དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་དམངས་འཚོ་འགན་ལེན་གྱི་དྲ་བ་དམ་པོར་བཙུགས་པ།

2025-07-16 11:34:08   |   289

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་གྱི་དམངས་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་ལས་ཀའི་འདུ་ཤེས་བརྟན་པོར་བཙུགས་ཤིང་། དམིགས་བསལ་ཚོགས་སྤྱིར་དམིགས་པ་དང་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་པ། རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་གནད་སྨིན་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་གནད་སྨིན་ཇུས་བསྟར་དང་གནད་སྨིན་ཤུགས་འདོན་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགོག་སྲུང་མཐའ་མ་བརྟན་པོར་བསྐྲུན།

སེམས་ཁྲལ་དང་རེ་སྒུག་ལ་དམིགས་ནས་གཞི་རྩའི་དམངས་འཚོ་འགན་ལེན་ཏན་ཏིག་ནུས་ལྡན་བྱུང་བ། མ་དངུལ་སྤྲོད་པའི་གོ་རིམ་ལག་བསྟར་ནན་པོ་བྱས་ནས2025ལོའི་ཟླ་དང་པོ་ནས་ལྔ་པའི་བར་འགན་ལེན་མ་དངུལ་སྣ་ཚོགས་སྒོར་ཁྲི1101.23སྤྲད་པས་མང་ཚོགས་ཁྱིམ་ཚང2222ཀྱི་མི4205ལ་ཕན་པ་ཐོབ། དུས་བཀག་ལྟར་སློབ་གསོ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་། འཕྲལ་སེལ། སྨན་བཅོས་འགན་བཅོལ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས་སོགས་སྡེ་ཚན་དང་ཆ་འཕྲིན་མཉམ་སྤྱོད་དང་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཆེད་དོན་རོགས་སྐྱོབ་ཐོབ་པའི་ཡོང་འབབ་དམའ་བའི་མི་འབོར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། འབྲེལ་ཡོད་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་གྲངས་གཞི་བསྐུར་ནས་གནད་སྨིན་རོགས་སྐྱོབ་དང་ཕན་ཆེའི་རོགས་སྐྱོབ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། མིག་སྔའི་བར་གྲོང་གསེབ་དར་སྤེལ་དང་སྨན་བཅོས་འགན་བཅོལ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ལས་རིགས་སྡེ་ཚན་དང་འབྲེལ་མཐུད་བྱས་པའི་གྲངས་གཞི་ཁྲི0.626ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་གསར་སྣོན་བྱས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང79ཡི་མི169ཡོད།

སྤུས་ཚད་རིམ་སྤོར་ལ་དམིགས་ནས་གཞི་རྩའི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ། “1+10+N”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས། ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་གཞི་རྟེན་དུ་བྱས་ཏེ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་ཐབས་བརྒྱུད་ཁྱིམ་དུ་སྡོད་པའི་རྒན་རྒོན་ལ་ལྟོ་ཆས་རོགས་རམ་ཞབས་ཞུ་དང་། ཁྱིམ་ཚང་གི་གཙང་སྦྲ། སྒྲུབ་རྒྱུར་སྒུག་པའི་དོན་ཚན། བསམ་པའི་སེམས་གསོ། བདེ་ཐང་ཞབས་ཞུ་སོགས་ཞབས་ཞུའི་རྣམ་གྲངས་ཆེ་གྲས10མཁོ་འདོན་བྱས། ཟླ་དང་པོ་ནས་ལྔ་པའི་བར་ཆ་རྐྱེན་དང་མཐུན་པའི་རྒན་རྒོན1084ལ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་པར་ཞབས་ཞུའི་གྲོན་དངུལ་སྒོར་ཁྲི81.2སྤྲད། རྒན་གསོའི་སྒྲིག་གཞིའི་ཕྱོགས་བསྡུས་འགན་འཁྲིའི་འགན་བཅོལ་མི20ལ་ཉོས་པ་དང་འབྲེལ་རྫོང་ཡོངས་ཀྱི་རྒན་རྒོན4872ལ་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོས་པར་ཁ་གསབ་མ་དངུལ་སྒོར་ཁྲི8སྤྲད། ལོ70ཡན་གྱི་རྒན་རྒོན2745ལ་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི153.17སྤྲད། ཞབས་ཞུའི་བཀོད་པ་སྔར་བས་ལེགས་སུ་བཏང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་རྒན་རྒོན་གྱི་ཟས་རོགས་ཞབས་ཞུའི་ལས་དོན་ལ་དམངས་སེམས་ཐོབ་པ་དང་དམངས་ཀྱི་འདོད་བློ་འཚིམ་པར་བྱས། ཟླ1པོ་ནས5པའི་བར་རྒན་རྒོན་གྱི་ཟ་མ་མི9363དང་། ལུས་གསོའི་ནད་གཡོག་དང་ཁྲག་ཤེད་ཚད་ལེན། རྐང་འཁྲུས་བདེ་སྲུང་། གློག་བསྲེགས་དངོས་བཅོས་བཅས་མི་ཐེངས1315ལ་བྱས།

དམག་ལོག་དམག་མིར་དམིགས་ནས་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། འོས་འགན་དམག་མིའི་ཁྱིམ་ཚང22ལ་གཟིགས་སྐྱོང་དངུལ་སྒོར་ཁྲི32སྤྲད་པ། གཟིགས་སྐྱོང་བྱ་ཡུལ116ལ་གཟིགས་སྐྱོང་དང་འཚོ་བའི་ཁ་གསབ་སྒོར་ཁྲི70སྤྲད། སློབ་ཆེན་སློབ་མ་དམག་ལ་ཞུགས་པའི་ཁྱིམ་ཚང11ལ་ཐེངས་གཅིག་གི་གཟིགས་སྐྱོང་དངུལ་སྒོར་ཁྲི16.6སྤྲད། གྲ་སྒྲིག་མེ་ཟོན་མི་སྣའི་ཁྱིམ་ཚང་བཞིར་གཟིགས་སྐྱོང་དངུལ་སྒོར་ཁྲི8སྤྲད་པ། དུས་ཆེན་གཉིས་རིང་རྫོང་མི་དམངས་དྲག་ཆས་པུའུ་དང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན། རྫོང་དྲག་ཆས་ཉེན་རྟོག་རུ་འབྲིང་། དཀའ་ངལ་ཡོད་པའི་དམག་ལོག་དམག་མི17དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་འཚམས་འདྲི་བྱས་པ་དང་འཚམས་འདྲིའི་དངུལ་སྒོར་ཁྲི2.4སྤྲད་པ་དང་། བྱས་རྗེས་བཞག་པའི་བྱ་དགའ་ཐོབ་མཁན9ལ་འཚམས་འདྲིའི་དངུལ་སྒོར་ཁྲི1.35སྤྲད། དེ་དང་ཆབས་ཅིག་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གཉེར་བའི“2025ལོའི་མདོ་ལ་རྫོང་གི“དཔྱིད་རླུང་བྱ་སྤྱོད”དང་རྒྱལ་ཡོངས་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་མཐོ་སློབ་སློབ་ཐོན་སློབ་མའི་དཔྱིད་དུས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུར་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱས། རྫོང་མི་དམངས་དྲག་ཆས་པུའུ་དང་མཉམ་འབྲེལ་ཐོག་མདོ་ལ་རྫོང་གི2025ལོའི་ལོ་སྟོད་དུ་དམག་ལ་ཞུགས་པའི་དམག་མི་གསར་པར་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་སྤེལ་བ་དང་འབྲེལ་དམག་མི་གསར་པ7ལ་ཐུགས་ཁུར་དང་རེ་སྨོན་གྱི་རྡོག་ཁྲེས་སྒམ་བསྩལ།



མཉམ་སྤྱོད།