དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཁྲིམས་སྐྱོང“མིག་ཤེལ”གྱིས་རིག་གནས་ཡུལ་སྐོར་ལ་སྲུང་སྐྱོང་བྱས།

2025-06-16 14:30:10   |   9

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གི་ཡུལ་སྐོར་ཁྲིམས་བསྟར་གྱི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་རའི་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲིམ་བསྟར་གྱོད་སྒྲུབ་ཕན་ནུས་མཐོར་འདེགས། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་ལེགས་པོ་བྱ་ཆེད། ཟླ6པའི་ཚེས11ཉིན། རྫོང་ཁྲིམས་འཛིན་ཅུ་ཡིས་ཟུར་ཚད་མང་པོ་ནས་ཡུལ་སྐོར་སྲིད་འཛིན་ཁྲིམས་བསྟར་གྱོད་གཞིའི་ཆེད་དོན་དཔྱད་ཞིབ་བྱེད་སྒོ་སྤེལ། 

རིག་གནས་ཡུལ་སྐོར་གྱི་གཙོ་གནད་ལ་དམིགས་ནས་དཔྱད་ཞིབ་གྱོད་གཞི་གནད་སྨིན་ལེགས་འདེམས་བྱས། 2023ལོའི་ཟླ1པོ་ནས2025ལོའི་ཟལ6པའི་བར་བསྒྲུབས་པའི་གྱོད་གཞི་ཁྲོད་གྱོད་གཞི100ལྷག་གནད་སྨིན་གདམ་གསེས་བྱས་ཤིང་། ནང་དོན་ལ་ལྗོངས་ཁུལ་གྱི་སྒྲིག་འགལ་གཉེར་སྐྱོང་བཅོས་སྒྲིག་དང་ཡུལ་སྐོར་ཁང་གིས་དྲིལ་སྒྲོག་རྫུན་མའི་ཐག་གཅོད། ཡུལ་སྐོར་འགྲུལ་བཞུད་བདེ་འཇགས་ལྟ་སྐུལ་སོགས་རིག་གནས་ཡུལ་སྐོར་ཁྲིམས་བསྟར་མང་བའི་གནས་ཡུལ་བཅས་འདུ། ཁྱད་པར་དུ་མཛེས་ལྗོངས་ཁུལ་མཐའ་སྐོར་གྱི་བཟའ་བཏུང་གོང་མཐོ་དང་སྣེ་ཤན་པས་སྒྲིག་འགལ་ཚོགས་ཁྲིད་ཀྱི་གནད་དོན་གྱོད་གཞི་ལ་ཞིབ་བཤེར་བྱས་ཏེ་དཔྱད་ཞིབ་ལས་དོན་དང་རིག་གནས་ཡུལ་སྐོར་ཁྲོམ་ར་ཟུང་འབྲེལ་དམ་པོ་བྱས། 

ཆེད་ལས་རུ་ཁག་གིས་འགག་སྒོ་བསྡམས་ཏེ་ཞིབ་བཤེར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་། ཁྲིམས་འཛིན་ཅུ་ཡིས་ཁྲིམས་ལུགས་ཆེད་མཁས་པ་དང་ཁྲིམས་བསྟར་མི་སྣ་རྒན་པ་ཡིས་གྲུབ་པའི་དཔྱད་ཞིབ་ཚོ་ཆུང་བཙུགས་ཤིང་། 《སྲིད་འཛིན་ཆད་གཅོད་གྱོད་གཞིའི་དཔྱད་ཞིབ་ཚད་གཞི》《སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》སོགས་ཁྲིམས་ལུགས་ལ་གཞི་བཅོལ་ནས་ཁྲིམས་བསྟར་བྱེད་པོའི་ཐོབ་ཐང་དང་ཁྲིམས་ལུགས་གཞི་འཛིན་གྱི་འཚམ་མཐུན། ཁྲིམས་བསྟར་ཡི་གེ་བཟོ་བ། དཔྱད་གཞི་ཡིག་ཆ་ཚགས་བཟོ་སོགས་ཀྱི་ཐད་ནས་སྲིད་འཛིན་ཁྲིམས་བསྟར་དོན་འཁྱོལ་བྱས། དུས་མཚུངས་སུ། ཐེངས་འདིའི་གྱོད་གཞིའི་དཔྱད་ཞིབ་ཁྲོད་ཀྱི་གནད་དོན་ཁྲིད་ཕྱོགས་སུ་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱི་ལེགས་བཅོས་དོན་འཁྱོལ་ལ་མཛུབ་ཁྲིད་བྱས། དུས་ངེས་མེད་ནང་བཅོས་སྒྲིག་གནས་ཚུལ་ལ“ཕྱིར་མིག་བལྟས”ཏེ“གྱོད་གཞིའི་དཔྱད་ཞིབ་ཀྱིས་ལས་དོན་སྐུལ་འདེད”ཀྱི་དམིགས་ཡུལ་མངོན་འགྱུར་བྱས།

བཅོས་སྒྲིག་དོན་འཁྱོལ་ལ་ཤུགས་བསྣན་ནས་ཡུན་ཕན་ཁྲིམས་སྐྱོང་འགན་སྲུང་བསྐྲུན། དཔྱད་ཞིབ་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་ཅུ་ཡིས་ཕྱིར་ལན་གྲོས་ཚོགས་སོགས་བསྡུས་ཏེ་ཁྲིམས་བསྟར་སྡེ་ཚན་ཁག་ལ་བཅོས་སྒྲིག་བརྡ་ཐོ་རེ་རེ་བཞིན་བཏང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཁྱད་གཤིས་དང་ཟུང་འབྲེལ་སྒོས་དངོས་ཡོད་ལག་ལེན་དུ་རུང་བའི་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་བཅོས་སྒྲིག་འགན་ཁུར་བ་དང་བཅོས་སྒྲིག་དུས་ཚོད་གཏན་འཁེལ་བྱས། 



མཉམ་སྤྱོད།