དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཙུན་མོ་གཞོང་གྲོང་རྡལ་གྱིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་བརྗིད་ཉམས་ལྡན་པའི་རི་མོ་བཞེངས་པ།

2025-07-07 16:09:38   |   1284

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། བཙུན་མོ་གཞོང་གྲོང་རྡལ་གྱིས་ཏང་འཛུགས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གྱི“གསར་བརྗེའི་སྒུལ་ཤུགས”སུ་བརྩིས་ནས“ཏང་འཛུགས+”སྣ་མང་མཉམ་འདྲེས་རྣམ་པ་གསར་གཏོད་དང་འཚོལ་ཞིབ་བྱས་ཤིང་། གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ་གཉིས་མཉམ་འགུལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ལ། གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས་ཡོད།

རྨང་གཞི་སྲ་བརྟན་ངང་ཏང་འཛུགས་སྟོབས་ལྡན་དུ་བསྒྱུར་ཏེ་དར་སྤེལ་གྱི“རྟེན་གཞི”བསྐྲུན། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་གཞི་རིམ་ཏང་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཐད་ལ་ཁྱབ་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཀྲི་པུའུ་ཏང་གི་ཉིན་མོའི་གཅིག་གྱུར་བྱེད་སྒོ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་ཆབ་སྲིད་གཞུང་ལུགས་ཀྱི་ཤེས་བྱར་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་རྒྱུས་ལོན་གཏིང་ཇེ་ཟབ་ཏུ་གཏོང་བར་རྒྱུན་མཐུད་ངང་ཤུགས་བསྣན་པ་བཅས། ཕུགས་བསམ་དང་དད་མོས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། དཔྱད་ཞིབ་དང་ཕན་འབྲས་འདྲི་རྩད་ལ་ཤུགས་བརྒྱབ་སྟེ། ཏང་འཛུགས་དམ་འཛིན་ངང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་མ་ལག་སྔར་བས་ཞིབ་ཚགས་སུ་བཏང་བ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་དང་དངོས་སྒྲུབ་གོ་ཆོད་ཀྱི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་གསར་འཛུགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་། དཔྱད་ཞིབ་ཀྱི“བཀའ་རྟགས”ལ་བརྟེན་ནས་ཏང་ཀྲི་པུའུ་ཁག་དང་ཏང་ཡོན་ལས་བྱེད་པས་ཏང་འཛུགས་དམ་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ལེན་བྱེད་དུ་བཅུག་པ་དང་། ཏང་འཛུགས་འགན་འཁྲི་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ལ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས།

ལས་སྤེལ་ནུས་སྩོལ་གྱིས་སྦས་ཤུགས་སྔོག་འདོན་བྱས་ཏེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཏོད། ཐོག་མཐའ་བར་གསུམ་དུ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ཤིང་། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱ་རྒྱུར་དོ་སྣང་བྱས་ཏེ། མང་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་སྣོན་བྱས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བཙུན་མོ་སྒང་དང་ཨ་མྱེས་སྟོང་སོ། ལབ་ཙེ་སྒང་། བློན་པོ་བྱ་རྒོད། སྟོང་སོའི་ནགས་ཀློང་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་བདེ་ཐང་སྤྲོ་གསེང་དང་ནགས་འདབས་དཔལ་འབྱོར། སྒོ་རའི་དཔལ་འབྱོར་སོགས་ཡུལ་སྐོར་ལས་རྣམ་གསར་པ་འཚོལ་ཞིབ་བྱས་ཏེ་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། དམངས་ཤག་མཐུན་ཚོགས་དང་གྲོང་གསེབ་འཛུགས་སྐྲུན་ཀུང་སི་སོགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཚོང་འགུགས་དངུལ་འདྲེན་རྒྱ་ཆེར་བཏང་ཞིང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་བེད་མེད་ཕན་ནུས་ཆུང་བའི་ཐོན་ལས་གང་འགབ་ཅི་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་དར་སྤེལ་གཏོང་བའི་ནང་གནས་གསོན་ཤུགས་འཕེལ་བར་བྱས། 2025ལོར་བཙུན་མོ་གཞོང་གྲོང་རྡལ་གྱིས་ཁྱོན་མ་དངུལ་སྒོར་ཁྲི4545.75ཡི་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས11རེ་ཞུ་དོན་འཁྱོལ་བྱས་པའི་ནང་ཐོན་ལས་རྣམ་གྲངས9ལ་མ་དངུལ་སྒོར་ཁྲི4001.75བཏང་ཡོད། ཤར་སྡེ་དང་སྟོང་སོ་ཆེ་བ་ལ་མདོ་ལ་རྫོང་གི་གྲོང་གསེབ་དར་སྤེལ་ཐོན་ལས་དཔེ་སྟོན་གྲོང་ཚོའི་རེ་ཞུ་ལེགས་འགྲུབ་བྱས།

སྐྱེ་ཁམས་གདན་དུ་བཏང་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་ཞིང་འཚོ་སྡོད་ཀྱི་རྣམ་པ་གསར་པ་བཏོད། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཇུས་འགོད་དང་ཏང་ཡོན་གྱིས་སྣེ་ཁྲིད་དཔེ་སྟོན། མང་ཚོགས་ཐུན་མོང་ཐོག་ཞུགས་པ་བཅས་མཐའ་འཁྱོངས་བྱས་ཏེ། “ཆུ་མཚེའུ་དཔོན་ལམ་ལུགས”དང“ནགས་རྩྭ་དཔོན་ལམ་ལུགས”། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་འགུལ་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། སྐྱེ་ཁམས་བདག་སྐྱོང་པ533དང་། གྲོང་རྡལ་དང་སྡེ་བ་རིམ་པ་གཉིས་ཀྱི་ཆུ་མཚེའུ་དཔོན18། ཆུ་སྐོར་པ16བཅས་ཀྱིས2025ལོར་རི་སྒང་དང་ནགས་ཚལ་ཐེངས570ལྷག་ལ་སྐོར་ཞིབ་བྱས་ཤིང་། ཆུ་བོར་ཐེངས1203ལ་སྐོར་ཞིབ་བྱས་ཏེ་དོ་དམ་རྒྱུན་མ་ཆད་པ་དང་སྲུང་སྐྱོང་ཟམ་མ་ཆད་པ་བྱས། རྒྱལ་ཁོངས་ལྗང་སྒྱུར་དང་འགྲོ་ལམ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་འཇུག་སྒོར་བྱས་ནས2025ལོར་རྒྱལ་ཁོངས་ལྗང་སྒྱུར(འོས་འགན་སྡོང་འཛུགས)མུའུ39.6འཆར་གཞི་ལྟར་ལེགས་འགྲུབ་དང་། སྡོང་ཕྲུག་རྐང650འདེབས་འཛུགས་བྱས་ལ། སྡེ་བ་ཁག་གིས་འགྲོ་ལམ་གཡས་གཡོན་དང་ཐང་ཆེན་མཐའ་འཁོར་སོགས་སུ་མེ་ཏོག་དང་སྡོང་ཕྲུག་རྐང70ལྷག་ཙམ་འདེབས་འཛུགས་བྱས། “ནན་ཏན་གསུམ་དང་སྐུལ་འདེད་གསུམ”གྱི་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ནས་དཔྱིད་རླུང་འགུལ་སྤྱོད་དང་སྡེ་བའི་གཙང་སྦྲའི་བྱེད་སྒོ་ཉིན30ཡི་འགག་སྒྲོལ་དམག་འཐབ་ཀྱི་དུང་བརྡ་བཏང་ནས་ས་ཁོངས་ཧྲིལ་པོའི་བཅོས་སྒྲིག་གི་ཚ་རླབས་བསླངས་ཤིང་། རིམ་རྩིས་བྱས་ན་བཅོས་སྒྲིག་མ་དངུལ་སྒོར་ཁྲི66.7(ལྷག)བཏང་ནས་ཁང་པའི་མདུན་རྒྱབ་ཀྱི་གང་བྱུང་དུ་སྤུངས་པའི་གད་སྙིགས་འཇོག་གནས340དང་། འཚོ་བའི་གད་སྙིགས་ཏུན840ལྷག ཆུ་ལམ་གྱི་གད་སྙིགས་ཏུན180། སྒོ་ཕྱུགས་ཀྱི་བཤང་སྙིགས་སོགས་ཏུན130གཙང་སེལ་བྱས་ཏེ་གྲོང་གསེབ་ཀྱི“བཞིན་རས་གསར་པ”སྔར་བས་ཇེ་གསལ་དུ་སོང་། 



མཉམ་སྤྱོད།