དེ་རིང་ནི2025ལོའི་ཟླ08པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གནས་བདག་དང་ལྷ་མོའི་གཏམ་རྒྱུད་ཀུན་གྱི་མཐོང་ལམ་དུ་དྲངས།

2025-07-31 11:49:53   |   2347

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལའི་མཚན་མོ་ནི་ཀུན་གྱི་རྗེས་དཔག་འཆར་ཡན་ལས་ལྷག་ཏུ་མཛེས་པ་ཞིག་ཡིན། ཨ་མྱེས་སྟོང་སོའི་གནས་རི་ནི་མི་རིང་ས་ན་རྔམ་སྟབས་ཀྱིས་བརྗིད། གློག་འོད་བརྒྱབ་པ་དང་ཁོ་ལ་སྙིང་གི་ལྡིང་མཚམས་བསྐྱེད་ནས་སླར་གསོན་བྱུང་། དེ་ནི་གར་སྟེགས་གློག་འོད་འཆར་རས་སྟེང་དུ་བརྒྱབ་པའི་ལྡོག་འཕྲོ་ཡིན་ལ་གཞས་གར《མདོ་ལ་ལྷ་ཡི་ཞིང་ཁམས》ཀྱི་མགོ་རྩོམ་གྲ་སྒྲིག་ཡིན།

0934c71fbfebd0f0b36dcc869a5f335.jpg

22601d84cf1d4bd7898f9ccf64f3e13.jpg

d34163ec3a1ab7e54fd0fdccab78c69.jpg

c1c63ff56899e71f6ccfe55888762b4.jpg

རྔ་སྒྲ་གྲགས་པ་དང་ཡོལ་རས་ཕྱེ་བ་ནས་གངས་རི་དང་བླ་མཚོ། རྩྭ་ཐང་བཅས་གར་སྟེགས་སུ་མངོན། སྤྲིན་པ་རླུང་གིས་དེད་ཅིང་དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་པས་རང་ཉིད་དངོས་སུ་མདོ་ལ་རིང་མོའི་རི་ཟོམ་བར་གྱི་མཁའ་དབུགས་འབྱིན་རྔུབ་བྱེད་པའི་ཁོར་ཡུག་ཁྲོད་ན་གནས་པ་དང་འདྲ། ས་གནས་ཀྱི་བོད་པ་རྒད་པོས་རྒྱུན་པར“ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མའི་གཏམ་རྒྱུད་ནི་མི་ལ་བཤད་པ་མིན་ན་རི་ལ་བླངས་པ་ཡིན”། དོ་དགོང་ལྟད་མོ་བས་མཐོང་ཞིང་རི་ཡིས་ཐོས། 

ed392152b45665c43d4dc3b68450a0a.jpg

b1442db664ce6db0a230c6ab3be1ac1.jpg

0a287e232f3e6d9a5f5a213f6b4d09d.jpg

131a335ebc1e145b83e918204583321.jpg

ཀླུ་མོ་དམར་ཡག་མ་དང་གནས་བདག་ཨ་མྱེས་སྟོང་སོའི་གཏམ་རྒྱུད་ནི་ད་ལྟའི་བར་ལ་རྒྱུད་ནས་ཡོང་། གཏམ་རྒྱུད་འདི་ནི་དགོང་མོ་གཉིས་ལ་གར་སྟེགས་གཞས་གར་གྱི་རྣམ་པས་རྫོང་རིག་གནས་ཐང་ཆེན་དུ་འཁྲབ་པས་ལྟད་མོ་བ་བགྲང་ལས་འདས་པ་བཀུག་ཅིང་ཡི་རང་གི་རྡེབ་སྒྲ་མཚམས་མ་ཆད། 


1716f8dd3e0c3fc6cb50b0217f31a76.jpg

90dc3c262f0fdb2d36a2fc73c5dc97d.jpg

49fb72a43021ef906e0b7a3c33ca699.jpg

0a17445c5fd449939b1281fa33b6fad.jpg

ཀླུ་རིགས་ཀྱི་འཁྲབ་སྟོན་རྫོགས་པ་དང་གནས་བདག་ནི“རྟ་རྫི་ན་གཞོན”ཞིག་གི་སྣང་བརྙན་གྱིས་ལོག་ཕེབས་བྱུང་། ཁོ་དང་ཀླུ་མོ་གཉིས་ཀྱིས་སྤང་ལྗོངས་ཀྱི་དཀྱིལ་དབུས་སུ་བྲོ་གར་རྡོག་གཅིག་འཁྲབ་ནས་རྔ་སྒྲས་རྒྱུན་ཆེས་ཚགས་དམ་པའི་སྐབས་ཁོ་གཉིས་ལྷན་ཅིག་ས་ལ་འགྱེལ།

4e38ad6ba9a86ede6fb0c4655e28a91.jpg

མཇུག་མཐའི་གློག་འོད་བརྒྱབ་པ་དང་ཁ་ཕྱིར་འཁོར་ནས་བལྟས་ཙ་ན་ཨ་མྱེས་སྟོང་སོ་ནི་མཚན་གྱི་སྨག་རུམ་ཁྲོད་སྨྲ་མེད་དུ་བརྗིད་འདུག་པས་གཞས་གར་ཁྲོད་ཀྱི་འདོད་པ་ཇི་བཞིན་འགྲུབ་པའི་གནས་བདག་དེ་དང་འདྲ་ལ། ཡང་ན་གཏམ་རྒྱུད་ལ་ཉན་ཚར་མ་ཐག་པའི་ལྟད་མོ་བ་ཞིག་དང་མཚུངས། 

གར་སྟེགས་གཞས་གར་འདི་རྒྱལ་ཁ་འབྱུང་བའི་ཆེས་གནད་འགག་ནི་ཚན་རྩལ་མཐོན་པོ་བཀོལ་ཡོད་པས་མིན་ལ་གཏམ་རྒྱུད་ཀྱི་ས་བོན་ཕྱིར་ཕ་ཡུལ་དུ་བཏབ་པས་ཡིན། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་དང་ལྟད་མོ་བས་ས་གནས་ཀྱི་རི་ཆུ་བར་ནས་གཏམ་རྒྱུད་ཞིག་གི་ངེས་པ་རྙེད། 



མཉམ་སྤྱོད།