དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་གྱི་ནང་རྫོང་མུ་མཐུད་དུ་མཐོ་རུ་བཏང་།

2025-07-24 15:27:54   |   251

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་གསུང་བཤད་གལ་ཆེའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། “སྡེ་བ་སྟོང་གི་དཔེ་སྟོན་དང་སྡེ་བ་ཁྲི་ཡི་བཅོས་སྒྲིག”གི་ལས་གྲྭའི་ཉམས་མྱོང་སློབ་སྦྱོང་ལག་ལེན་དུ་བསྟར་ནས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་འཕེལ་རྒྱས། གྲོང་གསེབ་བཅོས་སྒྲིག་མཉམ་གཅིག་སྐུལ་འདེད་བཏང་ནས་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་གྱི་ནང་རྫོང་རྒྱུན་མཐུད་མཐོ་རུ་བཏང་།

གྲོང་གསེབ་ཀྱི་ཁོར་ཡུག་ལ་ལེགས་བཅོས་གསར་པ་བྱུང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་ནི་གྲོང་གསེབ་དར་སྤེལ་ཐབས་ཇུས་ཀྱི་ཤུགས་འདོན་ས་གཙོ་བོ་རུ་བཟུང་ཞིང་། གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་འདེགས་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད“གཙང་གསུམ་བཅོས་གསུམ”ལ་དམིགས་ནས་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ལ། མི་སྡོད་ཁོར་ཡུག་བཅོས་སྒྲིག་ལམ་ལུགས་རྒྱུན་མཐུད་ཅན་དང་ཚད་ལྡན་ཅན། འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་དང་འཕེན་པ། བཙོག་ཆུ་ཕྱིར་འབུད། བེད་མེད་ཉེན་ཅན་ཁང་བ། གསང་སྤྱོད་ཁང་ཚད་གཞིར་མི་ལོངས་པ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་ནུས་ལྡན་ཐོན། སྡེ་བའི་མི་སྡོད་ཁོར་ཡུག་ལ་ལེགས་སྒྱུར་མངོན་གསལ་ཐོན་ཞིང་སྡེ་བའི་རྣམ་པ་ལ་མཐོར་འདེགས་ཆེན་པོ་བྱུང་ནས་གྲོང་གསེབ་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་ཐོན། 

གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བྱུང་། རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་དང་ཞིང་ཆེན་ཡོངས་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་རྫོང་བསྐྲུན་པ་རྟེན་གཞི་རུ་བྱས་ཐོག གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི་གཙོ་གནད་དུ་བཟུང་བ་དང་། ཞིང་ཕྱུགས་ལས་དང་སྤུས་ལེགས་དམངས་ཤག ཞིང(འབྲོག)པའི་སྤྲོ་ཁྱིམ་འཛིན་ཡུར་བྱེད་པ། གྲོང་གསེབ་ཡུལ་སྐོར་དང་ལྗོངས་གཟིགས་ཡུལ་སྐོར། དམངས་སྲོལ་ཉམས་ལེན་བྱེད་སྒོ་སོགས་ཤུགས་ཆེར་སྤེལ་བ། ཡུལ་སྐོར་དཔལ་འབྱོར་ཤུགས་ཆེན་པོས་འཁྲུག་པོར་གཉེར་བ་བཅས་བྱས་ནས། དམར་ཝོར་སྡེ་བ་དང་ཁྲ་གཟེབ་ལུང་བ་སོགས་སྡོད་འཚམ་ལས་འཚམ་སྐོར་འཚམ་མཛེས་སྡུག་གྲོང་གསེབ་ཁག་ཅིག་བསྐྲུན་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་ཡུལ་སྐོར་སྣེ་ལེན་དང་ཡུལ་སྐོར་ཡོང་འབབ་ལོ་རེར་བཞིན་མཐོ་རུ་ཕྱིན་ཏེ་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་བསྣན།

གྲོང་གསེབ་ཤེས་དཔལ་ལ་རྣམ་པ་གསར་པ་བྱུང་། “མཐོ་སྒང་མཛེས་སྡུག་གྲོང་གསེབ”འཛུགས་སྐྲུན་གྱི་བྱེད་སྒོའི་ཁྲོད་གྲོང་གསེབ་ཀྱི་རྣམ་པ་དང་འཚོ་བའི་ཆ་རྐྱེན་ལ་ཤུགས་བསྣན་པའི་རྨང་གཞིའི་སྟེང་། རྫོང་ཡོངས་སུ“སྲོལ་ངན་བསྒྱུར་ནས་སྲོལ་བཟང་འཛུགས་པ”ཡི་བྱེད་སྒོ་རྒྱ་ཆེར་སྤེལ། ཁྱད་པར་དུ་ནང་དོན་ཟབ་མོ་དང་ཁྱད་ཆོས་འབུར་ཐོན། དཔལ་ཡོན་རྣམ་པ་ཕྱིར་མཚོན་པའི་འགྲམ་ནག་དང་རི་ཕྱོར། ཇ་སག མགོ་མང་། དམར་ཝོར། ཆུ་ཉིན། ཆུ་སྲིབ། ཆུ་བྱང་བཅས་སྡེ་བ8ཀྱི་རིག་གནས་ཐང་ཆེན་བསྐྲུན་ནས་མང་ཚོགས་ཀྱི་བསམ་བློ་སྣེ་ཁྲིད་དང་མང་ཚོགས་ཀྱི་དྲིན་གཟོ་དྲིན་ཚོར་སློབ་གསོ། མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་ལ་སྐུལ་ལྕག་བྱེད་པའི་མཚོན་རྟགས་སུ་གྱུར། 



མཉམ་སྤྱོད།