དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་ཁྱད་ཐོན་ཞིང་ཕྱུགས་ཐོན་རྫས་ཀྱིས་མཐོ་སྒང་གི་རྐང་གྲུག་མཉམ་འགྲན་ལ་གསོན་ཤུགས་གཞན་ཞིག་བསྩལ།

2025-07-16 11:25:48   |   1401

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་གྱི་མཚོ་བྱང་འགྲན་ཁུལ་ཟླ7པའི་ཚེས12ཉིན་བདེ་བླག་ངང་སྤེལ་བར་རམ་འདེགས་བྱ་ཆེད། མདོ་ལ་རྫོང་གིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གཞི་རྟེན་དུ་བྱས་ཤིང་། ས་གནས་ཀྱི་ཕྱུགས་ལས་གོང་སྤེལ་བཏང་བའི་གྲུབ་འབྲས་གང་ལེགས་མངོན་ཕྱིར་འགྲན་སྡུར་ལ་ཁྱད་ཆོས་ཅན་གྱི“མདོ་ལའི་གཞི་རྒྱུ”ནང་འཇུག་བྱས། 

640.png

ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ནི“གཟེངས་རྟགས”སུ་གྱུར་ཏེ་ས་ཁོངས་ཀྱི་ཁྱད་ཆོས་མ་ལུས་ཕྱི་རུ་མངོན། མདོ་ལ་རྫོང་གིས་ས་གནས་ཀྱི་ཁྱད་ཆོས་ཆེས་ཆེར་མངའ་བའི་ཞིང་ཕྱུགས་ཐོན་རྫས་འགྲན་སྡུར་གྱི་གཟེངས་རྟགས་སུ་བྱས་ནས་ཁྱད་ཆོས་འབུར་དུ་ཐོན་པ་བྱས། གཟེངས་རྟགས་ཀྱི་བཀོད་སྒྲིག་ལ་དམིགས་བསལ་བྱ་དགའ་དང་ཨང་དང་པོ་ནས་གསུམ་པ། ཆེས་གཟེངས་སུ་ཐོན་པའི་འགྲན་ཞུགས་པ། ལག་བསོད་བྱ་དགའ་སོགས་སྡོམ་པའི60ལྷག་འདུས་ཤིང་སྤྱིའི་རིན་ཐང་སྒོར་ཁྲི1.52ཡིན། དེའི་ཁྲོད་མདོ་ལའི་བོད་ལུག་ལུག་ཤ་ཤ་ཁོག་དང་ལུག་རྩིབ། སྐམས་ཤའི་རྩིབ་མ། ནོར་ལུག་ཤའི་བཙོས་ཟས། ཤ་མོ་སེར་བོ་སོགས་གྲ་སྒྲིག་བྱས་ཏེ་མདོ་ལའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐུན་མིན་གྱི་སྤུས་ཀ་ཕྱི་རུ་མངོན།

640 (1).png

ཕྱིར་ཚོང་ཁྲོམ་ར་རྒྱ་བསྐྱེད་དེ“མདོ་ལའི་ཁྱད་ལྡན་ཐོན་རྫས”འགྲན་སྡུར་ལ་བརྟེན་ནས་ཕྱི་རུ་གྲགས། འགྲན་སྡུར་སྟེགས་བུའི་ཆིག་སྒྲིལ་ཕན་ནུས་ལ་བརྟེན་ནས་མདོ་ལ་རྫོང་གིས་ཁེ་ལས13གྱི་རིགས58དང་སྣ500ལྷག་ཁྱེར་ནས་འཇུ་ལག་རྫོང་གི་མཉམ་འགྲན་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་བྱེད་སྒོར་ཞུགས། ལུག་ཤ་དང་སྐམས་ཤ། ཤ་མོ་སེར་པོ། ཤྭ་ར། བཙོས་ཟས། འོ་ལས་ཐོན་རྫས། རྒྱ་ཁོག་བྲོ་རྫས་སོགས་ས་གནས་རང་གི་དངོས་ཟོག་ལེགས་པོ་བཤམས་སྟོན་བྱས། “འགྲན་སྡུར+འགྲེམས་ཚོང”གི་རྣམ་པ་བརྒྱུད་མདོ་ལའི་ཞིང་ཕྱུགས་ཐོན་རྫས་ལ་སྔར་ལས་མང་པོའི་འཛད་སྤྱོད་པས་དགའ་བསུ་ཐོབ་ཅིང་ཁྲོམ་ར་སྔར་ལས་རྒྱ་བསྐྱེད་པའི་རྨང་གཞི་བརྟན་པོ་བཞག

640 (2).png

མདོ་ལ་རྫོང་གིས“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་གོ་སྐབས་སུ་བྱས་ནས་འགྲན་སྡུར་ལ་ནུས་ལྡན་འགན་སྲུང་བྱས་པའི་མི་ཚད་སྟེགས་བུ་འདི་བརྒྱུད་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་དང་ཁྱབ་བརྡལ་དུ་བཏང་ཞིང་། མདོ་ལའི་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་སྔར་བས་མཐོ་རུ་སོང་ནས་ས་གནས་ཀྱི་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན། 



མཉམ་སྤྱོད།