དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་མི8093ལ་རྒན་གསོའི་དངུལ་སྒོར་ཁྲི 4127.2 སྤྲད།

2025-07-10 11:11:01   |   773

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་སྤྱི་ཚོགས་འགན་སྲུང་ཐེབས་རྩ་དོ་དམ་དང་བེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་། ཟླ7པའི་ཚེས7ཉིན་བར་ལ་རིམ་རྩིས་བྱས་ན། རྫོང་ཡོངས་ཀྱི་མི8093ལ་རྒན་གསོའི་དངུལ་སྒོར་ཁྲི 4127.2 སྤྲད་ཅིང་། སྤྲོད་ཚད100 % ཟིན།

མདོ་ལ་རྫོང་གིས་དྲིལ་སྒྲོག་རུ་ཁག་བཙུགས་ཏེ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ7དུ་ཟབ་ཞུགས་བྱས་ཤིང་། འཆད་ཁྲིད་དང་དྲིལ་སྒྲོལ་དཔྱད་ཡིག་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་རྒན་གསོའི་འགན་སྲུང་གི་སྲིད་ཇུས་ཞིབ་ཕྲའི་གསལ་འགྲེལ་བྱས་ལ། “མང་སྤྲོད་མང་ཐོབ་དང་། ཡུན་རིང་སྤྲད་ན་མང་ཐོབ”ཞེས་པའི་འདུ་ཤེས་གཙོ་གནད་དུ་བཟུང་སྟེ་དྲིལ་སྒྲོག་བྱས། ཆབས་ཅིག་ཏུ། ལྗང་མདོག་པུར་འཇུག་གི་འདུ་ཤེས་དང་དུར་འཇུག་གི་ཁ་གསབ་རོགས་དངུལ་ལེན་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་ནས་མང་ཚོགས་ལ་ཡང་དག་པའི་པུར་འཇུག་གི་འདུ་ཤེས་བསྐྱེད་པར་ཁྲིད་སྟོན་བྱས། མདོ་ལ་རྫོང་གིས“དྲ་སྦྲེལ+རྒན་གསོ”ཞབས་ཞུའི་རྣམ་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འགན་སྲུང་ནང་ཞུགས་པའི་ཐོ་འགོད་དང་དངུལ་སྤྲོད་པའི་སྙན་ཞུ་སོགས་ཀྱི་ལས་སྒོ“སྦར་མཐིལ་ནས་སྒྲུབ་པ”དང“དྲ་གཅིག་ཡོངས་སྒྲུབ”ཁྱོན་ཡོངས་ནས་མངོན་འགྱུར་བྱུང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་དམངས་བདེ་ཞབས་ཞུའི་ལྟེ་གནས་སུ་རྒན་གསོའི་འགན་སྲུང་ཞབས་ཞུའི་ཆེད་དོན་སྒེའུ་ཁུང་བཙུགས་ཤིང་། ལས་སྒོའི་མི་སྣ་བཀོད་སྒྲིག་བྱས་ནས“གཅིག་བསྡུས་ཞབས་ཞུ”མཁོ་འདོན་བྱས།

མདོ་ལ་རྫོང་གིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱས་ནས་ཐོབ་ཐང་ར་སྤྲོད་བྱས་པ་དང་། ལོ་ན་མཐོ་བ་དང་ནད་དབང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྱིམ་ལ་རང་འགུལ་ངང་བསྐྱོད་དེ་ར་སྤྲོད་ཞབས་ཞུ་སྤེལ། དེའི་ཞོར་དུ་དུས་བཅད་ལྟར་དམངས་སྲིད་དང་སྤྱི་བདེ་སོགས་སྡེ་ཁག་ཏུ་གཞི་གྲངས་བསྡུར་བ་དང་། ཤི་བའི་མི་སྣའི་ཆ་འཕྲིན་ཞིབ་སྡུར་བྱས་ཏེ། རྒན་གསོའི་དངུལ་གྱི་ཧམ་ལེན་དང་གཡོ་ལེན་བྱ་སྤྱོད་སྔོན་འགོག་ནུས་ལྡན་དང་། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས། མདོ་ལ་རྫོང་གིས་སྲིད་ཇུས་ཀྱི་གཏན་འབེབས་ལྟར། རྒན་གསོའི་འགན་སྲུང་དངུལ་དུས་ལྟར་འདང་ངེས་སྤྲད་ཅིང་། ད་ལོར་རིམ་རྩིས་བྱས་ན་རྫོང་ཡོངས་ཀྱི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོའི་མི་སྣ1924དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་ལས་འཁྱུར་ངལ་གསོའི་མི་སྣ1311དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས4858ལ་རྒན་གསོའི་དངུལ་སྒོར་ཁྲི4127.2སྤྲད།



མཉམ་སྤྱོད།