དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་ཞིང་ཕྱུགས་ཐོན་ནུས་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་བ།

2025-07-03 11:49:43   |   42

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཞིང་གསུམ”ལས་དོན་གྱི་གཙོ་གནད་ལ་དམིགས་པ་དང་། ཞིང་ཕྱུགས་ཐོན་ལས་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

དཔྱིད་རྨོད་གྲ་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བ། “སྲིད་གཞུང་གི་གྲབས་གསོག་དང་ཁྲོམ་རའི་མཁོ་སྤྲོད་ཟུང་དུ་འབྲེལ་བའི”འགན་ལེན་མ་ལག་ལ་བརྟེན་ནས། འབྲུ་རིགས་འདེབས་འཛུགས་ཁུལ་གྱི་མུའུ་ཁྲི2.09དང་། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི1.55། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི0.04བཅས་གཏན་འཁེལ་བྱས་པ་དང་། “ཡུལ་གྲོང་གིས་རྒྱ་ཁྱོན་འགན་ལེན་དང་ལག་རྩལ་གྱིས་ཐོན་འབབ་འགན་ལེན་བྱེད་པའི”འགན་ལེན་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་བཙུགས་ལ། 2025ལོའི་ས་བོན་ལས་གྲྭ་སོགས་ལས་གཞི་ལ་བརྟེན་ནས། སྐྱེ་ལྡན་ལུད་ཏུན500དང་སྐྱེ་དངོས་ཞིང་སྨན་ཧྲེང602། ནས་ཀྱི་སོན་བཟང་ཏུན33བཅས་ཉོ་སྒྲུབ་སྒོས་དཔྱིད་རྨོད་དངོས་རྫས་འགན་ལེན་ནུས་ལྡན་བྱས། མིག་སྔར། འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི4.232ཟིན་པ་དང་། “འབྲུ་རིགས་མ་ཡིན་པའི”བཅོས་སྒྲིག་མུའུ250དང་ས་རྒོད་བསྐྱར་རྨོ་མུའུ87.17ལེགས་འགྲུབ་བྱུང་།

ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ། དཔྱིད་དུས་ཀྱི་སྲོག་ཆགས་རིམས་ནད་ཚབས་ཆེན་འགོག་སྡོམ་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། 2025ལོའི་ནོར་ལུག་བཤས་གཏོང་ལས་དོན་བཀོད་སྒྲིག་ཚོགས་འདུ་སྒྲིག་འཛུགས་བྱས་པ་དང་། “གཟའ་འཁོར་རེའི་ལྟ་ཞིབ་ཚད་ལེན་དང་ཟླ་རེའི་བཀོད་གཏོང་། ལོ་རེའི་དཔྱད་དཔོག”བཅས་ཀྱི་གྲངས་གཞིའི་མ་ལག་བཙུགས་ཡོད། མིག་སྔའི་བར། རྫོང་ཡོངས་སུ་ནོར་ལུག་གྲངས་ཁྲི141.73ཡོད་པའི་ཁྲོད་ནོར་ཁྲི38.58དང་ལུག་ཁྲི103.15ཡོད། བཤས་གཏོང་ནོར་ལུག་གི་གྲངས་ཁྲི14.54ཡོད་པ་དང་བཤས་གཏོང་ཚད12%ཟིན་ཡོད། དེའི་ཁྲོད། ནོར་གྱི་བཤས་གཏོང་ཚད་ཁྲི3.7143དང་ལུག་གི་བཤས་གཏོང་ཚད་ཁྲི10.8261ཟིན་ཡོད། ཤ་ཐོན་ཚད་ཏུན་ཁྲི0.6053དང་། འོ་མའི་ཐོན་ཚད་ཏུན1018དང་སྒོ་ངའི་ཐོན་ཚད་ཏུན0.31ཟིན་ཡོད། བོད་ལུག་དང་ནོར་ནག་གི་ལྟེ་བའི་ཁྱུ་ཚོགས35བར་མང་དུ་ཕྱིན་ལ། འདེམས་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་གསོ་ཚགས་ར་བ2བསྐྲུན་པ་དང་། མིའི་ཐབས་ལ་བརྟེན་ནས་མངལ་འཇུག་པའི་ལག་རྩལ་ཁ་གྲངས1000ལ་ཁྱབ་ཡོད།

ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་ལག་བསྟར་ཇུས་གཞི་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ(ཞིང་ལས་འཕྲུལ་ཆས་བེད་མེད་གསར་བརྗེའི་ཁ་གསབ)ལག་བསྟར་ཇུས་གཞི། མདོ་ལ་རྫོང་གི2025ལོའི་ལོ་འཁོར་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་ཇུས་གཞི་བཅས་དུས་ཐོག་ཏུ་བཟོས་ལ། ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་དྲིལ་སྒྲོག་ཧུར་ཐག་བྱས་ཏེ། ཞིང་ཕྱུགས་ལས་ཐོན་སྐྱེད་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། མིག་སྔའི་བར། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི370དང་། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ70%ཡི་རྩྭ་གསབ་མ་དངུལ་སྒོར་ཁྲི6372.6དང་། ཞིང་འཕྲུལ་རྙིང་པའི་བེད་མེད་ཁ་གསབ་སྒོར་ཁྲི13.468བཅས་དོན་འཁྱོལ་བྱས།

ཕྱིར་གཏོང་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ས་ཁོངས་ཡོངས་ཀྱི་སྐྱེ་ལྡན་རྩྭ་རར་ལྟ་ཞིབ་ཚད་ལེན་བྱས་ནས་ཞིབ་བཤེར་བྱས་པ་བརྒྱུད། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཁས་ལེན་ཁྱོན་ཡོངས་སུ་ཁྱབ། མཁར་དམར་གྲོང་རྡལ་དེང་རབས་ཅན་གྱི་བཤས་གཏོང་ས་ཚིགས་དང་ཧའེ་ཧྲེང་ཀུང་སི་བར་ཐོན་ལས་གསར་སྤེལ་གྱི་མོས་མཐུན་བཀོད་དེ“གསོ་ཚགས་དང་བཤས་གཏོང་། ལས་སྣོན”བཅས་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཆགས་པར་སྐུལ་འདེད་བཏང་ཡོད། ཟི་ལིང་གྲོང་ཁྱེར་དང་ཁྲང་ཧྲ་གྲོང་ཁྱེར་སོགས་སུ་མདོ་ལའི་ཁྱད་ལྡན་ཞིང་ཕྱུགས་ཐད་ཚོང་ཁང3བཙུགས་ཡོད། སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོར་དམིགས་ནས་པིན་མུའུ་ནོར་ནག་ཐོན་ལས་ཧྲིལ་པོའི་སྦྲེལ་ཐག་གི་འཕར་ཐང་དང་། མདོ་ལ་རྫོང་གཟན་རྩྭའི་ཐོན་ལས་གསར་སྤེལ་སོགས་ལས་གཞི2ལ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་ཐོན་ལས་རིམ་སྤོར་ལ་སྒུལ་ནུས་གསར་པ་བསྣན་ཡོད།



མཉམ་སྤྱོད།