མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2023ལོའི་ཟླ10ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བཅུ། རྩེད་ཆས་ཀྱི་སྐོར།

2022-11-17 13:39:59   |   156

ཤིང་སྡོང་གཅིག་ལ་བུ་ག་དགུ།

ཅི་ཁེད།   ལན་ནི་གླིང་བུ།

མི་གཅིག་མིག་དྲུག་སྐད་ངག་བདེ་མོ་ཅན།

ཅི་ཁེད།   ལན་ནི་གླིང་བུ།

རྐང་ལག་མེད་པའི་གནམ་ལྡིང་མ།

ཅི་ཁེད།  ལན་ནི་ལྒང་ལི།

རུས་པ་གྲུ་བཞིའི་སྟེང་ན།

སྲོག་ཆགས་དྲུག་གི་མིང་ཡོད།

ཅི་ཁེད།   ལན་ནི་ཐེ་གེ།

ཁོག་པ་དབུགས་ཀྱིས་བཀང་།

རྐང་ལག་མེད་ཀྱང་ལྡིང་།

ཅི་ཁེད།   ལན་ནི་ལྒང་ལི།

གྲུ་བཞི་མཁར་གི་ནང་ནས།

རྡེའུ་དཀར་ནག་གཉིས་ཀྱིས་གཡུལ་ཟིག་བཤམས།

ཅི་ཁེད།   ལན་ནི་བཙིར་འགྱིག 

ཁྱོད་འཕེན་གི་མདའ་བ་ཡོངས་རྫོགས་ཀྱིས།

ང་ལས་ངན་བོས་ནས་བཟང་ངན་འབྱེད།

ཅི་ཁེད།   ལན་ནི་འབེན།

ཀླད་པའི་གཙུག་ན་ཁ་ཞིག།

འགྲམ་པའི་སྟེང་ན་སྒྲོ་ཞིག།

མ་ནེ་མགོ་ན་ལྕགས་ཞིག།

ཅི་ཁེད།  ལན་ནི་མདའ་མོ།



མཉམ་སྤྱོད།