དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝེ་ཐའོ་མདོ་ལ་རྫོང་དུ་འདྲི་བཅར་རྟོག་ཞིབ་སྤེལ་བར་ཕྱིན།

2025-07-23 09:44:11   |   1313

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། ཝུའུ་ཁོང་འཕེལ་རྒྱས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་རྐང་གཉེར་དབུ་གཙོ་ཝེ་ཐའོ་ཡིས་རུ་སྣེ་ཁྲིད་དེ་མདོ་ལ་རྫོང་དུ་འདྲི་བཅར་རྟོག་ཞིབ་སྤེལ་བར་ཐོན་ཞིང་། ཁ་གཏད་རོགས་སྐྱོར་ལས་དོན་སྔར་ལས་གཏིང་ཟབ་ཏུ་བཏང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་། ཀྲུང་གོ་ཝུའུ་ཁོང་མཚོ་སྐྱོར་ལས་བྱེད་དམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལིའུ་ཀྲེན་ཁྲོན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་མིང་། རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བྱེད་སྒོར་ཞུགས། 

640.png

རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ཀང་ཧྥུའུ་ཡིས་ཝེ་ཐའོ་འཁོར་བཅས་མདོ་ལར་ཐོན་པ་ལ་དགའ་བསུ་ཟོལ་མེད་བྱས་ཤིང་། ཝུའུ་ཁོང་འཕེལ་རྒྱས་ཀྱིས་དུས་ཡུན་རིང་པོར་མདོ་ལའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་སྒོ་སོ་སོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས། ཁོང་གིས་ཝུའུ་ཁོང་འཕེལ་རྒྱས་ཀྱིས་མདོ་ལར་ཁ་གཏད་རོགས་སྐྱོར་བྱས་ཚུན་ནས་ལས་དོན་སྣ་མང་ཁག་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། གྲོང་གསེབ་དར་སྤེལ་དང་སློབ་གསོ་རིག་གནས། གསར་བརྗེ་ཞིབ་སློབ། འཛད་སྤྱོད་རོགས་འདེགས། མངག་སྡོད་ལས་བྱེད་སོགས་ཀྱི་ཐད་ནས་ཕན་འབྲས་ཐོན་པའི་བྱ་བ་འབོར་ཆེན་བསྒྲུབས་ཏེ་མདོ་ལའི་རིགས་སོ་སོའི་མི་དམངས་ཀྱིས་མིག་མཐོང་ལག་ཟིན་དུ་གྱུར་ཡོད། ཕྱོགས་གཉིས་ཀས་ཐེངས་འདིའི་བརྗེ་རེས་འདི་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མཉམ་གཅིག་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྐས་རིམ་གསར་བ་རུ་སྐུལ་འདེད་གཏོང་ཞེས་བསྟན། ཝེ་ཐའོ་ཡིས་ཝུའུ་ཁོང་འཕེལ་རྒྱས་ནི་ཀྲུང་གོ་ཝུའུ་ཁོང་གི་ཁོངས་གཏོགས་ཁྲོམ་འགྲེམས་ཀུང་སི་ཡིན་པའི་ཆ་ནས་ཏང་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བྱས། མ་འོངས་པ་ན་ཀྲུང་གོ་ཝུའུ་ཁོང་གིས་གཅིག་གྱུར་བཀོད་སྒྲིག་ལྟར་མདོ་ལ་རྫོང་གི་དམ་ཟབ་འབྲེལ་བ་ལ་སྔར་བས་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་རྒྱ་བསྐྱེད་གཏིང་ཟབ་ཏུ་བཏང་ནས་མདོ་ལའི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་འཕེལ། དམངས་འཚོས་ལེགས་སྒྱུར་ཐད་བྱས་རྗེས་སྔར་བས་ཆེན་པོ་འཇོག་ཅེས་བསྟན། 

དཔེ་དེབ་ཞལ་འདེབས་མཛད་སྒོའི་སྟེང་ཝུའུ་ཁོང་འཕེལ་རྒྱས་ཀྱིས་མདོ་ལ་རྫོང་དཔེ་མཛོད་ཁང་ལ་རིགས་སྣ་མང་གི་དཔེ་དེབ3200ལྷག་བྱིན། བརྩེ་སེམས་དཔེ་སྒྲོམ་གྱི་བྱང་བུ་བཀལ་ཞིང་མདོ་ལ་རྫོང་དཔེ་མཛོད་ཁང་གིས་ཝུའུ་ཁོང་འཕེལ་རྒྱས་ལ་ཞལ་འདེབས་དཔང་རྟགས་གནང་། ཐེངས་འདིའི་བྱེད་སྒོ་ནི་ན་ནིང་ཝུའུ་ཁོང་འཕེལ་རྒྱས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རྟ་ཐོག་དཔེ་མཛོད་ཁང་ལ་ཡུལ་དངོས་འདྲི་བཅར་དུ་ཕྱིན་པ་ནས་སྤེལ་བའི་མཉམ་ལས་ཐེངས་གཅིག་ཡིན། མདོ་ལ་རྫོང་གི་རིགས་སོ་སོའི་མང་ཚོགས་དང་ལྷག་པར་དུ་ན་གཞོན་ཚོ་ལ་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་གི་ཐོན་ཁུངས་མཁོ་འདོན་བྱས། 

640 (1).png

640 (2).png

བྱེད་སྒོའི་རིང་ཝེ་ཐའོ་འཁོར་བཅས་ད་དུང་མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭ་དང་སྟོང་སོ་ཆེ་བའི་ཞིང་ཕྱུགས་ལས་ཐོན་ལས་གླིང་གི་ཁེ་ལས་ཆུང་ཕྲའི་གསོ་སྐྱོང་རྟེན་གཞི། མདོ་ལ་རྫོང་ཕྱོགས་བསྡུས་རིག་ནུས་བཀོད་གཏོང་ལྟེ་གནས་སུ་གསར་བརྗེ་སློབ་གསོ་དང་རོགས་སྐྲུན་ལས་གཞི། རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཝུའུ་ཁོང་འཕེལ་རྒྱས་ཏང་དམངས་ལས་དོན་པུའུ་ཡི་འགན་ཁུར་བ་དང་འབྲེལ་ཡོད་མི་སྣ་བྱེད་སྒོར་ཞུགས། 



མཉམ་སྤྱོད།