཅི་ཁེད།   ལན་ནི་ཇ་དེམ།

ཤིང་སྐྱ་རིས་ཤིག་གི་མགོ་ན།

བྱིའུ་སྔོ་རིས་ཤིག་བསྡད་ཡོད།

ཅི་ཁེད།   ལན་ནི་སྟ་རེ།

གཤོག་པ་བརྐྱངས་ནས་འཕུར་ལ་ཁད།

རྐང་བ་ཕྲ་བས་ཆག་ལ་ཁད།

ཅི་ཁེད།   ལན་ནི་བསིལ་གདུགས།

ཤིང་ཁང་གྲུ་བཞིའི་ནང་ན།

མགོ་རྨོག་ཞྭ་གོན་མཁན་བརྒྱ་གྲངས་ཤིག།

ཅི་ཁེད།   ལན་ནི་འབར་ཞུན།

ཆོས་འཁོར་བར་སྣང་ཁམས་ན་ཡོད།

ལྷ་བཟོ་ཆོས་འཁོར་སྟེང་ན་ཡོད།

ཅི་ཁེད།   ལན་ནི་སྡོམ་ཐག།

རྒྱ་སྟག་དམར་བོ་མཚར་གྱི་ཐིག་ལེ་ཅན།

སྲོག་ཆགས་གང་མང་ཟས་རུང་རྒྱག་རྒྱུ་མེད།

ཅི་ཁེད།   ལན་ནི་ཐབ་ཀ།

ཐང་རྩྭ་མེད་ཀྱི་རྟ་གོམ་ཅན།

ཉིན་མཚན་གཉིས་ཀ་མལ་མི་གསོ།

ཅི་ཁེད།   ལན་ནི་དུས་ཚོད།

ཀོ་ཡི་སྟག།

ལྕགས་ཀྱི་མཆུ།

ཟ་མཁན་བདུད།

ཅི་ཁེད།   ལན་ནི་ཀོ་སྒམ།

ང་སྔོན་མོ་ལེབ་ལེབ་ཁ་མང་མ།

ངས་ཆུང་ཆུང་ཐམས་ཅད་བསྐྱུར་ནས་ཡོང་།

ངས་ཆེ་ཆེ་ཐམས་ཅད་བསལ་ནས་ཡོང་།

ཅི་ཁེད།   ལན་ནི་ཚགས་མ།

སྟོད་ཕྱོགས་ས་ནས་རྟ་ཞིག་ཐོན།

གཙང་བོའི་ཁ་ནས་ཆུ་ཞིག་འཐུང་།

ཐང་ཆེན་དཀྱིལ་ནས་རྗེས་ཤིག་ཕབ།

ཅི་ཁེད།   ལན་ནི་ལྕགས་སྨྱུག

ཕྱི་ཡག་རུང་ཁོག་པ་ནག་ནག་ཅན།

ཐང་དཀར་བོར་རྒྱུ་བའི་མཆུ་འབུགས་མ།

རྗེས་ཕབ་གིན་རང་སྲོག་ཇེ་ཐུང་ཡིན།

ཅི་ཁེད།   ལན་ནི་ཞ་སྨྱུག

འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན།

རྒྱ་རྫོང་ནགས་ཀྱི་ཤིང་རྔ་ཅན།

ས་བརྐོ་རྡོ་སློག་ལས་ཀ་ཅན།

ཅི་ཁེད།   ལན་ནི་འཇོར།

ཐབ་མདོའི་ཙོག་འདུག་ནག་རིས་མ།

མགྲོན་པོ་བཀུར་བའི་ཡ་རབས་མ།

སྐོམ་པ་སེལ་བའི་དྲིན་ཆེན་མ།

ཅི་ཁེད།   ལན་ནི་ཇ་དེམ།

དོང་ཁའི་འབྲོག་མོ་ནག་ལྡང་མ།

ཀླད་ནས་བླུགས་པའི་ཆུར་མི་སྐྲག།

འོག་ནས་སྦར་བའི་མེར་མི་སྐྲག།

ཅི་ཁེད།   ལན་ནི་སླ་ང་།

ཕར་ཁ་ན་ཐག་ཐག།

ཚུར་ཁ་ན་ཐག་ཐག།

བར་ན་འོ་མཚོ་ལྟེམ་ལྟེམ།

ཅི་ཁེད།   ལན་ནི་ལ་ཙེའམ་ཕྱེ་ཚགས།

ཡ་ཁ་ཤིང་ཁ།

མ་ཁ་ལྕགས་ཁ།

ཕོ་རོག་འདུག་ས།

ཅི་ཁེད།   ལན་ནི་ཁ་ལེབ།   སླ་ང་།   ཐོམ་བུ།

རི་ཡོད་ཀྱང་ས་རྡོ་མི་མཐོང་།

ནགས་ཡོད་ཀྱང་བྱ་བྱེའུ་མི་མཐོང་།

མཚོ་ཡོད་ཀྱང་ཉ་མོ་མི་མཐོང་།

ཅི་ཁེད།   ལན་ནི་ས་ཁྲ།

ཤིང་གི་རྟ་བོ་དྲུག་ཞེང་ཅན།

ལྕགས་ཀྱི་སྒ་ཆ་ལྷུ་མང་ཅན།

ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན།

ཅི་ཁེད།   ལན་ནི་མེ་མདའ་།

ང་སྔོན་མོ་ལེབ་ལེབ་ཁ་མང་མ།

ངས་ཆུང་ཆུང་ཐམས་ཅད་བསྐྱུར་ནས་ཡོང་།

ངས་ཆེ་ཆེ་ཐམས་ཅད་བསལ་ནས་ཡོང་།

ཅི་ཁེད།   ལན་ནི་སྨྱུག་མའི་ཚགས་མ།

ཁབ་གིས་མ་བཟོས།

འབ་གིས་མ་མནན།

རིན་ཆེན་སློག་པ་འཇོ་ལོ་ལོ།

ཅི་ཁེད།   ལན་ནི་པགས་པ།  གཡང་སྤུ།

རྔ་མ་ཤིང་།

ཚིགས་མ་ལྕགས།

ཁོག་པ་དུག།

ཅི་ཁེད།   ལན་ནི་མེ་མདའ།

ཕར་རིའི་རི་དེ་ཤིང་གི་རི།

ཚུར་རིའི་རི་དེ་ཤིང་གི་རི།

བར་གདོང་ཕྲ་མོ་ལྕགས་ཀྱི་རི།

ཅི་ཁེད།   ལན་ནི་མེ་མདའ།

དང་པོ་ཚེར་མོ་ལུག་གི་སྙིང་དང་འདྲ།

བར་དུ་ཕ་ཕྱུག་བུ་མོའི་མགོ་དང་འདྲ།

ཐ་མ་བན་རྒན་ཤི་བའི་རོ་དང་འདྲ།

ཅི་ཁེད།   ལན་ནི་འོ་ཁག

ཁབ་ཀྱིས་མ་བཟོས།

འབ་ཀྱིས་མ་མནན།

སློག་པ་སྲིབ་རིང་སྐེ་རགས་གསུམ།

ཅི་ཁེད། ལན་ནི་ཟོ།

ཐོག་སྤུ་དཀར་ལོག།

ཁོག་ཤིང་སྐྱ་ལོག།

ཞབས་རྡོ་སྔོ་ལོག།

ཅི་ཁེད།   ལན་ནི་འཕང་།

རྒན་མོ་ལོ་རྒན་དྲུག་ཅུ་ཅན།

འབྲུ་འཛིན་སྣ་ལྔ་ལག་ཏུ་བཟུང་།

རལ་བའི་བཟུང་ནས་ལོ་རྩིས་རྒྱག།

ཅི་ཁེད།   ལན་ནི་རྒྱ་མ།

སྐྱེས་པ་བྲག་དམར་ཐེམས་ནས་སྐྱེས།

གཅོད་པ་སྟ་མ་སྟེའུ་ཡིས་བཅད།

འགུག་པ་ཨ་རུ་ཐང་ནས་བཀུགས།

ཅི་ཁེད།   ལན་ནི་སྣ་གཅུ།

སྟོད་རྒྱ་གར་ཡུལ་ནས་རྟ་ཞིག་ཉོས།

སྐྱེས་པའི་རིང་ལ་འཚེར་མ་མྱོང་།

འཚེར་གི་དུས་ལ་ཤི་ནི་ཡིན།

ཅི་ཁེད། ལན་ནི་དཀར་ཡོལ།

ཀོ་ལོང་ཤིང་ཡིན།

ཤིང་ལོང་ཐིག་ཡིན།

ཐིག་ལོང་རྡོ་ཡིན།

ཅི་ཁེད། ལན་ནི་སྣ་གཅུ།

སྨད་རྒྱ་ནག་ཡུལ་ནས་རྟ་ཞིག་ཉོས།

ཁ་མར་འགྲམ་ལོང་མེད་ལ་གསེར་གྱིས་བཀུག།

སྲབ་མདའ་སྲབ་སྐྱོགས་མེད་ལ་གཟི་ཡིས་བྱས།

ཅི་ཁེད།   ལན་ནི་རྒྱ་མ།

འགྲོ་དུས་མཛོ་ཐོག།

འདུག་དུས་སྤང་ཐོག།

ཤིང་ཀ་ལ་ཡག་གི་མནའ་མ།

ཅི་ཁེད།   ལན་ནི་སྦྲ།

ཤིང་གི་རྟ་ཕོ་དྲུག་ཞེང་ཅན།

ལྕགས་ཀྱི་སྒ་ཁྲ་ལྷུ་མང་ཅན།

ཟངས་ཀྱི་བུ་ཆུང་ཞེ་སྡང་ཅན།

ཅི་ཁེད།   ལན་ནི་མེ་མདའ།

ཨུ་གེ་མུ་གེ་མཆུ་རིང་མ།

ཐང་དཀར་དཀྱིལ་གྱི་རྗེས་འཐེན་མ།

རྒྱ་མཚོའི་ཞབས་ཀྱི་འདམ་ལེན་མ།

ཅི་ཁེད།   ལན་ནི་སྤུ་སྨྱུག།

ར་བ་ཨ་མ་ལྕགས་ཀྱི་མཆུ་ལུ་ཅན།

གནའ་ཤི་ད་འཆི་ཀོ་ཡི་རྣ་ལུང་ཅན།

ཤི་ཤི་ཡལ་ཡལ་ཤིང་གི་རྔ་མ་ཅན།

ཅི་ཁེད།   ལན་ནི་འཇོར།

སྐྱེས་པ་བྲག་དམར་ཐེམ་ནས་སྐྱེས།

གཅོད་པ་སྟ་མ་སྟེའུས་བཅད།

འགུགས་པ་ཕ་གིའི་ཐང་ནས་བཀུག།

བཞུགས་པ་ནོར་གྱི་གདོང་ན་བཞུགས།

ཅི་ཁེད།   ལན་ནི་སྣ་གཅུ།

གོས་ལིང་ནག་པོའི་གོན་པ་ཅན།

བྱི་རུ་དམར་བོའི་ཁ་དཀྲི་ཅན།

སྐྱི་མོ་སྐྱ་རིས་ཞྭ་མོ་ཅན།

མི་བརྒྱ་རྫོག་པའི་ཤེད་ཅན་པོ།

ཅི་ཁེད།   ལན་ནི་ཆང་རྫ།

སྙི་མོ་ཀོ་ཡི་དྲ་རས།

སྲ་མོ་ལྕགས་ཀྱི་དྲ་རས།

གོར་མོ་རྡོ་ཡི་དྲ་རས།

དེ་གསུམ་འཛོམས་ནས་ཇ་བསྐོལ།

ཅི་ཁེད།   ལན་ནི་མེ་ཆ།

ལུས་ལེབ་མོ་གླང་ཆེན་ཀོ་ལས་གྲུབ།

རྨིག་ཟླུམ་པོ་སྲ་མཁྲེགས་རྣོ་ལས་གྲུབ།

ནང་དོན་ལྔ་སྣོད་དྲུག་རྩྭ་ལས་གྲུབ།

མི་བཅུ་རེ་འཛོམ་ན་མེ་ཁ་གསོ།

ཅི་ཁེད།  ལན་ནི་མེ་ཆ།

ཤིང་ཡག་པ་ཟེར་བའི་སྤུན་གསུམ་ཡོད།

སྤུན་གཅིག་ཚ་བ་ཁ་ན་ཡོད།

སྤུན་གཅིག་བླ་མའི་མདུན་ན་ཡོད།

སྤུན་གཅིག་གཡག་གི་སྣ་ན་ཡོད།

ཅི་ཁེད།  ལན་ནི།  ཁ་ལེབ།  ཅོག་ཙེ།   སྣ་གཅུ།

བྱ་གཤོག་མེད་ལྕགས་ཀྱི་མཆུ་ཏོ་ཅན།

རྒུམ་མི་དགོས་ཆུ་ནག་འཐུང་བར་བྱེད།

འཕུར་མི་ཤེས་ལམ་ཕྲན་འཕྲེད་ཀྱིས་གཅོད།

རྗེས་ནག་པོ་ཨ་ལོང་མཐུད་མ་འདྲ།

ཅི་ཁེད།   ལན་ནི་ལྕགས་སྨྱུག

ལྷམ་འདེབས་ཀོ་ཡི་དྲ་རས།

གོར་མོ་རྡོ་ཡི་དྲ་རས།

མགར་བའི་ལྕགས་ཀྱི་དྲ་རས།

ཤིང་བཟོའི་ཐིག་གི་དྲ་རས།

ཅི་ཁེད།   ལན་ནི་མེ་ཆ།

ནག་ར་མ།

ནུ་གྱོང་མ།

ཉིན་ལངས་མ།

མཚན་ཤི་མ།

ཅི་ཁེད།   ལན་ནི་ནོར་རྡང་།

ཁ་ཀླད་པའི་གཙུག་ན་ཡོད།

ཞྭ་ཕྱི་རྟིང་མགོ་ན་ཡོད།

རྒྱུ་མ་ཕྱི་ན་ཡོད།

སྒལ་ཚིགས་ཁོག་ན་ཡོད།

ཅི་ཁེད།   ལན་ནི་འཕང་།

སྐྱེས་གཟུགས་དྲང་བའི་དཔའ་བོ་ཞིག།

ཀླད་པའི་གཙུག་ན་ཁ་ཞིག་ཡོད།

འགྲམ་པའི་ཐོག་ན་སྤུ་ཞིག་ཡོད།

རྐང་པའི་ཐོག་ན་ལྕགས་ཤིག་ཡོད།

ཅི་ཁེད།   ལན་ནི་མདའ།

མགོ་བོ་སྲིད་པའི་ཨ་ལོང་འདྲ།

རྐེད་པ་དངུལ་དཀར་མེ་ལོང་འདྲ།

རྔ་མ་སྦྲུལ་གྱི་མཇུག་མ་འདྲ།

སྟོང་གསུམ་ཀླད་ལ་བསྐོར་དུས་ན།

དུད་འགྲོ་སྲོག་གི་སྙིང་རྩ་འདར།

ཅི་ཁེད།   ལན་ནི་འུར་ཆ།

ནགས་ཀྱི་གསོམ་དཀར་ཚངས་པའི་ཐིག་འདྲ་དང་།

ལྕགས་ནག་བུ་ཆུང་ཡ་མེད་ཤེད་ཅན་པོར།

རྒྱ་བོད་གཉིས་ཀྱིས་ཡོ་མེད་ཁལ་ཞིག་བཀལ།

ཅི་ཁེད།   ལན་ནི་རྒྱ་མ།

ཕྱི་པ་ཏྲའི་རི་མོ་ཅན།

ནང་རྒྱ་གྲམ་ཕ་ཁ་ཅན།

གཙུག་བྱ་ཡི་མཆུ་ཏོ་ཅན།

ཁོག་བུ་ཆུང་འཛུལ་ས་ཅན།

ཅི་ཁེད།   ལན་ནི་ཟྭ།

ཆེ་བོ་ཁ་ཡར་འཁོར།

ཆུང་བོ་ཁ་མར་འཁོར།

འཐུང་འཐུང་ཕོ་བར་མི་འདུག།

ཅི་ཁེད།   ལན་ནི་ཁ་འཛེད།

ལུས་ལེབ་མོ་གླང་ཆེན་ཀོ་བས་གྲུབ།

སྨིག་ཟླུམ་པོ་སྲ་མཁྲེགས་རྣོ་ལས་གྲུབ།

ནང་དོན་ལྔ་སྣོད་དྲུག་རྩྭ་ལས་གྲུབ།

རྡོ་མཁྲེགས་པོར་འཕྲད་ན་གློག་ཞགས་འཕྱུར།

ཅི་ཁེད།  ལན་ནི་མེ་ཆ།

སོག་པའི་ཁ་མཐའ་ལྕགས་ཡིན།

ཕོ་བའི་ནང་རྫོང་རྩྭ་ཡིན།

སེམས་པ་ཕྲ་མོ་རྡོ་ཡིན།

ཅི་ཁེད།   ལན་ནི་མེ་ཆ།

དགུང་སྔོན་པ་ནམ་མཁའི་མཐོངས་ཡངས་ན།

བྱ་རྒོད་པོ་མིན་པའི་གཤོག་ཟུང་ཅན།

སེང་དཀར་མོ་མིན་པའི་ངར་སྐད་ཅན།

རྩྭ་ཆུ་མི་དགོས་ཤེད་ཤུགས་ཅན།

ཅི་ཁེད།   ལན་ནི་གནམ་གྲུ

མགོ་ན་སྲིད་པའི་ཨ་ལོང་འདྲ།

བར་ན་དངུལ་དཀར་མེ་ལོང་འདྲ།

རྔ་མ་མདུད་ནས་འཇག་མ་འདྲ།

སྟོན་གསུམ་རླུང་ལ་སྐོར་ཉིན་ན།

དུད་འགྲོ་སྲོག་གི་སྙིང་རྩ་འདར།

ཅི་ཁེད།   ལན་ནི་འུར་ཆ།

རུས་པ་གྲུ་བཞིའི་སྟེང་ན།

སྲོག་ཆགས་དྲུག་གི་མིང་ཡོད།

ཅི་ཁེད།   ལན་ཐེ་གེ


སྐབས་སྔོན་མ། བཞི། སྐྱེ་དངོས་ཀྱི་སྐོར།
སྐབས་རྗེས་མ། དྲུག རྒྱན་གོས་ཀྱི་སྐོར།
མཉམ་སྤྱོད།