དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

དགུ། བཟའ་བཏུང་གི་སྐོར།

2022-11-17 13:38:08   |   1415

རྒྱ་རྒན་ཁོག་པ་འབུ་ཡིས་གང་།

ཅི་ཁེད།   ལན་ནི་ཆང་བསྙལ་བ།

ལྕགས་མཁར་སྒོ་མེད་ཀྱི་སྒོ་འབྱེད་ཤེས་རུང་རྒྱག་མི་ཤེས།

ཅི་ཁེད།   ལན་ནི་སྒོ་ང་།

གུར་དཀར་བོ་སྒོ་མེད་ཅན།

ཅི་ཁེད།   ལན་ནི་བྱ་སྒོང་།

རྟ་ར་ར་རྟ་ཕིབ་སེར་བོ་ཅན།

ཅི་ཁེད།   ལན་ནི་ཞོ།

ཟེའུ་དཀར་རིལ་ནང་གི་ཟས་ཞིམ་པོ།

ཅི་ཁེད།   ལན་ནི་རྐང་།

གུར་དཀར་པོ་ནང་གི་ཟས་རང་འགྲུབ།

ཅི་ཁེད།  ལན་ནི་རྐང་།

བུ་ངོ་ལུག་གཉེར་མ་དགུ་རྩེག་ཅན།

ཅི་ཁེད།   ལན་ནི་ཕོ་སུལ།

སྐྱ་རིལ་མས་དཀར་རིལ་མ་རུམ།

དཀར་རིལ་མས་སེར་རིལ་མ་རུམ།

ཅི་ཁེད།   ལན་ནི་བྱ་སྒོང་།

ཁ་བརྒྱའི་བུ་མོ་ཁ་འདུས་མ།

ཁ་ལ་མ་ཉན་ཁོག་ལ་བཅུག།

ཅི་ཁེད།   ལན་ནི་ཚོད་མ།

བྱ་བྱིའུ་མང་པོ་འཕུར་ནས་ཡོང་སྟེ།

བྱིའུ་ཚང་ཟངས་ངའི་ཁ་ལ་བཅོས།

ཅི་ཁེད།   ལན་ནི་གོ་རེ་རླངས་བཙོས།

ཆུ་མགོ་ནག་པོ་ལྷོག་ལྷོག་ལྷོག།

ནང་ན་གསེར་ཉ་ཐ་ར་ར།

ཅི་ཁེད།   ལན་ནི་གོ་རེ་སྣུམ་བཙོས།

ནང་ན་མཚོ་ཆུ་དམར་བོ་འཁྱིལ།

ཁ་ལ་སེར་པོ་གསེར་ཞག་ཆགས།

ཅི་ཁེད།   ལན་ནི་ཇ་ཁར་མར་འཕངས་པ།

ཤིང་གི་པ་ཏྲའི་བར་ལ།

ཁྲུང་ཁྲུང་དཀར་མོ་བབས།

ཅི་ཁེད།   ལན་ནི་ཁོ་ཚག་སྟེང་གི་ཚོད་མ།

ཕྱི་དཀར་བོ་གོས་ཀྱི་ཡང་ཐུམ་ཅན།

ནང་སེར་བོ་གསེར་གྱི་རྫོང་བ་ཅན།

ཅི་ཁེད།   ལན་ནི་གྲོད་པུ།

མཚམས་ཁང་དཀར་བོའི་ནང་ན།

མཚམས་པ་སེར་བོ་བཞུགས།

ཅི་ཁེད།   ལན་ནི་བྱ་སྒོང་།

རི་གསུམ་རྩེ་ལ་བྱ་རོག་བབས།

བྱ་དེའི་ཁོག་པ་བྱུ་རུས་བཀང་།

ཅི་ཁེད།   ལན་ནི་སླ་ངར་གྲོ་མ་བཙོས་པ།

ཕ་ཤིག་འདྲ་ཞིག་ལ།

བུ་དུང་འདྲ་ཞིག་འཁྲུངས།

ཅི་ཁེད།   ལན་ནི་ལ་ཕུག

ས་ནས་མ་བསྡད་གནམ་ནས་བསྡད།

གནམ་ནས་སྐྱིལ་དྲུང་གོར་སེ་བཅོས།

ཅི་ཁེད།   ལན་ནི་གྲོད་པུ།

ཨ་ཁུ་ཚང་བཀལ་བའི་བཀལ་ཤུལ་ན།

བག་མ་ཁྲ་རིལ་མཚེར་ན་ལུས།

ཅི་ཁེད།   ལན་ནི་ནས་ཁྲ།

མནའ་མ་གཉིས་ཀ་ན་ཟླ་ཡིན།

གོན་པ་གཉིས་ཀ་དཀར་པོ་ཡིན།

ཅི་ཁེད།   ལན་ནི་མཁལ་མ།

ཆུང་ནི་ངའི་ཆུང་ཟིག་མེད།

རྩེག་མ་ངའི་མང་ཟིག་མེད།

ཅི་ཁེད།   ལན་ནི་སྒོག་པ།

དུང་དཀར་སྒོ་མེད་ནང་གི།

དཀར་པོ་འཕྲེད་ཉལ།

ཅི་ཁེད།   ལན་ནི་རྐང་།

གོང་མ་མིན་རུང་གོང་མའི་མཚན་ཡིག་ཡོད།

འཇིག་རྟེན་མགོ་ནག་བདག་གཞན་ཀུན་ལ་མཁོ།

ཅི་ཁེད།   ལན་ནི་དངུལ་སྒོར།

དཀར་པོ་གྲོག་མའི་སྒོ་ང་འདྲ།

སྔོན་མོ་ནས་ཀྱི་ཚུགས་ཀ་འདྲ།

ཅི་ཁེད།   ལན་ནི་འབྲས།

དཔོན་རྒན་རྫ་མ་འདྲ།

རལ་བ་ལྕང་ལོ་འདྲ།

ཅི་ཁེད།   ལན་ནི་ལ་ཕུག།

འོ་མའི་མཚོ་ནང་ན།

གསེར་གྱི་དར་ཐོག་ན།

གངས་ཀྱི་རི་བོ་ཡོད།

ཅི་ཁེད།   ལན་ནི་དཀར་ཡོལ་ནང་གི་རྩམ་པ།

གུར་དཀར་པོས་གུར་ཞིག་ཕུབ་འདྲ་བོ།

ནང་ཀ་ཐུང་ཞིག་གིས་བཀྱགས་འདྲ་བོ།

ཕྱི་བསྐོར་ནས་ཆོས་སྐུ་རྩིག་འདྲ་བོ།

ཅི་ཁེད།   ལན་ནི་ཤ་མོ།

རྒྱ་ནག་ཤོ་རྡེའུ་གྲུ་བཞི་རེད།

སྡུག་གི་བང་ཁ་གང་བྱེད་རེད།

རྒན་མོའི་རྣམ་ཤེས་གསལ་བྱེད་རེད།

ཅི་ཁེད།   ལན་ནི་ཇ།

ཕྱི་དམར་དམར་བླ་མའི་ན་བཟའི་མདོག།

ནང་དཀར་དཀར་དུང་གི་ཁོག་པ་ཅན།

རྩ་ཆུང་རུང་ཟས་ཀྱི་རྒྱལ་པོ་རེད།

ཅི་ཁེད།   ལན་ནི་གྲོ་མ།

ཤ་ཁྲིའི་ཐོག་ན་ཤིང་ཁྲི་ཞིག།

ཤིང་ཁྲིའི་ནང་ན་རྒྱ་མཚོ་ཞིག།

རྒྱ་མཚོའི་ཁ་ན་མེ་ཏོག་ཅིག།

ཅི་ཁེད།   ལན་ནི་ལག་པ་དང་ཅ་ནེ། ཇ་ཁའི་མར།

གྲམ་པོ་རྡོ་རྒན་སྔོ་ལྡང་།

ཇ་རྟ་དམར་པོའི་ཡུ་ཅན།

གནམ་ས་དཀར་པོའི་ཐུམ་ཅན།

ཅི་ཁེད།   ལན་ནི་གྲོད་པུ།

ལྭ་དཀར་པོའི་ཐུལ་བ་གོན་ནོ།

མགྲོན་ཚུར་ཡོང་སྔོན་ན་འབུད་ནོ།

བུད་སོང་ན་ཕྱིར་ཡོང་མེད་ནོ།

ཅི་ཁེད།   ལན་ནི་ཚོད་མ།

དཀར་པོ་དུང་གི་རིམ་པ་ཅན།

སྔོན་པོ་གཡུ་ཡི་ཚུགས་ཀ་ཅན།

ཞེ་སྡང་སྦྲུལ་གྱི་རྔ་མ་ཅན།

ཅི་ཁེད།   ལན་ནི་ལ་ཕུག།

བཙན་གི་རྒོད་མ་རྐྱང་དམར་མ།

མགོ་ན་ཨ་ལོང་སྟོང་ཕྲག་ཟིག།

རྗེས་ན་རྟེའུ་ཆུང་ཁ་དཀར་ཟིག།

ཅི་ཁེད།  ལན་ནི་གློ་སྙིང་།

མཁལ་ཚིལ་རྩིག་རྒྱུ་ཡོད།

སྟོད་ཚིལ་བདའ་རྒྱུ་ཡོད།

ཆུ་སེར་བཙགས་རྒྱུ་ཡོད།

ཅི་ཁེད།   ལན་ནི་མར། ཆུར་བ། ཆུར་ཁུ་བཙགས་པ།

གསེར་སེར་བོའི་བྲོ་ཞིག་བཟུང་ནས།

གོས་དཀར་བོས་ལྭ་ཟིག་གོན་ནས།

ཤིང་ཀྱལ་ཏའི་ལག་རྟེན་བཟུང་ནས།

ཉལ་ཡོད་ནོ་ལག་རྡོ་འཁྲིད་ལེ།

ཅི་ཁེད།   ལན་ནི་བཙོ།  ཚིལ། མིད་ཐེག  ཕོ་སིལ།  གྲོ་པུ།

ཕུག་རོན་དཀར་བོ་ཁྱུ་ཅིག།

རྒྱ་མཚོའི་ནང་ལ་འཕུར་ཐལ།

མཚོ་རླབས་འཕྱོ་བའི་དུས་ལ།

ཚང་མ་དྲ་ཡིས་བཟུང་ཐལ།

ཅི་ཁེད།   ལན་ནི་ཆུ་ཚོད།

སྐྱེས་ས་སྒ་ང་སྒང་ངེ་ཡིན།

འདུག་ས་སྐ་ང་སྐོང་ངེ་ཡིན།

མགྲོན་པོ་ཐོན་ན་ང་བསྐོལ་དགོས།

གཏམ་གྱི་སྒོ་མོ་ངས་འབྱེད་དགོས།

ཅི་ཁེད།   ལན་ནི་ཇ།

ཁ་རྒྱུད་རྐོ་ལོ་ཁ་འདུས་མ།

མི་ལྔས་བཟུང་ནས་ཁ་རྒྱར་སྤྲད།

ཁ་རྒྱས་བཟུང་ནས་སོ་རྒྱར་སྤྲད།

སོ་རྒྱས་བཟུང་ནས་ལྕེ་རྒྱར་སྤྲད།

ལྕེ་རྒྱས་དགུ་རོང་ཁོག་ལ་བརྫངས།

ཅི་ཁེད།   ལན་ནི་ཚོད་མ།


སྐབས་སྔོན་མ། བརྒྱད། ཆོས་སྤྱོད་ཀྱི་སྐོར།
སྐབས་རྗེས་མ། བཅུ། རྩེད་ཆས་ཀྱི་སྐོར།
མཉམ་སྤྱོད།