དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པིང་ཀྲོའུ་དང་མདོ་ལའི་ཏང་སྲིད་མཉམ་འབྲེལ་ཚོགས་འདུ་མདོ་ལ་རུ་འཚོགས།

2025-07-14 11:09:34   |   64

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། པིང་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི་སུང་ཡུང་ཞང་གིས་རུ་སྣེ་ཁྲིད་དེ་མདོ་ལར་རྟོག་ཞིབ་ཏུ་སླེབས།

པིང་ཀྲོའུ་དང་མདོ་ལའི་ཏང་སྲིད་མཉམ་འབྲེལ་ཚོགས་འདུའི་སྟེང་པིང་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི་སུང་ཡུང་ཞང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་སྤེལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་སི་ཅེ་ཧྲེང་ཚོགས་འདུར་ཞུགས། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་དང་། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་དམེ་རྒྱལ་མཚན་གྱིས་མདོ་ལ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་བཅས་སྙན་སེང་ཕུལ། 

图片1.png

སུང་ཡུང་ཞང་གིས་པིང་ཀྲོའུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་རོགས་འདེགས་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཡིན། 2012ལོའི་ཚུན་དུ་པིང་ཀྲོའུ་དང་མདོ་ལ་གཉིས་ཀྱིས་ཕན་ཚུན་ལག་རྡང་སྦྲེལ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། རི་ཆུ་སྟོང་ཕྲག་གི་བར་ཐག་བརྒལ་ནས་འཕེལ་རྒྱས་ཀྱི་གཞུང་གསར་བརྩམས་ཤིང་མ་འོངས་མཉམ་རྒྱལ་བྱུང་། སློབ་གསོ་རིག་གནས་དང་སྨན་བཅོས་འཕྲོད་བསྟེན། ཐོན་ལས་སྦྲེལ་མཐུད་སོགས་ཀྱི་ཐད་ནས་གཡུར་ཟའི་གྲུབ་འབྲས་བླངས་ཞེས་བསྟན།

སུང་ཡུང་ཞང་གིས་པིང་ཀྲོའུ་དང་མདོ་ལའི་ས་གནས་གཉིས་བར་བར་ཐག་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་ཟབ་མོ་ཆགས་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རབ་བྱེད་གསར་བ་མཉམ་གཅིག་བྲིས་ཏེ་ཐུན་མོང་མཉམ་རྒྱལ་གྱི་ཡིད་འོང་འབྱུང་འགྱུར་མཉམ་དུ་བརྩོན་བཞིན་ཡོད། ས་གནས་གཉིས་ཀྱིས་རང་སའི་ལེགས་ཆ་འདོན་སྤེལ་སྒོས་ཁྱབ་རྒྱ་དང་ཟབ་ཚད། ཆུ་ཚད་སྔར་བས་མཐོན་པོས་བརྗེ་རེས་མཉམ་ལས་སྤེལ། པིང་ཀྲོའུ་ཡིས“མདོ་ལ་གང་མཁོ་པིང་ཀྲོའུ་ཅི་ནུས”རྒྱུན་འཁྱོངས་སྒོས་ཁ་གཏད་རོགས་སྐྱོར་རོགས་རམ་གྱི་ཆབ་སྲིད་འགན་འཁྲི་ཆེན་པོ་འདི་ལག་ལེན་དོན་འཁྱོལ་དང་། ཡུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་རོགས་འདེགས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མདོ་ལའི་མི་དམངས་མང་ཚོགས་ལ་མཐོང་རྒྱུ་ཡོད་པ་དང་རེག་རྒྱུ་ཡོད་པའི་ཕན་པ་དངོས་བརྩོན་ལེན་བྱས་ཏེ་བློ་སེམས་གཅིག་གིས་ས་གནས་གཉིས་ཀྱི་མཉམ་གཅིག་གོང་འཕེལ་འགྲོ་བའི་རབ་བྱེད་གསར་པ་རྩོམ་ཞེས་བསྟན།

图片2.png

ཀང་ཧྥུའུ་ཡིས་མདོ་ལ་རྫོང་གི་ཚན་པ་བཞི་དང་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཁྲི5.3གྱི་ཚབ་བྱས་ཏེ་ཧྲུའུ་ཅི་སུང་ཡུང་ཞང་འཁོར་བཅས་མདོ་ལ་རུ་རྟོག་ཞིབ་ཏུ་ཕྱིན་པར་དགའ་བསུ་ཚད་མེད་བྱས། པིང་ཀྲོའུ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། ད་དུང་མདོ་ལར་སེམས་ཁུར་དང་མདོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་མཁན་གྱི་པིང་ཀྲོའུ་ཡི་རིགས་སོ་སོའི་མང་ཚོགས་ཡོངས་ལ་བླ་མེད་ཀྱི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་ཞུས།

ཀང་ཧྥུའུ་ཡིས་མདོ་ལ་ནི་ཐོན་ལས་རིམ་སྤོར་མཐོར་འདེགས་ཀྱི་གནད་འགག་གི་དུས་ཚིགས་ན་གནས་པས་ས་གནས་གཉིས་ཀྱིས་འཛད་སྤྱོད་སྦས་ཤུགས་སྔོག་འདོན་དང་མཐོར་འདེགས་བར་སྟོང་རྒྱ་བསྐྱེད། ཐོན་ལས་སྒྲིག་བཀོད་ལེགས་སྒྱུར། ཐོན་ལས་བཀོད་སྒྲིག་ལེགས་སྒྲིག་བཅས་ཀྱི་ཐད་མཉམ་ལས་ཀྱི་མདུན་ལྗོངས་མངོན། མཉམ་ལས་ཀྱི་ཁྱབ་ཚད་དང་མཐུན་སྦྱོར་གྱི་ཟབ་ཚད་སྔར་བས་རྒྱ་བསྐྱེད་པ་དང་། ལྷག་པར་དུ་སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་འཇོན་མིའི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་ལ་རྒྱུན་མཐུད་ཤུགས་བསྣན་ནས་མཉམ་གཅིག་གིས་ཁ་གཏད་རོགས་སྐྱོར་རོགས་འདེགས་ཀྱི“རིམ་སྤོར་ཅན”བསྐྲུན་ནས་ཞིང་ཆེན་དང་ཁུལ་ཡོངས་ཀྱི་མིག་དཔེ་བལྟ་ས་དང་མདུན་གྲལ་དུ་བསྐྱོད་དགོས། ཐོན་ལས་རོགས་གསབ་དང་མཐུན་སྦྱོར་ཕན་ནུས་ལ་སྔར་བས་ཤུགས་བསྣན་ནས་ཞིང་ཕྱུགས་ཐོན་ལས་རིམ་སྤོར་དང་ཚོང་དོན་འཁོར་སྐྱོད་རྒྱ་བསྐྱེད། དཔལ་འབྱོར་ལག་རྩལ་རོགས་འདེགས་སོགས་ཁྱབ་ཁོངས་ནས་ཕན་ཚུན་རོགས་འདེགས་བྱེད་དགོས། རིག་གནས་ཡུལ་སྐོར་ཕན་ཚུན་མཉམ་འདྲེས་དང་ཞིབ་སློབ་སྒུལ་ནུས་སྔོག་འདོན་ལ་སྔར་བས་ཤུགས་བསྣན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་རབ་བྱེད་གསར་པ་རྩོམ་ཞེས་བསྟན། 

图片3.png图片4.png

ཚོགས་འདུའི་སྟེང་ད་དུང་པིང་ཀྲོའུ་གྲོང་ཁྱེར་གྱིས་མདོ་ལ་རྫོང་ལ་ཁ་གཏད་རོགས་སྐྱོར་གྱི་ཞལ་འདེབས་མཛད་སྒོ་སྤེལ། 

སུང་ཡུང་ཞང་འཁོར་དང་བཅས་པ་ད་དུང་བཙུན་མོ་གཞོང་གྲོང་རྡལ་ར་གདོང་ཀླད་སྡེ་བའི་གྲོང་གསེབ་དར་སྤེལ་དཔེ་སྟོན་གནས་དང་རྫོང་རིག་ནུས་བཀོད་གཏོང་ལྟེ་གནས། རྫོང་ཨུའི་ཏང་གི་སློང་གྲྭ་སོགས་སུ་རྟོག་ཞིབ་ཏུ་ཕྱིན། 



མཉམ་སྤྱོད།