དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞུང་ལམ9པའི་ནུས་རྒྱུ་གསར་པའི་སྒེར་འཁོར་གྱིས་སྟོང་སོའི་ནགས་ཚལ་སྒར་འདེབས་རྟེན་གཞིར་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་བྱས་པ།

2025-06-30 11:09:47   |   3057

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས28ཉིན། མདོ་ལ་རྫོང་སྟོང་སོའི་ནགས་ཚལ་སྒར་འདེབས་རྟེན་གཞིས་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཁྲོད་ཞུགས་མཁན་ཁག་ཅིག་སྣེ་ལེན་བྱས་པ་དང་། ཁོང་ཚོས་གནས་དེར་རྣམ་པ་གསར་པའི་སྐྱེ་ཁམས་འཚོལ་ཞིབ་ཀྱི་ཡུལ་སྐོར་ཐེངས་ཤིག་བྱེད་མགོ་ཚུགས། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་དམིགས་ཡུལ་ནི། ཡུལ་དངོས་སུ་རྟོག་ཞིབ་དང་ཉམས་ལེན་བྱས་པ་བརྒྱུད། མཉམ་ཞུགས་བྱེད་མཁན་ཚོར་མདོ་ལ་རྫོང་གི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་ཤེས་རྟོགས་གཏིང་ཟབ་བྱེད་དུ་འཇུག་རྒྱུ་དེ་ཡིན།

640.jpg

640 (1).jpg

640 (2).jpg

640 (3).jpg

640 (4).jpg

640 (5).jpg

སྟོང་སོའི་ནགས་ཚལ་རྟེན་གཞི་དེ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་སྟོང་སོ་ཆེ་བ་སྡེ་བའི་ཤར་ལྷོའི་མཚམས་སུ་སྤྱི་ལེ་གཉིས་ཀྱི་སར་གནས་པ་དང་། དེ་རུ་ནགས་ཚལ་སྟུག་ལ་ཡུལ་ལྗོངས་ཡིད་དུ་འོངས། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་དེ་སྟོང་སོའི་ནགས་ཚལ་སྒར་འདེབས་རྟེན་གཞི་ཁོ་ན་ཙམ་མ་ཟད། ད་དུང“བྱང་ཕྱོགས་མདོ་ལར་བསྐྱོད། གཞུང་ལམ་དགུ་པ་བགྲོད”ཅེས་པའི་ངོ་མཚར་ཆེ་བའི་བགྲོད་ལམ་ཁྲོད་ཞུགས་ཡོད། གཞུང་ལམ་འདི་ནི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་སྙིང་ལ་བརྟེན་སྐད་གྲགས་ཆོད་པ་དང་། ལམ་བར་དུ་སྐྱེ་ཁམས་མཛེས་ལྗོངས་ཁུལ་དང་རིག་གནས་ཀྱི་རྗེས་ཤུལ་མང་པོ་ཡོད། ལམ་དུ་སྐྱོད་སྐབས། མཉམ་ཞུགས་བྱེད་མཁན་ཚོས་རྩྭ་ཐང་དང་གངས་རི། ནགས་ཚལ། ས་དམར་སོགས་ས་གཤིས་ཀྱི་ངོ་མཚར་ལ་རོལ་མྱོང་བྱས་པ་དང་། “ལྗང་མདོག་དང་གསར་བརྗེ་ཟུང་དུ་འབྲེལ་བའི”ཞིབ་འཇུག་སློབ་སྦྱོང་བྱེད་སྟངས་འདིའི་རིགས་ཀྱིས། མཉམ་ཞུགས་བྱེད་མཁན་ཚོར་རང་བྱུང་གི་མཛེས་ལྗོངས་མྱོང་རོལ་བྱེད་པ་དང་ཆབས་ཅིག་གསར་བརྗེའི་རིག་གནས་ཀྱི་གོ་སྐོན་ཡང་དང་ལེན་བྱེད་དུ་བཅུག་ཡོད།



མཉམ་སྤྱོད།