དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་འགྲིམ་འགྲུལ་ཉེན་རྟོག་པས་ཡུལ་སྐོར་དུས་ཀྱི་བདེ་འཇཊ་བསྲུངས།

2025-06-12 14:37:42   |   13

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐུལ་འདེད་གཏིང་ཟབ་གཏོང་ཆེད་དང་། ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་གནས་བབ་བརྟན་བརླིང་དུ་བཏང་ནས་བདེ་འཇགས་འཛུགས་སྐྲུན་ལས་དོན་ལ་རོགས་འདེགས་བྱས། ཉེ་དུས་མདོ་ལ་རྫོང་ཉེན་རྟོག་ཅུའི་འགྲིམ་འགྲུལ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། བརྡར་གཅོད་དབྱེ་ཞིབ་ནན་ཏན་བྱས་ཤིང་། “རྒྱུན་རྣམ+དུས་གནས་ངེས་མེད”ཀྱི་ལས་འགན་བཀོད་སྒྲིག་སྤྱད་དེ་ལམ་ངོས་ཀྱི་ཚོད་སྡོམ་དང་ཁྲིམས་བསྟར་གྱི་ཟིལ་ཤུགས་ཆེ་རུ་བཏང་ལ། རླངས་འཁོར་གཙོ་བོ་དང་འགྲིམ་འགྲུལ་སྒྲིག་འགལ་བྱ་སྤྱོད་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱས།

640.jpg

བྱ་སྤྱོད་སྤེལ་རིང་རུ་ཆེན་གྱིས་དབྱང་རྩྭ་བརྐོ་བ་དང་དཔྱིད་རྨོན་ཞིང་འདེབས། ཨར་སྐྲུན་སྐྱེལ་འདྲེན་སོགས་དམིགས་བསལ་དུས་མཚམས་ལ་དམིགས་ནས་ནངས་དགོང་དང་ཉིན་གུང་། གཟའ་མཇུག གུང་གསེང་སོགས་དུས་མཚམས་གལ་ཆེན་དང་ལམ་དུམ་གཙོ་བོ་རུ་སྐོར་ཞིབ་དོ་དམ་ལ་ཤུགས་བསྣན། གཅིག་ནས་ཁོངས་གཏོགས་ཁུལ་གྱི་རྒྱལ་ཞིང་ལམ་དང་གྲོང་ཤང་ཟུང་འབྲེལ་ས་ཆ་སོགས་ལམ་དུམ་གཙོ་བོ་ཡི་ཁྲིམས་བསྟར་ནུས་པ་ལ་ཤུགས་བསྣན་ནས་ཁྲིམས་འགལ་འཁོར་རིགས་གཙོ་བོ་ལ་དམ་པོར་དམིགས་ཤིང་། གཞུང་ལམ་འགྲུལ་སྐྱེལ་རེས་འཁོར་དང་ཡུལ་སྐོར་འགྲུལ་སྐྱེལ་རེས་འཁོར་བཅས་ཐེག་བརྒལ་འགྲུལ་སྐྱེལ་དང་ར་བཟི་འཁོར་གཏོང་། དཔང་མེད་རྟགས་མེད། ཁྲིམས་འགལ་མི་འགྲུལ། སྐྱོབ་ཐག་མི་རྒྱག་པ། བདེ་སྲུང་ཞྭ་མོ་མི་གོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་གཙོ་བོ་ལ་རྡུང་རྡེག་ནན་མོ་བཏང་། གཉིས་ནས་གྲོང་ཁུལ་འགྲིམ་འགྲུལ་གྱི་བཞུར་རྒྱུན་དང་ཕྱིར་བསྐྱོད་ཁྱད་ཆོས་ལ་གཞི་བཅོལ་ནས་བཙུན་མོ་གཞོང་གྲོང་ཁུལ་གྱི་ལམ་དུམ་གཙོ་བོའི་མི་ཚོགས་དང་རླངས་འཁོར་གང་བྱུང་དུ་འཇོག་པ་བཅས་འབུར་ཐོན་ཁྱབ་ཁོངས་སུ“གནས་གཏན་ལྟ་ཞིབ+འཁོར་སྡོད་སྐོར་ཞིབ” “ཐེངས་གྲངས་མང་བ+ཞིབ་ཚགས”སོགས་ཀྱི་ཐབས་ལམ་སྤྱད་དེ་ཁྲིམས་འགལ་འཁོར་སྡོད་ལ་ཆེད་དོན་བཅོས་སྐྱོང་བྱས་ཤིང་། སྒྲིག་འགལ་འཁོར་སྡོད་འགག་གནད་ཕྱོགས་ཡོངས་ལ་ཁྱབ་པར་བྱས། གསུམ་ནས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་གཏོད་ལས་དོན་དང་ཟུང་འབྲེལ་སྒོས་ནངས་དགོང་ཉིན་གུང་གི་ཕྱིར་བསྐྱོད་མཐོ་རླབས་དུས་མཚམས་ལ་དམིགས་ནས་གྲོང་ཁུལ་གྱི་ལམ་འགག་གཙོ་བོ11ཏུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཤིང་། འགྲོ་འོང་གི་རླངས་འཁོར་རིམ་ལྡན་འགྲོ་བསྐྱོད་བྱས་ནས་ལམ་འགག་གཙོ་བོ་ཡི་འགྲིམ་འགྲུལ་སྒྲིག་ལམ་བརྟན་བརླིང་གོ་རིམ་དང་ལྡན་པར་ཁག་ཐེག་བྱས། 



མཉམ་སྤྱོད།