མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དྲུག རྒྱན་གོས་ཀྱི་སྐོར།

2022-11-17 13:32:11   |   236

གོང་བ་རྔ་དང་འདྲ།

རྔ་མ་སྦྲུལ་དང་འདྲ།

ཅི་ཁེད།   ལན་ནི་རྣ་ལུང་།

གོར་མོ་ཟླ་འདྲ་འདྲ།

རྔ་མ་སྦྲུལ་འདྲ་འདྲ།

ཅི་ཁེད།   ལན་ནི་རྣ་རྒྱན།

ཉིན་དཀར་ཕོ་བ་འགྲངས་ཡོད།

མཚན་མོ་ཕོ་བ་ལྟོགས་ཡོད།

ཅི་ཁེད།   ལན་ནི་ལྷམ། 

ཨ་ཙ་ར་རྟ་ལ་མི་ཞོན།

ཞོན་བཏང་ན་ཐང་ལ་མི་འབབ།

ཅི་ཁེད།   ལན་ནི་ཞྭ། 

ལྟ་བ་ཚང་གི་རྩིབ་ལོགས་ན།

ཉན་པ་ཚང་གི་སྒོ་ལམ་ན།

བྱ་རྒོད་བྱུ་རུའི་དཔུང་བ་ཅན།

ཅི་ཁེད།   ལན་ནི་རྣ་རྒྱན། 

ཁང་བ་གཉིས་ཀར་ཆེ་ཆུང་མེད།

གཉིས་ཀའི་འགྲུལ་པ་མང་ཉུང་མེད།

ཞག་འདུག་བྱེད་མཁན་གཅིག་ཀྱང་མེད།

ཅི་ཁེད།   ལན་ནི་ལྷམ།

ཕུ་རུང་ཡོད་ཀྱང་ལག་པ་མེད།

མགྲིན་པ་ཡོད་ཀྱང་མགོ་བོ་མེད།

ཙག་དང་བསེར་བུ་དེ་ཡིས་འགོག།

ཅི་ཁེད།   ལན་ནི་ལྭ་བ།

ལྟ་བ་ཚང་གི་ཕར་ནང་ན།

ཉན་པ་ཚང་གི་སྒོ་ཁ་ན།

བྱ་རྒོད་བྱུ་རུའི་གདོང་པ་ཅན།

ཅི་ཁེད།    ལན་ནི་རྣ་ལུང་།

ལྟ་བ་ཚང་གི་ཕར་ནང་ན།

ཉན་པ་ཚང་གི་སྒོ་ཁ་ན།

གོར་གོར་གོར་མོ་ཟླ་འདྲ་འདྲ།

རྔ་མ་ལྕང་ལོ་སྦྲུལ་འདྲ་འདྲ།

ཅི་ཁེད།    ལན་ནི་རྣ་ལུང་།


མཉམ་སྤྱོད།