དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་དམངས་འཚོའི་བྱ་གཞག་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ།

2025-07-04 15:53:41   |   1321

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་རྒྱ་ཆེར་བསྐྱེད་པ་དང་། སེམས་ནུས་ཡོད་རྒུས་ལས་ཞུགས་དང་རྒན་གསོ། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་བྱ་གཞག་དངོས་ཡག་པོར་བསྒྲུབས་ལ། དམངས་འཚོའི་བྱ་གཞག་ཁག་སྐས་རིམ་གསར་པར་སླེབས། དམངས་འཚོའི་འགན་ལེན་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་བཅས་ཟམ་མ་ཆད་པར་གོང་དུ་འཕར་ཡོད།

འགན་སྲུང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ། ལས་ཞུགས་དམངས་འཚོའི་ལར་གྲྭར་དམིགས་ནས་དྲ་ལམ་དང་དྲ་ཕྱིའི་གདན་ཞུའི་བྱེད་སྒོ་ཐེངས5སྤེལ་བ་དང་། མི120ལྷག་ཙམ་གྱི་ལས་ཞུགས་འདོད་མོས་བཞིན་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས283གསར་དུ་འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས3434ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.69%ཟིན་ནས3.5%ནང་ཚུན་དུ་རྒྱུན་མཐུད་ངང་ཚོད་འཛིན་ཐུབ་ཡོད་ལ། རིགས་སོ་སོའི་རོགས་སྐྱོབ་མ་དངུལ་སྒོར་ཁྲི1101.23སྤྲད་པས་དཀའ་ངལ་ཡོད་པའི་མང་ཚོགས4205ལ་ཕན་འབྲས་ཐོབ། 《མདོ་ལ་རྫོང་བཅོལ་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི“གཞུང་བཙུགས་དམངས་གཉེར”གཉེར་སྐྱོང་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཏེ། བཅོལ་སྐྱོང་བྱ་གཞག་འཕེལ་རྒྱས་ཀྱི་སྐུལ་འདེད་ཇེ་མགྱོགས་སུ་བཏང་།

སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་པ། མདོ་ལ་རྫོང་ལ་རྒྱལ་ཁབ་སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ཕན་རྫོང་གི་ར་སྤྲོད་ལེགས་འགྲུབ་བྱུང་བ་དང་། སློབ་གྲྭ་ཆུང་འབྲིང་གི“དོ་དམ་ཁག་ལྔ”དང“ཉུང་འཕྲི་གཉིས”ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་རྒྱང་གཉེར་དྲ་ལམ་འཛིན་གྲྭའི་སློབ་ཁྲིད་ཕན་འབྲས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། རྒྱལ་ཁབ་སློབ་གྲྭ་ཆུང་འབྲིང་གི་རིག་ལྡན་སློབ་གསོའི་ལས་སྟེགས་དེ་སློབ་གསོ་སློབ་ཁྲིད་ཁྲོད་རྒྱ་ཁྱབ་ངང་སྤྱད་པ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་རགས་ཙམ་ཆགས་ཡོད། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤེལ་བར་བརྩོན་ལེན་ཧུར་ཐག་བྱས་ནས་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། ཞིང་ཆེན་སྙིང་ཁམས་དང་ཀླད་རྩའི་ཆེད་ཚན་སྨན་ཁང་སོགས་ལ་རོགས་སྐྱོར་གྲོས་མཐུན་བཞག་ཅིང་། ཆེད་མཁས་པའི་ཚོགས་པ་དུས་བཀག་ལྟར་གཞི་རིམ་དུ་བསྐྱོད་དེ་ཆེད་མཁས་བརྟག་བཅོས་དང་གཤག་བཅོས་ཁྲིད་སྟོན་སོགས་ཀྱི་རོགས་སྐྱོར་ལས་དོན་སྤེལ་བར་གདན་དྲངས།

བདེ་འཇགས་དང་བརྟན་ལྷིང་ལ་རྒྱུན་མཐུད་ངང་སྲུང་སྐྱོང་བྱས་པ། འགན་བཅོལ་སྒྲིག་གཞིར་མཉམ་འབྲེལ་སྒོས་འགན་བཅོལ་མི་སྣ་གཞི་རིམ་གནོད་སེལ་རོགས་སྐྱོབ་དཔུང་ཁག་ཁྲོད་འཇུག་པའི་སྒྲོམ་གཞིའི་གྲོས་མཐུན་ཁུལ་ཡོངས་ཀྱི་ཐོག་མར་བཞག་པ་དང་། བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ལས་དོན་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་བསྡུས་འཕྲལ་སྡོམ་ཐག་གཅོད་ཀྱི་དངོས་འཐབ་སྦྱོང་བརྡར་ལ་ནུས་ཤུགས་དང་ཕན་འབྲས་ཐོན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི“3456”དང“མཉམ་འབྲེལ་བཅུ་དང་གསར་གཏོད་བཅུ”ཡི་འགུལ་སྤྱོད་གཏིང་ཟབ་ཏུ་སྤེལ་ཡོད། “འགོག་སེལ་ཕབ་སྲུང”ཆེད་དོན་འགུལ་སྤྱོད་ལ་ཕན་འབྲས་དོན་ལྡན་ཐོབ་པ་དང་། གཞི་རིམ་གྱི་འགལ་རྩོད་གྲལ་བཤེར་དང་གཙང་སེལ་ལ་སྟོབས་ཤུགས་དང་གོ་རིམ་ལྡན་ལ། སྤྱི་ཚོགས་ཁྱོན་ཡོངས་སུ་ཞི་མཐུན་དང་བརྟན་ལྷིང་རྒྱུན་མཐུད་བྱུང་ཡོད།



མཉམ་སྤྱོད།