དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་ཨུའི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས།

2025-08-20 11:51:04   |   258

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། སངས་རྒྱས་སྐྱིད། ཡོང་ཁུངས། གསེར་མདོག་འཇུ་ལག་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས19ཉིན། ཀྲུང་གུང་འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་རྫོང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སྔར་བས་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། “སྔར་བས་ཚད་གཞིར་ཐོན་དགོས་པ་ལྔའི”བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་དངོས་ཀྱི་འཇུ་ལག་གི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་ཟེར།

01.jpg

ཚང་འཛོམས་གྲོས་ཚོགས་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུ་དང་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་གསུང་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་མེན་ཐུང་ཀུང་གིས་ལོ་སྟོད་ཀྱི་རྫོང་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གནང་། ཚེ་རིང་དོན་གྲུབ་དང་། ལི་ཁྲང་ཧྥེང་། ཙོའུ་ཆང་། ཐེན་ཀྲེང་ཡུས། ལོ་བརྒྱ། སུན་མེ། པའེ་ཧྲེང་ཀྲི། ཝང་ཝན་ཕིང་། ཆི་ཧུང་ཧྲེང་། ཀྲང་ཀྲི་ཆིང་བཅས་དང་རྫོང་ཨུའི་ཨུ་ཡོན་རྣམས་ཚོགས་འདུར་ཞུགས་ཡོད།

02.jpg

གྲོས་ཚོགས་ཐོག་བསྟན་དོན། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས“སྤྱོད་ཚུལ་འཛུགས་སྐྱོང”བརྗོད་གཞིར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར“དྲིན་ཤེས་པ་དང་། དུང་ཞེན་ཡོད་པ། དངོས་སྒྲུབ་ལ་སྣང་ཆེན་བྱེད་པ”བཅས་ཀྱི་སྟོན་ཕྱོགས་གསལ་བོར་བརྒྱུད་སྤྲོད་བྱས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཀྱི་ཐབས་ལམ་གསལ་བོར་བསྟན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པར“ཏན་ཏན་ཏིག་ཏིག་དང་། དམ་པ་དོན་གཉེར། དངོས་ཕན་ལས་སྒྲུབ་བཅས་བྱེད་པའི”དངོས་སྒྲུབ་བྱ་ཐབས་བཏོན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དེ“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རྒྱས་བཤད་བྱས་པ་རེད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཐད་ནས་ལྟ་བ་དང་། ཆབ་སྲིད་ཐད་ནས་བསམ་བློ་གཏོང་བ། ཆབ་སྲིད་ཐད་ནས་གོ་བ་ལེན་པ་བཅས་བྱས་ཏེ། “སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་ཏང་གི་སྣང་བརྙན་དང་སྙན་གྲགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་པ་ཡིན”པ་ངོས་འཛིན་ལེགས་པོ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་དེ་གནས་སྟངས་གལ་ཆེན་དུ་འཇོག་པ་དང་། འགན་འཁུར་དངོས་སྒྲུབ་ཁྲོད་ནས་སྤྱོད་ཚུལ་ལེགས་སྒྱུར་དང་། སྐུལ་འདེད་འཕེལ་རྒྱས་ཁྲོད་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱས་ཏེ། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འཇུ་ལག་ནས་ལག་བསྟར་དོན་འཁྱོལ་དང་གྲུབ་འབྲས་བཟང་པོ་ཐོན་པར་སྐུལ་འདེད་བྱ་དགོས་ཟེར།

03.jpg

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྱོང་གི་དུས་བབ་ལ་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གི་ཞིང་ཆེན་ཡོངས་ཀྱི་དུས་བབ་ལ་དཔྱད་བརྡར་བྱེད་པའི་ནང་དོན་ཁྲོད་ནས་འཇུ་ལག་གི་འཕེལ་རྒྱས་ཀྱི“དུས་སྐབས”དང“དུས་བབ”དང་། “ཉེན་ཁ”དང“གོ་སྐབས”ལ་ངོས་འཛིན་གསལ་བོ་བྱས་ཏེ། བསམ་ཕྱོགས་གསལ་བོར་གཏོང་བ་དང་། ཐབས་ལམ་གནད་ལ་འཁེལ་བ། གཞི་འཛིན་བརྟན་པོར་བྱེད་པ་བཅས་བྱས་ནས་འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་གསལ་བོ་མིན་པའི་ངོས་འཛིན་གཙོ་གནད་དུ་བཟུང་ནས་གསལ་བོར་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི“ངོས་འཛིན་གནད་དོན་བཞི”ཐག་གཅོད་ཡག་པོ་བྱེད་པ། “དཔོན་པོའི”སྤྱོད་ཚུལ་ངན་པ་མཐའ་གཅིག་ཏུ་དོར་བ། “བྱས་རྗེས་མེད་ཀྱང་དཀའ་ཚེགས་ཡོད”པའི་དངོས་དོན་མི་སྒྲུབ་པའི་བསམ་ཚུལ་མེད་པར་བཏང་སྟེ། དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་འགན་འཁུར་ཕོད་པ། ཕན་ནུས་དངོས་ལ་བརྟེན་ནས་འགག་སྒྲོལ་ཡོང་བ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ནང་གནས་གཏན་ཚིགས་གསལ་བོར་གཏོང་བ་དང་། “འཕེལ་རྒྱས་གཏོང་བར་ང་ཡིས་ལས་དོན་སྒྲུབ། དངོས་དོན་སྒྲུབ་པར་ང་ཡིས་བྱས་རྗེས་འཇོག་པའི”འགན་འཁྲི་འཁུར་སེམས་ཡོད་དགོས་ལ། རང་ཉིད་ལ་ཚོད་བཀག་མི་བྱེད་པ་དང་། རིམ་པ་བཞིན་བཀག་འགོག་མི་བྱེད་པ། ཁ་གཡོར་ས་དང་ཆ་རྐྱེན་མི་བཙལ་བ་བཅས་བྱས་ཏེ། “ལས་གནས་སྐབས་སུ་དངོས་དོན་སྒྲུབ་པའི”ལས་བཀུར་སྙིང་སྟོབས་ལ་བརྟེན་ནས། གཏན་འཁེལ་བྱས་པའི་བྱ་བ་དངོས་སུ་སྒྲུབ་པ་དང་། སྒྲུབ་ན་ལེགས་པོར་སྒྲུབ་པ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་གི་ལག་ལེན་དངོས་ཀྱི་གཞི་རྟེན་ཁོང་དུ་ཡང་དག་པར་ཆུད་པ་བྱས་ཏེ། “ང་ནི་འཇུ་ལག་མི་ཡིན་པ་དང་། ངས་འཇུ་ལག་ལ་ལས་དོན་ཅི་ཞིག་སྒྲུབ་དགོས་པའི”རང་བདག་སྙིང་སྟོབས་ལ་བརྟེན་ནས་རང་འཁྲིའི་ལས་འགན་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ལ་དམ་འཛིན་དང་། ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པ། ལས་ཀ་གང་ཞིག་སྒྲུབ་ན་དེར་མོས་པ་དང་། ལས་ཤེས་པའི་ཐོག་ནས་སྤྱིར་བཏང་གི་ལས་གནས་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་དངོས་འཇོག་དགོས་ཟེར།

04.jpg

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་ནི་ངེས་པར་དུ་སྒྲུབ་དགོས་པའི་ལས་དོན་ཡིན་ལ། “སེམས་དྲང་པོར་བྱེད་པ”དང“སྤྱོད་ཚུལ་དྲང་པོར་བྱེད་པ”ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་ཏུ་སྒྲིལ་བ་དང་། ཏང་གཤིས་བློ་སྦྱོང་དེ་ཆབ་སྲིད་བློ་དཀར་དང་གཞུང་ལུགས་གསལ་བོ་ཡིན་པའི་ཐོག་ནས་མཚོན་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་བའི་ལག་ལེན་དངོས་ཀྱི་ནང་མངོན་པར་བྱེད་དགོས། “རྒྱུན་འཛིན”དང“ཡུན་རིང་དམ་འཛིན་བྱེད་པ”ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི“གཏན་འགོག་བཅུ”དང“བྱ་ཐབས་དགུ།”ཁུལ་ཨུའི“གཏན་འགོག་བརྒྱད”ཀྱི་བླང་བྱ་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས། “སྤྱོད་ཚུལ་ལེགས་སྒྱུར་དང་། ནུས་པ་ཆེར་སྐྱེད། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི”སྤྱོད་ཚུལ་འཛུགས་སྐྱོང་ལོའི་ཆེད་དོན་བྱ་སྤྱོད་ལ་ཕན་འབྲས་གསར་པ་ལེན་དགོས་ལ། “སྲུང་ཐུབ་པ”དང་“བྱས་རྗེས་འཇོག་པ”གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས། སྤྱོད་གཙང་རང་གཅུན་གྱི་དམར་ཐིག་གི་མཐའ་ཚད་བརྟན་སྲུང་བྱེད་དགོས་ལ། སྒྲུབ་པ་གཙོ་བོར་འཛིན་པ་དང་། དངོས་དོན་གཞིར་བརྟེན་བྱས་ཏེ། འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཀའ་ཉེན་ལྕིའི་ལས་འགན་ལེགས་འགྲུབ་བྱེད་པའི་ཁྲོད་དུ་འགན་འཁྲི་འཁུར་བ་དང་ཧུར་བརྩོན་སྔོན་ཐོན་བྱེད་དགོས། “དོ་དམ”དང་“ཞབས་ཞུ”ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་སོང་ནས་དམངས་ཀྱི་སེམས་འདུན་ལ་ཉན་པ་དང་། དམངས་ཀྱི་སེམས་ཁུར་སེལ་བ། དམངས་ཀྱི་འདོད་བློ་སྐོང་བ་བཅས་བྱས་ཏེ། དམངས་འཚོ་དང་འབྲེལ་བ་ཡོད་པའི་ཚ་གནད་ཀྱི“དཀའ་གནད་སེལ་ཕོད་པ”དང“དཀའ་གནད་སྒྲུབ་མཁས་པ”བཅས་བྱས་ནས། མང་ཚོགས་ལ་འགྱུར་ལྡོག་མཐོང་དུ་འཇུག་པ་དང་དངོས་ཕན་ཐོབ་པར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དོན་དངོས་ཐོག་ནས་མཐོ་རུ་གཏོང་དགོས།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ད་ལོའི་ཚུན་དུ་འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཀའ་གནད་འགག་སྒྲོལ་གྱི་འགག་རྩའི་དུས་སུ། རྫོང་ཨུས་རྫོང་ཡོངས་ཀྱི་གོང་འོག་གི་སྣེ་ཁྲིད་དེ་ཞིང་ཆེན་དང་ཁུལ་ཨུ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། བརྟན་ཐོག་ཡར་རྒྱས། ཡར་རྒྱས་ཁྲོད་ལེགས་སུ་འགྲོ་བ་བཅས་ཀྱི་རྒྱུགས་འབྲས་བཟང་པོ་ཞིག་ཕུལ། ལོ་སྨད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཞིབ་ཚགས་བྱེད་པའི་ཐད་གདོང་ལེན་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ། ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལས་འགན་གལ་ཆེན་ལག་བསྟར་བྱེད་པའི་ཐད་གདོང་ལེན་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པའི་ཐད་གདོང་ལེན་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དུས་ཚིགས་གསུམ་པ་དང་བཞི་པའི་མཇུག་མཐའི་རྟིང་རྩོད་ལས་རྣམ་པར་རྒྱལ་དགོས་ལ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་བསྡུ་བ་དང་ཡང་བསྐྱར་མགོ་རྩོམ་པའི་ཕྱོགས་སུ་འབད་དགོས། སྤྱོད་ཚུལ་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་གྱི་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་། “དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཀྱི་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས“ལྗང་མདོག་ལྡན་ཚད”ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྐུལ་སློང་བྱེད་པ་དང་། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་ཕན་འབྲས་མགྱོགས་སུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་མགྱོགས་སུ་གཏོང་བ། སྒྱུར་བཅོས་ཟབ་སྤེལ་དང་འཛད་སྤྱོད་འཕེལ་རྒྱས་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ཡིག་ཐོག་ནས་ལག་ལེན་དུ་བསྟར་དགོས། སྤྱོད་ཚུལ་གྱི་དྲོད་ཁོལ་ལ་བརྟེན་ནས་མི་དམངས་བླ་ན་མེད་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཀུན་ཕན་ཞབས་ཞུ་འཐུས་ཚང་དུ་གཏོང་བ། རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བཅས་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་དེ་མངོན་འགྱུར་ཐུབ་པར་བྱེད་དགོས། སྤྱོད་ཚུལ་གྱི་ལྷག་བསམ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཏང་གི་བོད་སྐྱོང་ཇུས་ཆེན་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ། གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་གཏིང་ཟབ་གཏོད་པ་བཅས་བྱས་ཏེ་འཇུ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལྟེ་མཐུན་སྒོར་དབྱིབས་ཆེ་ཤོས”ཡག་པོ་འབྲི་དགོས། སྤྱོད་ཚུལ་ནན་པོར་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ཨུས(ཏང་ཙུའུ)ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང་། “གཙོ་འགན་འཁུར་མཁན”གྱི་འགན་འཁྲི་དང་པོ། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཆེད་དོན་འགན་འཁྲི་བཅས་རྒྱུན་མཐུད་ངང་ནན་དུ་བཏང་ནས་སྐོར་ཞིབ་སྐོར་དཔྱོད་གྲུབ་འབྲས་བེད་སྤྱོད་དང་། ཞིབ་བཤེར་དང་བཅོས་སྐྱོང་གི་ཤུགས་ཚད་ཆེ་རུ་གཏོང་དགོས། བསམ་བློའི་བློ་སྦྱོང་ཇེ་ཆེར་བཏང་སྟེ།  ལས་བྱེད་པའི་རུ་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་རྒྱ་སྐྱེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མཐོ་ཚད་གསར་པར་སླེབས་པར་བྱེད་དགོས།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔར་བས་ལེགས་པ་ལྔའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཐར་ཕྱིན་སྒྲུབ་པའི་ངེས་ཤུགས་དང་སྔར་བས་མཐར་ཕྱིན་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། “ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་སྔར་བས་ལེགས་པ་བྱེད་དགོས་པའི”བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རང་ངོས་གསར་བརྗེའི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས་སྔར་བས་རིག་པ་གསལ་པོ་དང་བྱ་སྤྱོད་ཐད་སྔར་བས་བློ་ཐག་ཆོད་པོ་ཡོང་བ་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་ཤུགས་བསྣན་ནས“ཏང་ཡོན་ལས་བྱེད་པའི་ཏང་གཤིས་སྔར་བས་ལེགས་པའི”བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དེ་ཏང་གཤིས་བརྟན་དུ་གཏོང་བའི་ལས་འགན་ཨང་དང་པོར་བརྩིས་ནས“གཞི་རིམ་དུ་སྐྱོད་པ་བཞི”ཡི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། “དམངས་ཕན་བྱ་སྤྱོད་བདུན”གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཚུལ་མིན་སྤྱོད་ངན་སྣ་ཚོགས་ལ་ངོ་རྒོལ་བྱེད་ཕོད་པ་བཅས་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་དགོས། དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།“དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་སྔར་ལས་ལེགས་པའི” བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། གསར་དུ་བསྐོ་བཞག་བྱས་པའི་ལས་བྱེད་པ་དང་། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཐོག་གི་ལས་བྱེད་པ་བཅས་ལ་རྒྱུན་ལྡན་གྱི་སློབ་གསོ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་ནན་མོ་བྱས་ནས“ལྟ་སྐུལ་ནན་མོ་སྒྲིག་ཁྲིམས་ནན་སྲུང་བྱས་པ་སྔར་ལས་ལེགས་པའི”བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནོན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འཕར་ཚད་བཀག་འགོག་དང་གསོག་འབོར་གཙང་སེལ་ཤུགས་ཆེན་བྱེད་པ། གྱོད་གཞི་ཡོད་ན་ངེས་པར་དུ་ཞིབ་བཤེར་དང་རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་པ་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྒྲིག་ལམ་ནན་སྲུང་དང་གུ་ཡངས་མེད་པའི་བརྡ་རྒྱུན་མཐུད་ངང་གཏོང་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་དུ་གཏོང་བ་དང་། “ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་སྔར་བས་དོན་འཁྱོལ་ལེགས་པོ་བྱེད་དགོས”པའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། འགན་འཁྲི་འཁུར་མཁན་གཙོ་བོ་དོན་ཐོག་ཏུ་འཁྱོལ་བ་དང་། འགན་འཁྲིའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ། དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བཅས་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

05.jpg

གྲོས་ཚོགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྤུས་ཚད་མཐོ་བའི་སྒོ་ནས་བཟོ་བ། “འཕེལ་རྒྱས་དང་། བརྟན་ལྷིང་། བདེ་འཇགས”བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པ། བདེ་འཇགས་ཀྱི་མཐའ་ཐིག་བརྟན་སྲུང་བྱེད་པ། ནུས་ཤུགས་ཡོད་རྒུས་ཞོད་དུས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་། ཞིང་ཨུའི་སྐོར་ཞིབ་བཅོས་སྒྲིག་གི་མཇུག་གི་ལས་དོན་ཡག་པོ་སྒྲུབ་སྟེ་འཇུ་ལག་གི་ལས་དོན་ཁག་ལ་རྣམ་པ་གསར་པ་མངོན་པར་འབད་པ་བྱེད་དགོས་པའི་བླང་བྱ་བཏོན།

06.jpg

གྲོས་ཚོགས་ཐོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐོབ་དཀའ་བའི་དུས་བབ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། དྲང་སྲུང་གསར་གཏོད་དང་། རྒྱུན་མཐུད་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཀྲུང་གོ་རྣམ་པའི་མཚོ་སྔོན་ལག་ལེན་གྱི་འཇུ་ལག་གི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས་པའི་འབོད་སྐུལ་བྱས།

གྲོས་ཚོགས་ཐོག་ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《རྫོང་ཡོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར》གྲོས་ཞིབ་བྱས།

རྫོང་ཨུའི་ཨུ་ཡོན་མིན་པའི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཚན་ཁག་གི་ཁོངས་མི་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི། རྫོང་སྒྲིག་ཨུའི་ཨུ་ཡོན། ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། ཡུལ་དཔོན་གྲོང་དཔོན། རྫོང་ཨུའི་སྡེ་ཚན་ཁག་དང་རྫོང་ཐད་གཏོགས་ལས་ཁུངས་ཚན་པ་ཁག་གི་ཏང་ཙུའུ(ཏང་ཨུ)དང་རྫོང་ཐད་གཏོགས་ཁེ་ལས་དང་བྱ་གཞག་ཚན་པ། མང་ཚོགས་ཚོགས་པ་ཁག ཞིང་ཆེན་དང་ཁུལ་གྱི་རྫོང་དུ་བཅའ་སྡོད་བྱས་པའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དང་རྫོང་གི་ཏང་གི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས།



མཉམ་སྤྱོད།