དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་ཐོན་ལས་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་བ།

2025-07-14 11:03:15   |   51

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དམིགས་ཚད་ལ་དམ་པོར་དམིགས་ནས་གཡོ་འགུལ་མེད་པ་དང་། ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་རྫོང་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་འཇགས་བྱུང་ལ། བརྟན་འཇགས་ངང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་མངོན།

ཞིང་ཕྱུགས་ལས་བརྟན་འཇགས་ངང་འཕེལ་བ། སྐྱེ་ཁམས་ཕྱུགས་ལས་ཐད“གཅིག་ཚན་དགུ”ཡི་ལེ་ལག་ཚང་བའི་འདུ་འགོད་སྤྱིའི་ཆ་ནས་ཆ་ཚང་བར་བཀོད་སྒྲིག་བྱས་པ་དང་། “སྲིད་གཞུང་གི་གྲབས་གསོག་དང་ཁྲོམ་རའི་མཁོ་སྤྲོད”ཟུང་གི་འགན་ལེན་མ་ལག་ལ་བརྟེན་ནས་རྨོ་ཞིང་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་། འབྲུ་རིགས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི2.25དང་སྣུམ་རྒྱུའི་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི1.56ཟིན་པ་དང་། རིམ་རྩིས་ལྟར་ན། “འབྲུ་རིགས་མ་ཡིན་པ་ཅན”མུའུ250བཅོས་སྒྲིག་བྱས་པ་དང་ས་རྒོད་བསྐྱར་རྨོ་མུའུ87.17ལེགས་འགྲུབ་བྱུང་། ནོར་ལུག་བཤས་གཏོང་གྲངས་ཁྲི14.54(ཙམ)ཡོད་པ་དང་བཤས་གཏོང་ཚད12%ཟིན་ཡོད། 2025ལོར་རྩྭ་ཐང་གི་བྱ་དགའི་ཁ་གསབ་མ་དངུལ་སྤྲོད་པའི་ལས་དོན68.39%ལེགས་འགྲུབ་ཟིན་པ་དང་མ་དངུལ་སྒོར་ཁྲི6361.5སྤྲད་པས་ཞིང་ཁྱིམ5516ལ་ཕན་འབྲས་ཐོབ་ཡོད། “ས་ཁོངས་སྤྱི་སྤྱོད་སྤུས་རྟགས་དང་ས་གནས་ཁྱད་ལྡན་སྤུས་རྟགས”ཟུང་དུ་སྦྲེལ་ནས། ཟི་ལིང་གྲོང་ཁྱེར་དང་ཁྲང་ཧྲ་གྲོང་ཁྱེར་སོགས་སུ་མདོ་ལའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐད་གཉེར་ཚོང་ཁང་གསུམ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་། “ཧུང་ཙེ་མཚེའུ་ཡི་སྡིག་སྲིན་ཆེན་པོ”དང“མདོ་ལའི་བོད་ལུག”མཉམ་འབྲེལ་ཐོག་ཨའོ་མོན་དུ་བསྐྱོད་པས། ཞིང་ཕྱུགས་ཐོན་རྫས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།

བཟོ་ཚོང་དང་ཉོ་ཚོང་དཔལ་འབྱོར་མགྱོགས་མྱུར་ངང་སླར་གསོ་བྱུང་བ། ཨར་སྐྲུན་ལས་རིགས་ཀྱི་གབ་ཤུགས་སྔོག་འདོན་ཧུར་ཐག་སྒོས་ཀྲུའོ་དབྱི་འཛུགས་སྐྲུན་ཚད་ཡོད་ཀུང་སི་སྐྱེད་སྲིང་བྱས་པ་དང་། ཨར་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས100%འཕར་ཡོད། གསེར་མདོག་མདོ་ལའི་ཐོན་རྫས་མཐུན་སྦྱོར་བྱས་ཏེ་ཞིང་ཆེན་དམག་ཁུལ་གྱི་ཉོ་སྒྲུབ་ལས་སྟེགས་དཀར་ཆག་དང“823”དབུལ་སྐྱོར་ཚོང་གྲོང་གི་ཉོ་སྒྲུབ་དཀར་ཆག་ཁྲོད་དུ་བཅུག་ལ། ཕྱིར་ཚོང་བསྡོམས་འབོར་གོང་འཕེལ་ནུས་ལྡན་བྱུང་། མདོ་ལའི་སྐམས་ཤའི་བག་ལེབ་མཚོ་སྔོན“ཁྱིམ་སྟོན”ཟས་རིགས་ཀྱི་གྲས་སུ་པེ་ཅིང་ནས་ཐོག་མའི་འགྲེམ་སྟོན་བྱེད་སྒོར་ཞུགས་པ་དང་། ཁྲོམ་ར་སྔར་བས་རྒྱ་བསྐྱེད་ཡོད། “མདོ་ལ་སྤྲོ་མྱུལ། ལྔ་གཅིག་ཉོ་སྒྲུབ”དང“ལྷ་ཁམས་མདོ་ལ། ལྔ་བའི་བ་བཞིའི་ཕན་བདེ་ལོངས་སྤྱོད”སོགས་བརྗོད་དོན་གཙོ་བོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི11བཏང་བ་དང་། འཛད་སྤྱོད་འཛིན་ཤོག7928སྤྲད་ཅིང་། འཛད་སྤྱོད་སྒོར་ཁྲི150ལ་སྐུལ་ཁྲིད་བྱས་པས་མང་ཚོགས་མི་ཐེངས་ཁྲི2ཙམ་ལ་ཕན་འབྲས་ཐོབ། “རྙིང་ཚབ་གསར་བརྗེ”དོན་འཁྱོལ་སྒོས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། རིམ་རྩིས་ལྟར་ན་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི112.4སྤྲད།

རིག་གནས་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་ངང་སླར་གསོ་བྱུང་བ། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་གནམ་གྲུ་ཐོག་མ་དངོས་སུ་ཤར་གཏོང་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར་བྱེད་སྒོ་ཁག་པེ་ཅིང་གི་མཐོ་སློབ་ཆེ་གྲས་དག་ཏུ་སྤེལ་ལ།ཞིང་ཆེན་ཕྱི་ནང་གི་སློབ་ཆེན་སློབ་མ་དང་ཡུས་མིན་ཧུང་ཏུང་ཧྥང་ཧྲག་འདེམས་ཐད་གཏོང་ཚོགས་པ་མདོ་ལར་བསྐྱོད་པ་དང་། སྤྱི་ཚོགས་ལག་ལེན་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། “ལྷ་ཁམས་མདོ་ལ”ཞིན་ཏུང་ཧྥང་རིག་གནས་ཡུལ་སྐོར་འོས་སྦྱོར་བྱེད་སྒོར་བསྐྱོད་དེ་མཉམ་ལས་མོས་མཐུན་གྱི་རྣམ་པ་ཐོག་མར་གྲུབ།“བྱང་ཕྱོགས་མདོ་ལར་བསྐྱོད། གཞུང་ལམ་དགུ་བ་བགྲོད”ཅེས་པའི་སྒེར་འཁོར་ཡུལ་སྐོར་སྤུས་རྟགས་ནུས་ཤུགས་ཆེན་པོས་བཏོན་པར། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐོང་ཆེན་དང་རྒྱ་ཆེའི་སྨྱན་སྦྱོར་གྱིས་དོ་ཁུར་བྱས་པ་དང་།དྲ་ལམ་བརྒྱུད་སྤེལ་བྱེད་ཚད་མི་ཐེངས་ཁྲི990ཟིན་ཞིང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་ཞིན་ཧྭ་དྲ་བ་སོགས་གཙོ་རྒྱུག་ལས་སྟེགས་སུ་བསྐྱོད་པས། མདོ་ལ“ལྔ་གཅིག”རིང་གི་རྒྱལ་ཡོངས་ཀྱི་དགའ་མོས་བྱེད་མཁན་མང་བའི་རྫོང་ཁོངས་སུ་གྱུར་ཡོད། “ལྔ་གཅིག”རིང་རྫོང་ཡོངས་ཀྱི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ40%ཡན་འཕར་བ་དང་སྐར་མ་རིམ་པའི་མགྲོན་ཁང་དུ་སྡོད་ཚད་དུས་མཚུངས་ལས་ལྡབ་གཅིག་འཕར་ཡོད། 2025ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི63.88ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས32.31%འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི34591.06ཟིན་པ་དེ་དུས་མཚུངས་ལས30%འཕར་ཞིང་། ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ལ།འཕེལ་རྒྱས་ཀྱི་གབ་ཤུགས་ཉིན་རེ་བཞིན་མངོན་གསལ་དོད་པར་གྱུར་ཡོད།



མཉམ་སྤྱོད།