དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་སྲིད་གཞུང་གི་སྒོ་མདུན་རླངས་འཁོར་འཇོག་གནས་སུ་བསྒྱུར་ཏེ་ཡུལ་སྐོར་བར་རིན་མེད་སྒོ་འབྱེད་བྱས་པ།

2025-06-09 14:34:42   |   7

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


640.jpg

“གཞུང་ལམ་དགུ་བའི་མཛེས་སྡུག་མིག་གི་དཔལ། བྱང་གི་སྐོར་ལམ་བརྒྱུད་ནས་མདོ་ལར་བསྐྱོད”ཅེས་པའི་འབྲེལ་ཡོད་བརྙན་ཐུང་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུར་རྒྱ་ཆེར་ཁྱབ་པ་དང་བསྟུན། མདོ་ལའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་འབྲེལ་བའི་རང་སྐོར་ལམ་ཐིག་འདིའང་ལམ་སེང་སྐད་གྲགས་ཆོད་པར་གྱུར་ནས་རྒྱལ་ཡོངས་ཀྱི་དྲ་གྲོགས་དག་གི་ཡིད་དབང་འཕྲོག ལྔ་བའི་བ་བཞིའི་གུང་གསེང་གི་རྗེས་སུ། མདོ་ལ་རྫོང་སྲིད་གཞུང་གི་སྒོ་མདུན་དེ་འདུ་ལོང་གིས་བྲེལ་བའི་རང་སྐོར་སྒར་ས་རུ་གྱུར་ཅིང་། ས་གནས་སོ་སོའི་རང་སྐོར་རླངས་འཁོར་གྲལ་དག་པོར་འདུས་ཤིང་། ཁ་དོག་སྣ་ལྔའི་རས་གུར་དག་གིས་ཕྲ་ལྟར་བརྒྱན་ནས། ཡུལ་སྐོར་བ་དག་གིས་གནས་འདིར་ཁྱད་དུ་འཕགས་པའི་ཡུལ་སྐོར་གྱི་དུས་སྐབས་ལོངས་སུ་སྤྱད།

ཉེ་བའི་ལོ་ཤས་རིང་། རང་སྐོར་ཡུལ་སྐོར་དེ་སྟབས་བདེ་དང་རང་དབང་ཤུགས་ཆེ་བའི་རྐྱེན་གྱིས་ཀུན་གྱི་དགའ་བསུ་ཚད་མེད་ཐོབ། མདོ་ལ་རྫོང་གིས་ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལ་བརྟེན་ནས་རང་སྐོར་དགའ་མོས་ཅན་གྱི་གདམ་ཀ་ལེགས་ཤོས་སུ་གྱུར། ཡུལ་སྐོར་བའི་ཁྲོད་ན། ཁྲུང་ཆིང་དང་སི་ཁྲོན། ཀན་སུའུ་སོགས་ཉེ་འཁོར་ཞིང་ཆེན་གྱི་ཁྱིམ་མཚེས་ཡོད་པར་མ་ཟད་ཅང་སུའུ་དང་ཧུའུ་ནན། ཧྥུའུ་ཅན་སོགས་གྲོང་ཁྱེར་རིམ་པ་དང་པོ་ནས་འོངས་པའི“རྒྱང་རིང་གི་མགྲོན་པོའང”ཡོད་ལ། ཁོ་ཚོ་ཚང་མ་མདོ་ལའི་སྙན་གྲགས་ཀྱི་དབང་གིས་རྒྱང་རིང་ནས་འོངས་ཤིང་རང་བྱུང་ཁམས་ཀྱི་པང་ནས་ལུས་སེམས་བག་ཕེབས་ཐོབ་པར་རེ།

640 (1).jpg

སྲིད་གཞུང་སྒོ་མདུན་གྱི་གནས་སྐབས་སྒར་ས་རུ་ཐབ་དུད་ཀྱི་ཁ་དོག་དང་སྙན་ངག་གི་ཉམས་སྣང་གཅིག་ཏུ་འདྲེས་ཤིང་། ཡུལ་སྐོར་བས་མདོ་ལའི་སྐམས་ཤ་དང་ལུག་ཤ་སྤྱད་དེ་རྒྱུན་ཟས་གཡོས་སྦྱོར་བྱས་ལ། ཕྱི་དྲོར་ཇ་ཚན་དེ་རེ་སྦངས་ཏེ་རས་གུར་མདུན་དུ་སྤང་དང་རི་བོ་སྤེལ་མར་ཆགས་པའི་རི་མོ་མིག་གི་རྒྱལ་མོའི་པང་དུ་བླངས། “ཡུལ་ལྗོངས་མཆོག་ཏུ་མཛེས་པར་མ་ཟད་སྲིད་གཞུང་གིས་འདི་ལྟ་བུའི་སྒར་ས་ལེགས་པོ་བཀོད་སྒྲིག་བྱས་འདུག་པས། རང་གི་ཁྱིམ་ན་གནས་པ་ལྟར་བག་ཕེབས་པར་གདའ”ཞེས་ཁྲུང་ཆིང་གི་ཡུལ་སྐོར་བའི་སྐད་ཆས་ཀུན་པོའི་སེམས་གཏམ་མངོན་དུ་མཚོན།

ཡུལ་སྐོར་ཉམས་ལེན་ལེགས་པོ་ཡོང་ཆེད་མདོ་ལ་རྫོང་གིས་སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་འདུག ཡུལ་སྐོར་བྲིན་དུས་རིང་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོས་ཚོགས་ལྟེ་གནས་སོགས་ལས་ཁུངས12ཀྱི་རླངས་འཁོར་འཇོག་ས543ཡུལ་སྐོར་མགྲོན་པོར་རིན་མེད་ངང་སྒོ་ཕྱེ་ཡོད། ད་དུང་ལམ་སྟོན་བྱང་བུ་སོགས་བཟོས་ཏེ་རླངས་འཁོར་ཚད་ལྡན་གྱིས་བཞག་ནས་གྲོང་ཁུལ་གྱི་འཁོར་སྡོད་གནོན་ཤུགས་ཇེ་ཡང་དུ་བཏང་། སྒོ་འབྱེད་ཐང་ཆེན་དུ་སྒར་འདེབས་འཁོར་སྡོད་བྱས་ཆོག་པ་ལས་གཞན། ལས་དོན་མི་སྣས་དུས་ཚོད་ངེས་གཏན་ནང་བདེ་འཇགས་འགན་སྲུང་དང་གཙང་སྦྲ་སོགས་ལ་སྐོར་ཞིབ་དང་། མཐའ་འཁོར་གྱི་སྤྱི་སྤྱོད་གསང་སྤྱོད་ཁང་ཡང་དུས་ཚོད24རིང་ལ་སྒོ་ཕྱེ་ཡོད་པས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བ་ལ་སྟབས་བདེ་བསྐྲུན་ཡོད། 

640 (2).jpg

བྱེད་ཐབས་དྲོན་མོ་འདི་དག་གིས་ཡུལ་སྐོར་བར་སྟབས་བདེ་སྦྱིན་ཞིང་མདོ་ལའི་ཡུལ་སྐོར་གྱི་སྣང་བརྙན་བཟང་བོ་བཏོད་དེ་མདོ་ལའི་ཡུལ་སྐོར་གྱི་མིང་བྱང་སྔར་བས་བཀྲག་མདངས་ཅན་དུ་བཏང་། ཡུལ་སྐོར་བ་མང་པོས་འབྲེལ་འདྲིས་འཕྲིན་སྟེགས་སོགས་སུ་མདོ་ལར་ཡུལ་སྐོར་གྱི་ཚོར་སྣང་མཉམ་སྤྱོད་ཁྲོད“ཞབས་ཞུ་སེམས་ལ་འབྱོར་བས་རྗེས་སོར་ད་དུང་ཁྱིམ་མི་དང་ལྷན་དུ་ཡོང་དགོས”ཞེས་མང་པོ་མཐོང་རྒྱུ་ཡོད།

ཡུལ་སྐོར་ཁྲོམ་ར་རིམ་སྤོར་བྱུང་བ་དང་ལྷན་དུ་མདོ་ལ་རྫོང་གིས་ཧ་ཅང་དཀྱེལ་ཡངས་ངང་ཕྱོགས་ཡོངས་ཀྱི་མགྲོན་པོར་དགའ་བསུ་བྱེད། མ་འོངས་པར་ས་གནས་ཀྱིས་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དང་སྒེར་སྐོར། སྒར་འདེབས་རྣམ་གྲངས་སྔར་བས་མང་པོ་གསར་དུ་བཏོན་ནས་ཡུལ་སྐོར་བར་ལྗོངས་གཟིགས་ལྟད་མོར་ལྟ་བ་དང་མཉམ་དུ་སྔར་བས་སྤུས་ལེགས་ཀྱི་ཞབས་ཞུར་མཉམ་རོལ་ཐུབ་ཅིང་མདོ་ལ་ནི་རྒྱལ་ཡོངས་ལ་གྲགས་པའི“སྒེར་སྐོར་དག་ཞིང”དུ་བསྐྲུན་དགོས། 



མཉམ་སྤྱོད།