དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཉིན་གཅིག་གི་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི1.7ལ་བསླེབས་འདུག

2025-07-21 15:09:42   |   1229

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱར་ཟླ་བདུན་པའི་མདོ་ལ་རིང་མོའི་འདབས་ཀྱི་ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཆེན་མོ་དྲུག་གི་ཡ་གྱལ་ཏེ་མདོ་ལ་རིང་མོའི་རྩྭ་ཐང་ཆེན་མོ་ནི་ཆེས་མཛེས་པའི་དུས་ཚིགས་ལ་བསླེབས་ཟིན། ནམ་མཁའི་སྤྲིན་པ་དང་གངས་རི་རྩྭ་ཐང་འདྲེས་མཚམས་ཀྱི་ཡིད་དུ་འོང་བའི་ཡུལ་ལྗོངས་དབུས་ཀྱི་མདོ་ལ་རྫོང་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་བསུས་ཤིང་། ཕྱི་རོལ་སྒར་འདེབས་དང་རྐང་བགྲོད་འགྲན་སྡུར། ཡུལ་སྐོར་ལྗོངས་རྒྱུ། འཚོ་བའི་ཉམས་ལེན་གྱི་ཡུལ་སྐོར་བྱེད་སྟངས་སྣ་མང་བཏོན། མདོ་ལའི་རིག་གནས་ཡུལ་སྐོར་ཁྲོམ་ར་བྲིན་པོ་བྱུང་བ་དང་མཉམ་དུ་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི1.7ལས་བརྒལ་བ་བྱུང་། སྡོམ་རྩིས་བྱས་པ་ལྟར་ན་ཟླ6པའི་ཚེས1ནས་ཚེས30ཉིན་བར། རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི26.2སྣེ་ལེན་བྱས་ཤིང་། ལོ་སྔོན་མ་དང་བསྡུར་ན29.83%འཕར། ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི15756.3མངོན་འགྱུར་བྱས་ཤིང་སྔོན་དང་བསྡུར་ན20.86%འཕར། 

མདོ་ལ་རྫོང་དུ་གངས་རི་དང་རྩྭ་ཐང་། འཁྱགས་ཀློང་། གྲོག་རོང་། ས་བྱད། ནགས་ཚལ་སོགས་ཡུལ་ལྗོངས་ཡོངས་སུ་འདུས་ཤིང་། མངའ་ཁོངས་སུ་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞིར་འཐེན་ཏེ“མཚོ་སྔོན་བྱང་གི་སྒོ་ཆེན”གྱི་འགྲིམ་འགྲུལ་ལྟེ་བ་རུ་ཆགས། ད་ལོའི་ཚུན་དུ་མདོ་ལ་རྫོང་གིས“བྱང་གི་མདོ་ལའི་གཞུང་ལམ9པར་བསྐྱོད་པ”ཡི་བགྲོད་ལམ་ལེགས་ཤོས་བཏོད་དེ་སྐྱེ་ཁམས་འབྲོག་པའི་ཉམས་ལེན་ཐིག་དང་གཟུགས་འདས་དམངས་སྲོལ་ཉམས་མྱོང་སོགས་སྣ་མང་ཅན་གྱི་ཐོན་རྫས་བཏོན། སྒེར་བཞུད་ཡུལ་སྐོར་བར“མཐོང་ཚོར་གྱི་མཛེས་སྡུག+རིག་གནས་ཀྱི་ཉམས་ལེན”ཟུང་གི་མྱོང་བ་ཁྱེར་ཡོང་ནས“མྱུར་འཛུལ་དལ་མྱུལ”གྱི་ཡུལ་སྐོར་བྱེད་སྟངས་གསར་པ་གྲུབ། རྫོང་འདི“རྒྱལ་ཡོངས་རྫོང་ཁོངས་རང་སྐོར་དཔེ་སྟོན་རྫོང”དུ་བདམས་པ་འདི་ནི་མདོ་ལ་རྫོང་གི་རང་སྐོར་ཐོན་ཁུངས་དང་གྲུབ་འབྲས་ཀྱི་ཚད་མཐོའི་ཁས་ལེན་ཡིན་ལ། རིག་གནས་ཐོན་ལས་ཀྱི་གོང་སྤེལ་ལ་སྔར་ལས་སྒུལ་ཤུགས་དྲག་པོ་བསྣན།

རྒྱ་ཆེའི་ཡུལ་སྐོར་བ་ལ་ཞབས་ཞུ་སྔར་བས་ལེགས་པོ་བྱ་ཆེད། ཡུལ་སྐོར་བྲིན་དུས་རིང་ལ་རྫོང་འདིའི་རྫོང་ཨུ་དང་རྫོང་སྲིད་གཞུང་། གྲོས་ཚོགས་ལྟེ་གནས་ཀྱི་སྒོ་མདུན་སོགས་ཀྱི་རླངས་འཁོར་འཇོག་གནས543ཡུལ་སྐོར་བ་ལ་རིན་མེད་ངང་སྒོ་ཕྱེ། ལས་དོན་མི་སྣས་དུས་ཚོད་ངེས་གཏན་ནང་བདེ་འཇགས་དང་འཕྲོད་བསྟེན་ལ་འགན་སྲུང་བྱས། ཡུལ་སྐོར་ཁྲོམ་ར་མུ་མཐུད་དུ་འཕེལ་རྒྱས་སུ་སོང་བ་དང་ལྷན་དུ་མདོ་ལ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་བསྟན་དོན། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་པ་དང་ཡུལ་སྐོར་ཞབས་ཞུ་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཐོན་རྫས་མཁོ་འདོན་ཕུན་སུམ་ཚོགས་པར་གཏོང་བ་བཅས་བྱས་ནས། ཡུལ་སྐོར་བར་སྤུས་ལེགས་དང་ཁམས་གཡེང་གི་ཡུལ་སྐོར་ཁོར་ཡུག་བཏོད་དེ་མདོ་ལ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ཟོང་རྟགས་མིང་བྱང་སྔར་ལས་ཕྱོགས་ཀུན་ལ་ཁྱབ་པར་བྱས། 



མཉམ་སྤྱོད།