དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“གཞུང་ལམ9བའི”རྒྱུད་ཀྱི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཚོལ་ཞིབ་བརྒྱུད་གྲོང་གསེབ་དར་སྤེལ་གྱི་སྒུལ་ནུས་གསར་པ་བསླངས།

2025-06-11 14:32:23   |   9

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས“གཞུང་ལམ9བའི”ཁྱད་ལྡན་ལེགས་ཆ་ལ་གཞི་བཅོལ་ནས“གཞུང་ལམ+ཐོན་ལས”མཉམ་འདྲེས་འཛིན་བྱེད་དུ་བྱས་ཤིང་། སྒར་འདེབས་དཔལ་འབྱོར་དང་གྲོང་གསེབ་ཡུལ་སྐོར་སོགས་འཕེལ་ཕྱོགས་གསར་བ་དང་ཟུང་འབྲེལ་སྒོས་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་ཞབས་ཞུའི་རིམ་སྤོར། ལས་རྣམ་གསར་གཏོད། རིག་གནས་སྔོག་འདོན་བཅས་བྱེད་ཐབས་བཞི་བརྒྱུད“གཞུང་ལམ9བའི”རྒྱུད་ཀྱི་ཐོན་ཁུངས་སྡུད་སྒྲིལ་དང་ཐོན་ལས་རིམ་སྤོར་བཅས་བྱས་ཏེ། ལམ་རྒྱུད་དཔལ་འབྱོར་གྱིས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྩལ། 

སྲིད་ཇུས་སྤྱི་འདོམས+ཕྱོགས་མང་མཐུན་སྦྱོར་གྱིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་སྲོལ་བཙུགས། 《མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཁག་ཅིག》《མདོ་ལ་རྫོང་ཡུལ་སྐོར་ཁང“མགྲོན་བརྒྱ་མདོ་ལར་བསུ་བ”ཡི་གཟེངས་བསྟོད་བྱེད་ཐབས》སོགས་རིག་གནས་ཡུལ་སྐོར་དམངས་ཕན་སྲིད་ཇུས་སྐོར་ཞིག་གཏན་འབེབས་བྱས། “སྐྱེ་ཁམས་དང་རིག་གནས། ཐོན་ལས”གནས་གསུམ་གཞི་གཅིག་གི་གོང་སྤེལ་ལམ་ཕྱོགས་གསལ་བོར་བཟོས། “སྲིད་གཞུང་ཕྱོགས་སྟོན+ཁེ་ལས་མཉམ་ལས+རོང་འབྲོག་པ་མཉམ་ཞུགས”ཀྱི་རྣམ་པ་གསར་གཏོད་སྒོས་ལམ་རྒྱུད་ཀྱི་རོང་འབྲོག་པའི་རང་ལ་ལྡན་པའི་ཐོན་ཁུངས་བེད་དུ་སྤྱད་ནས་དམངས་ཤག་འཕེལ་རྒྱས་དང་བཟའ་བཏུང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་མ་བཏང་། མིག་སྔའི་བར་དུ་རྫོང་ཡོངས་སུ་གྲོང་གསེབ་ཡུལ་སྐོར་སྣེ་ལེན་གནས158གསོ་སྐྱོང་བྱས་ཤིང་། སྡེ་བའི་ཐུན་མོང་དཔལ་འབྱོར་འབབ་འཕར་ལ་སྐུལ་ཁྲིད་སྒོས“གཞུང་ལམ་རྒྱུད”དང“མང་ཚོགས་ཁེ་རེག”གི་ཕྱོགས་ཟུང་མཉམ་འགུལ་མངོན་འགྱུར་བྱས། 

འགྲིམ་འགྲུལ་མཉམ་འགུལ+རིག་ནུས་ཞབས་ཞུ་ཟུང་འབྲེལ་གྱིས་ཁོངས་ཡོངས་ཡུལ་སྐོར་ཉམས་ལེན་ཇེ་ལེགས་སུ་བཏང་། ཨ་རིག་རྩྭ་ཐང་གནམ་གྲུ་ཐང་གི“སྐྱེ་ཁམས་ཞིབ་སློབ་བརྗོད་དོན་འགྲུལ་བཞུད”གོ་སྐབས་སུ་བྱས་ནས“མཁའ་དབྱིངས་དང་སྐམ་སའི་མཉམ་འགྲུལ”གྱི་ཞབས་ཞུ་སྤེལ་ལ། རླངས་འཁོར་གླ་བ་དང་ལམ་ཐིག་འཆར་འགོད་སོགས་བྱེད་ནུས“མདོ་ལ་རང་འགྲུལ”གྱི་བྱ་རིམ་ཆུང་བ་མཐུད་ནས་ཡུལ་སྐོར་བ་ལ་ལམ་སྟོན་དང་ལྗོངས་ཁུལ་མཚམས་སྦྱོར། བཟའ་བཏུང་འོས་སྦྱོར་སོགས་རྨང་གཞིའི་ཞབས་ཞུ་མཁོ་འདོན་བྱས། དུས་མཚུངས་སུ། ཀན་སུའུ་འབྲོང་ཡུལ་གྲོང་ཁྱེར་དང་སུའུ་ནན་རྫོང་སོགས་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་རྫོང་སོགས་སུ་ཡུལ་ཁོངས་བརྒལ་བའི་མཉམ་ལས་སྤེལ་ཞིང་། ལྗོངས་ཁུལ་གྱི་སྤ་སེ་གོང་སླ་དང་མགྲོན་ཁང་སྡོད་ཤག་ཕབ་གཅོག་སོགས་ཐོན་ཁུངས་སྡུད་སྒྲིལ་གྱིས“གཅིག་འཐུས་རྣམ་པའི”སྒེར་སྐོར་ཞབས་ཞུ་མ་ལག་བཙུགས་ཏེ་ཡུལ་སྐོར་བའི་འགྲུལ་བཞུད་ཀྱི་སྟབས་བདེ་རང་བཞིན་མཐོ་རུ་བཏང་།

སྒར་འདེབས་དཔལ་འབྱོར་དང་ལས་རྣམ་གསར་གཏོད་ཟུང་འབྲེལ་སྒོས་ཕྱི་རོལ་གྱི་འཛད་སྤྱོད་རྣམ་པ་རྒྱ་ཆེར་བསྐྱེད་པ། སྒར་འདེབས་ཡུལ་སྐོར་གྱི་ཚ་རླབས་དམ་འཛིན་ནན་མོ་བྱས་ཏེ“གཞུང་ལམ9པ”གཙོ་ཐིག་ཏུ་བཟུང་ཞིང་ལམ་རྒྱུད་ཀྱི་ཡུལ་གྲོང5བར་དུ་སྣུར་སྲིང་བྱས། ཧེ་བག་ཅན་གྱི་སྒར་འདེབས་ལས་རྣམ་རྒྱ་ཆེར་སྤེལ་ནས་མུ་རི་གྲོང་རྡལ་ལྷ་ཡུལ་བླ་མཚོའི་སྒར་སའི“རྒྱལ་ཡོངས4Cརིམ་པའི་རང་སྐོར་ཡུལ་སྐོར་སྒར་ས”དང་། རྫ་དམར་ཡུལ་ཚོ་སྒོ་མེ་སྡེ་བའི“བར་དམ་གཙང་བོའི་སྡེ་བ་དང་པོ” བཙུན་མོ་གཞོང་གྲོང་རྡལ་ཨ་མྱེས་སྟོང་སོའི་ནགས་ཚལ་སོགས་ཁྱད་ལྡན་མཛེས་ལྗོངས་ཁུལ་དུ། རས་གུར་སྒར་ས་དང་སྐར་མཁའ་ལྟ་དཔྱད་སོགས་རོལ་རྩེད་རྣམ་གྲངས་གསར་སྤེལ་བྱས་པར་བརྟེན་སྒར་འདེབས་དགའ་མོས་ཅན་གྱི་ཡིད་དབང་འཕྲོག མིག་སྔར། གཞུང་ལམ་ལམ་རྒྱུད་དུ་ཞིང་ཆེན་རིམ་པའི་རང་སྐོར་སྒར་ས5དང4Cརིམ་པའི་སྒར་ས་གཉིས་བསྐྲུན་པ་དང་འབྲེལ། རྩྭ་ཐང་ས་ཚིགས30བཀོད་སྒྲིག་བྱས་ནས“སྒར་འདེབས་དང་སྐྱེ་ཁམས་ཟུང་དུ་འབྲེལ་བའི”ཁྱད་ལྡན་ཉམས་ལེན་ཁུལ་རིམ་བཞིན་ཆགས་ཡོད།

རིག་གནས་ཀྱི་ནུས་པ་དང་ཁྱད་ཆོས་ལྡན་པའིIPཟུང་འབྲེལ་སྒོས་གྲོང་གསེབ་རིག་གནས་ཡུལ་སྐོར་གྱི་གབ་ཤུགས་སྔོག་འདོན་བྱས་པ། “ཡུལ་ཚོ་གཅིག(གྲོང་རྡལ)ལ་ཁྱད་ཆོས་གཅིག་གི”འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས“གཞུང་ལམ9པའི”ལམ་རྒྱུད་ཀྱི་ཡུལ་གྲོང5ཡི་སྡེ་བ35ཡི་ཁྱད་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱས་ཤིང་ལོ་རྒྱུས་རིག་གནས་དང་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན། རང་བྱུང་མཛེས་ལྗོངས་བཅས་ལྟེ་བར་བྱས་པའི་ཡུལ་སྐོར་ཐོན་ལས་ཁུལ་བསྐྲུན་པ་དང་། དེའི་ཁྲོད་མཁར་དམར་གྲོང་རྡལ་གྱི་དར་གོས་གནའ་ལམ་དང་མཁར་དམར་གནའ་མཁར་སླུངས་ཚང་མཛེས་ལྗོངས་ཁུལ། མཁར་དམར་གནའ་མཁར། དམག་དཔོན་ཝང་ཀྲེན་མཁར་དམར་དུ་གནས་སྐབས་སོགས་ལོ་རྒྱུས་ཀྱི་བརྗོད་གཞི་མང་པོའང་འདུས་ཡོད། ཨ་རིག་ཡུལ་ཚོས་ཨ་རིག་དགོན་ཆེན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་སྙིང་བཅུད་མངོན་པ་དང་འབྲེལ་ཨ་རིག་གི་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས་པ་དང་། མཁར་དམར་གྲོང་རྡལ་གྱིས་གྲོང་འདུས་ཀྱི་ལེགས་ཆ་སྤྱད་དེ་སྡེ་བ་ཁག་ལ་ཁྱད་ལྡན་མགྲོན་ཁང་ཁྱུ་ཚོགས་བསྐྲུན་ལ། གཞན་ཡང་བཙུན་མོ་གཞོང་གྲོང་རྡལ་ཟས་མཆོག་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། རྫ་དམར་ཡུལ་ཚོས་ཞིང་ཆེན་རིམ་པའི་ཤུལ་བཞག“སྒོ་མེའི་རྩེད་རིག”དང“དྲུག་པའི་ཚེས་དྲུག”གླུ་གཞས་འདུ་ཚོགས་སོགས་འགྲེམ་འཁྲབ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་བས་ཁྱད་ལྡན་དམངས་སྲོལ་རིག་གནས་ཉམས་སུ་མྱངས་ཤིང་། གཡང་ལུང་ཡུལ་ཚོས་འབྲོག་རུའི་རིག་གནས་མྱོང་རོལ་ཁུལ་དང་ཅཱ་པའོ་ཆུ་ཚན། སྤྲིན་སྟེང་གི་གཡང་ལུང་ཕྱི་རོལ་སྒར་འདེབས་གནས། ཐོར་དམག་རིག་གནས་དམངས་སྲོལ་འགྲེམ་སྟོན་སོགས་ཁྱད་ལྡན་འབྲོག་རུའི་རིག་གནས་གསར་སྤེལ་བྱས། མ་ལག་ཅན་གྱི་ཁྱོན་ཡོངས་རིག་གནས་ཡུལ་སྐོར་གསར་སྤེལ་གཏིང་ཟབ་བྱས་པ་བརྒྱུད། ད་ལྟ་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་སྡེ་བ་གཅིག་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བ9སྐྱེད་སྲིང་བྱས་ནས“གཞུང་ལམ་གྱིས་སྣེ་འདྲེན་པ་དང་རིག་གནས་མངོན་འགྱུར། སྡེ་དམངས་ཀྱི་ཡོང་འབབ་འཕར་བ”བཅས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་ཆགས་ཡོད།



མཉམ་སྤྱོད།