དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་ཁོར་སྲུང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

2025-07-08 16:00:16   |   1373

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གནོད་སྐྱོན་བཅོས་སྒྲིག་དང་རྩྭ་ཐང་བདག་གིར་བཟུང་བའི་སྒྲིག་འགལ་བྱ་སྤྱོད་བཅོས་སྒྲིག་སྐོར་གྱི་ཐག་གཅོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། རང་མོས་ངང་བྱ་སྤྱོད་ལག་ལེན་དུ་བསྟར་ནས། རྩྭ་ཐང་ཁྲིམས་འགལ་ཁྲ་རིས་སྐོར་ཞིག་ལ་བཅོས་སྒྲིག་ནུས་ལྡན་ཐོབ་ཅིང་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ། 

བཅོས་སྒྲིག་དམ་འཛིན་སྒོས་རྩྭ་ཐང་གི་ཁྲ་རིས་དུས་ཐོག་ཏུ་གཙང་སེལ་བྱས་པ། ཁྲིམས་འགལ་སྒྲིག་འགལ་ངང་རྩྭ་ཐང་བདག་ཏུ་བཟུང་བའི་ཆེད་དོན་བྱ་སྤྱོད་བཅོས་སྒྲིག་བྱེད་པའི་ལས་དོན་ཇུས་གཞི་བཟོས་ནས་པར་འགྲེམས་བྱས་ཤིང་། ཁྲིམས་འགལ་ཁྲ་རིས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་། མཁར་དམར་གྲོང་རྡལ་དང་ཨ་རིག་ཡུལ་ཚོའི་གཞུང་ལམ་རྒྱུད་ཀྱི་འབྲོག་ཁྱིམ་གླིང་དང་རྟ་ཞོན་སའི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བྱས་ཤིང་། ཕྱོགས་ཚད་གཞི་གྲངས་གཞིར་བཟུང་རྩྭ་ཐང་བེད་སྤྱོད་པའི་ཞིབ་བཤེར་ཁྱབ་ཁོངས་དང་བདག་བཟུང་ས་གནས་སོགས་ཀྱི་གནས་ཚུལ་ཁག་རིམ་པ་བཞིན་ར་སྤྲོད་བྱས་ལ། ཡུལ་དངོས་སུ་ཐིག་རྟགས་བཏབ་སྟེ་ཆོག་མཆན་མ་ཐོབ་གོང་དུ་བསྐྲུན་པ་དང་ཁྱབ་ཁོངས་ལས་བརྒལ་བའི་བསྡུ་སྤྱོད་སོགས་བྱ་སྤྱོད་ཁག་ལ་དག་ཐེར་བརྡ་ཁྱབ་བཏང་བས། རྩྭ་ཐང་འགན་ལེན་ལས་གཉེར་མཁན་ལ་དུས་ཐོག་ཏུ་དག་ཐེར་བྱ་རྒྱུའི་སྐུལ་མ་བྱས་པ་དང་། ཁྲིམས་འགལ་བསྡུ་སྤྱོད་ཀྱི་དོགས་གཞི་ཡོད་རིགས་ལ་གྱོད་ཐོ་བཀོད་དེ་ཞིབ་བཤེར་བྱས། མིག་སྔའི་བར། གསལ་འདེབས་ཡི་གེ37དང་ཁྲིམས་འགལ་བྱ་སྤྱོད་དུས་བཀག་དག་ཐེར་བརྡ་ཁྱབ32བཏང་། རྩྭ་ཐང་ཁྲིམས་འགལ་བསྡུ་སྤྱོད་བྱས་པའི་འབྲོག་ཁྱིམ་གླིང21ལ་སྲིད་འཛིན་ཁྲིམས་ཆད་བཅད་པ་དང་། ཆད་གཅོད་དངུལ་འབོར་ཁྲི12.22ཟིན།

ལྟ་སྐུལ་དོ་དམ་དམ་འཛིན་སྒོས་ཞིབ་མཆན་དོ་དམ་ལག་བསྟར་ནན་མོ་བྱས་པ། 《རྩྭ་ཐང་བསྡུ་སྤྱོད་ཀྱི་ཞིབ་བཤེར་མཆན་འགོད་དོ་དམ་ཚད་གཞི》གཞིར་བཟུང་། རྩྭ་ཐང་བསྡུ་སྤྱོད་ཀྱི་ཞིབ་བཤེར་དོ་དམ་དང་ཞིབ་བཤེར་མཆན་འགོད་ཡུལ་དངོས་ཚད་འཇལ་ལ་སྔར་བས་ཤུགས་བརྒྱབ་པ་དང་། ཞིབ་བཤེར་མཆན་འགོད་ཀྱི་རྩིས་ཐོ་བཟོ་བ་དང་རིགས་དབྱེ་དོ་དམ་བྱས་པས། ཉེ་བའི་ལོ་གཉིས་རིང་རྩྭ་ཐང་བསྡུ་སྤྱོད་ཀྱི་འགྲོ་ལུགས་ཁག16གོང་ཞུ་བྱས་པ་རྒྱ་ཁྱོན་མུའུ3969.44དང་འབྲེལ་ཞིང་། རྩྭ་ཐང་བསྡུ་སྤྱོད་གནས་སྐབས་འགྲོ་ལུགས38བསྒྲུབས་པ་རྒྱ་ཁྱོན་མུའུ1129.93དང་འབྲེལ་ལ། ཕྱུགས་ལས་རྨང་གཞིའི་སྒྲིག་བཀོད་ཀྱིས་རྩྭ་ཐང་བསྡུ་སྤྱོད་བདག་བཟུང་བྱས་པའི་འགྲོ་ལུགས7བསྒྲུབས་པ་རྒྱ་ཁྱོན་མུའུ52.18དང་འབྲེལ། ནགས་རྩྭ་དང་རང་བྱུང་ཐོན་ཁུངས། ཁྲོམ་རའི་ལྟ་སྐུལ། ཡུལ་སྐོར། ཕྱོགས་བསྡུས་ཁྲིམས་འཛིན་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་སྐོང་འཐེན་སྒོས་མཉམ་འབྲེལ་ཁྲིམས་འཛིན་ལས་དོན་ཚོགས་ཆུང་བཙུགས་ཏེ། སྔ་རྗེས་སུ་ཁེ་ལས་དང་འབྲོག་ཁྱིམ་སྤྲོ་སྐྱིད་གླིང་དུ་བསྐྱོད་དེ་རྩྭ་ཐང་བསྡུ་སྤྱོད་ཀྱི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་གཉེར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པས། ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་རྩྭ་ཐང་སྤྱོད་པའི་འདུ་ཤེས་མངོན་གསལ་དོད་པོས་གོང་དུ་འཕེལ་ཡོད།

དྲིལ་སྒྲོག་དམ་འཛིན་བྱས་ནས་རྩྭ་ཐང་སྲུང་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ། བཅའ་ཁྲིམས་གཞི་རིམ་དུ་བསྐྱོད་དེ་ཁྱིམ་ཚང་དུ་སྐྱེལ་བ་དང་གསོ་སྦྱོང་འཛིན་གྲྭ་གཉེར་བ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་སྤེལ་བ། དེ་བཞིན་ཡུལ་དངོས་སུ་སློབ་གསོ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་རྩྭ་ཐང་བཅའ་ཁྲིམས་དང་རྩྭ་ཐང་བསྡུ་སྤྱོད་ཀྱི་ཞིབ་བཤེར་མཆན་འགོད་དོ་དམ་ཚད་གཞི་སོགས་ཕྱོགས་ཡོངས་དང་སྒོ་དུ་མ་ནས་དྲིལ་སྒྲོག་བྱས་པས། སྤྱི་ཚོགས་ཁྱོན་ཡོངས་སུ་ཁྲིམས་ལྟར་རྩྭ་ཐང་བསྡུ་སྤྱོད་དང་བདག་བཟུང་བྱེད་པའི་འདུ་ཤེས་ཟམ་མ་ཆད་པར་གོང་དུ་འཕེལ་ལ། ཁྲིམས་ལྟར་རྩྭ་ཐང་བསྡུ་སྤྱོད་དང་བདག་བཟུང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་རིམ་བཞིན་ཆགས་ཡོད། མིག་སྔའི་བར། རྫོང་ཡོངས་སུ་རྩྭ་ཐང་གི་ཁྲིམས་འཛིན་དྲིལ་སྒྲོག་ཐེངས12བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་ཐེངས2གཉེར་ལ། མི་སྣ100ལྷག་ཙམ་ལ་གསོ་སྦྱོང་སྤེལ་ཅིང་། བོད་རྒྱ་སྐད་གཉིས་དྲིལ་སྒྲོག་རྒྱུ་ཆ2000ལྷག་ཙམ་བཀྲམས།



མཉམ་སྤྱོད།