དེ་རིང་ནི2025ལོའི་ཟླ08པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“ལྗང་མདོག་གསར་སྣོན”གྱི་ལེའུ་གསར་པ་མུ་མཐུད་དུ་བརྩམས་པ།

2025-07-02 11:43:51   |   1961

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། “ཆེ་ཤོས་གསུམ”གྱི་ཞིང་བབ་ངེས་གནས་ལ་གཞི་ཚུགས་ཤིང་། “ལྗང་མདོག་ལ་མཐོང་ཆེན་དང་ལྗང་མདོག་སྲུང་སྐྱོང་། ལྗང་མདོག་ལ་དོ་དམ་བྱེད་པ”སོགས་ལྟེ་བའི་ལས་འགན་ལ་དམིགས་པ་དང་། ནགས་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། རྫོང་ཁོངས་ཀྱི་ལྗང་མདོག་གཞི་རྟེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། ནགས་རྩྭའི་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་གོང་དུ་འཕར་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། 

ཚད་མཐོ་བའི་སྤྱི་འདོམས་ལ་བརྟེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ“ལྗང་མདོག་ལ་གཙིགས་མཐོང”བྱས་པ། “ནགས་ཚལ་དང་རྩྭ་ཐང་ལ་དོ་དམ་བྱེད་མཁན་ཡོད་པ་དང་བྱ་བ་སྒྲུབ་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་གཏོགས་ཁོངས་ཁུལ་གྱིས་འགན་འཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར། འབྱུང་རྩ་ནས་བཅོས་སྐྱོང་། ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ནགས་རྩྭའི་ཐོན་ཁུངས་ཀྱི་ཕུགས་ཕན་དོ་དམ་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་། ནགས་ཚལ་དང་རྩྭ་ཐང་ལམ་ལུགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་ལ། ནགས་རྩྭ་དཔོན་ལམ་ལུགས་ཀྱི་ཚོགས་འདུ་དང་ནགས་རྩྭ་དཔོན་གྱི་སྐོར་ཞིབ། སྐུལ་བཤེར་དཔྱད་དཔོག་སོགས་ལས་དོན་ལམ་ལུགས་ཁག་དྲུག་གིས་གཙོས་པའི“1+6”ལམ་ལུགས་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་བས། རྒྱུན་ཆགས་ཅན་གྱི“ལྗང་མདོག་སྲུང་སྐྱོང”འགན་འཁྲིའི་སྦྲེལ་ཐག་གྲུབ་པར་བྱས། 

དྲ་མིག་དོ་དམ་ལ་བརྟེན་སྲུང་ཡོལ་དམ་ཚགས་སྒོས“ལྗང་མདོག་སྲུང་སྐྱོང”བྱས་པ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི“ལྗང་མདོག་སྲུང་སྐྱོང”འགན་འཁྲིའི་མ་ལག་རིམ་བཞིན་བཙུགས་པ་དང་། འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཏེ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ནགས་རྩྭ་དཔོན115བཙུགས་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་དྲ་མིག1600ལྷག་ཙམ་བཙུགས། སྲིད་འཛིན་ས་ཁོངས་ཀྱི་ཡུག་སྦྲེལ་དོ་དམ་གཞིར་བཟུང་། རྫོང་ཡོངས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་པ་དང་། གཙོ་གནད་ས་ཁོངས་ཀྱི་ལྟ་སྐུལ་དང་སྐོར་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་། རྒྱུན་ལྡན་གྱི་དོ་དམ་སྲུང་སྐྱོང་ཡག་པོར་སྤེལ་བ་དང་། དོ་དམ་སྲུང་སྐྱོང་དྲ་མིག་རྫོང་ཁོངས་ཀྱི་དོ་དམ་སྲུང་སྐྱོང་ལྷུ་ཚིགས་ཀུན་ཏུ་སྣུར་སྲིང་བྱས་པ་བཅས། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གཙོ་གནད་ས་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། 

ཐབས་མང་མཉམ་སྤྱོད་དང་མཉེན་མཁྲེགས་མཉམ་སྤྱོད་སྒོས“ལྗང་མདོག་དོ་དམ”བྱས་པ། སྔར་ཡོད་རིག་ནུས་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཀྱི་རྨང་གཞིའི་ཐོག རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱི་ལྟ་སྐུལ་ཚོད་འཛིན་གཞི་གྲངས་ལ་སྦྲེལ་མཐུད་བྱས་པ་དང་། མཁའ་ལམ་སྐོར་སྲུང་མི་མེད་གནམ་གྲུ20བཀོད་སྒྲིག་བྱས་ལ། ལག་ཐོགསAPPསྐོར་སྲུང་མཐའ་སྣེ་བཀོད་སྒྲིག་ཆ་ཚང་བྱས་ཏེ། རྫོང་དང་ཡུལ་ཚོ། ར་བ། ས་ཚིགས་བཅས་སུ་མེ་ཟོན་དངོས་ཟོག་མཛོད་ཕྱོགས་ཡོངས་ནས་བཙུགས་པས། “མི་ཤུགས་ཀྱིས་འགོག་པ་དང་ལག་རྩལ་གྱིས་འགོག་པ། དངོས་ཟོག་གིས་འགོག་པ”བཅས་གཞི་གཅིག་ཅན་གྱི་ནགས་ཚལ་དང་རྩྭ་ཐང་གི་ལྟ་སྐུལ་དོ་དམ་མ་ལག་ཆགས་པར་བྱས། “སྡེ་ཚན་མཉམ་ལས་དང་ས་ཁུལ་མང་པོའི་རོགས་རམ་མཉམ་འགོག”གཞི་གཅིག་ཏུ་གྱུར་པའི་མཉམ་ལས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། ཡུལ་གྲོང་དང་སྡེ་ཚན་ཁག་དང་མཉམ་འབྲེལ་སྒོས“ཕུབ་ལྗང”དང“བསིལ་རླུང” ཕྱོགས་བསྡུས་ཁྲིམས་འཛིན་སོགས་སྐྱེ་ཁམས་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་འབྲེལ། ཀན་སུའུ་ཞིང་ཆེན་དང་སྤུན་ཟླ་རྫོང་ཁག་བར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་སྒོས་ལོ་རེ་བཞིན་མཉམ་འགོག་མཉམ་འདོམས་གྲོས་གཞི་བཀོད་པས། ས་ཁོངས་བརྒལ་བ་དང་སྡེ་ཚན་བརྒལ་བའི་མཉམ་འབྲེལ་གྱི“ལྗང་མདོག་བགྲོད་ལམ”ཡངས་པར་ཕྱེ།



མཉམ་སྤྱོད།