དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་ཀྲུང་གོའི་དར་སྲོལ་ལུས་རྩལ་དུས་ཚིགས(མཚོ་སྔོན་ས་ཚིགས)དང་རྒྱལ་ཡོངས་སྒར་འདེབས་ཚོགས་ཆེན་དེ་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་གཟབ་རྒྱས་ངང་མགོ་བརྩམས།

2025-08-04 14:48:13   |   1198

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས2ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་། དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ཁྱབ་གདལ་དང་མཛུབ་ཁྲིད་ཨུ་ལྷན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་དང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་ཅུ་ཡིས་གཉེར་འགན་འཁུར་ཞིང་། མདོ་ལ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་ཅུ་ཡིས་གཉེར་རོགས་བྱས་པའི“2025ལོའི་ཀྲུང་གོའི་དར་སྲོལ་ལུས་རྩལ་དུས་ཚིགས(མཚོ་སྔོན་ས་ཚིགས)དང་རྒྱལ་ཡོངས་སྒར་འདེབས་ཚོགས་ཆེན་མདོ་ལ་རྫོང་ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་གཟབ་རྒྱས་ངང་མགོ་བརྩམས། རྒྱལ་ཡོངས་ཕྱོགས་སོ་སོ་ནས་ཡོང་བའི་སྒར་ཕྱིའི་ལུས་རྩལ་པ་དང་སྒར་འདེབས་ལ་མོས་མཁན། རིག་གནས་གནས་སྐོར་ལས་རིགས་ཀྱི་འཐུས་ཚབ། སྨྱན་སྦྱོར་གྲོགས་པོ་བཅས“མདོ་ལ་ལྷ་ཡི་ཞིང་ཁམས”སུ་འཛོམས། “ལུས་རྩལ+སྒར་འདེབས+སྐྱེ་ཁམས”སྣ་མང་ཉམས་ལེན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་དང་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཆར་གཞི་གསར་པ་བཀོད།

af9b2ca84807bf4f3c3640ede1a7ad8.jpg

དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ཁྱབ་གདལ་དང་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་ཀྲུང་གོ་འབྲུག་སེང་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་ཏུང་ཧྲེང་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་རི་ཁུལ་བྱེས་བགྲོད་ལུས་རྩལ་པུའི་ཀྲུའུ་རིན་ཝང་དབྱི། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་ཏང་ཙུའུ་ཁོངས་མིའམ་ཅུ་ཀྲང་གཞོན་པ་ལིའུ་ཤིང་ཧའེ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲེང་། མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་སོགས་གདན་ཞུ་གནང་ཡོད།

e5bc94c77174d5297f41ec20cad891b.jpg

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དམེ་རྒྱལ་མཚན། རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ལི་ཁྲེང་ཞང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེང་ཧུའེ། དེ་བཞིན་ཁྱིམ་དུ་ཡོད་པའི་རྫོང་རིམ་པའི་མགོ་ཁྲིད་བཅས་བྱེད་སྒོར་ཞུགས།

57405a4dfef46ed22d85869c156bedb.jpg

མགོ་རྩོམ་མཛད་སྒོ་ནི་གཟབ་ནན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་གཏོང་ཁྲོད་མགོ་བརྩམས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་གི་དད་སེམས་བརྟན་པོ་མངོན་པར་བྱས།

0a3f18a22252fef2d25799c7dccd99a.jpg

རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དམེ་རྒྱལ་མཚན་གྱིས་མདོ་ལ་རྫོང་གི་ཚན་ཁག་ཆེན་མོ་བཞི་དང་རྫོང་ཡོངས་ཀྱི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ལ་ཕེབས་པའི་མགོ་ཁྲིད་རྣམ་པ་དང་ཐག་རིང་ནས་ཕེབས་པའི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། “ལྷ་ཁམས”མདོ་ལ་ཞེས་གྲགས་ཤིང་། གངས་རི་དང་གྲོག་རོང་། རྩྭ་ཐང་བཅས་ལྷམ་མེར་གནས་ལ། ཏན་ཞའི་ས་དབྱིབས་དམར་མདངས་བཀྲ་བའི་གནས་འདི་རུ་མི་རིགས་མང་པོ་མི་རབས་ནས་མི་རབས་བར་འདུས་སྡོད་དང་མཉམ་འདྲེས་མཉམ་གནས་བྱས་ཡོད། དེ་གར་ནགས་ཚལ་གྱིས་ཁེངས་ཤིང་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ། དབྱར་དུས་དྭངས་བསིལ་ལྡན་པ། སྟོན་དཔྱིད་དུ་དྲོ་ཞིང་འཇམ་པ། དགུན་དུས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད25℃ཡིན། ད་ལྟའི་ནགས་ཀློང་སྒར་འདེབས་རྟེན་གཞི་འདི་རུ་དབྱང་རླུང་འདུས་ཚད་ལི་སྨི་རྒྱ་དཔངས་གྲུ་བཞི་མ་རེར7600ལྷག་ཡོད་པས་དུས་ཚིགས་ཧྲིལ་པོར་སྤྲོ་གསེང་དང་སྒར་འདེབས་ལྟ་སྐོར། སྤྲོ་གསེང་རོལ་རྩེད་བཅས་ཀྱི་ཕུགས་བསམ་གྱི་གནས་ཤིག་ཡིན་ཞེས་བཤད།

20665ed4dc184046290c548e0eb2771.jpg

db19e7be5d2c9aa28085f08c6aa6371.jpg

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་ནན་ཏན་དུ་བསྟར་ནས་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་། ཨ་མྱེས་སྟོང་སོའི་ནགས་ཀློང་དང་། ཨ་རིག་ཚོ་བ། ལྷ་ཁམས་བླ་མཚོ། ཤྭ་བ་རི་གྲོང་སོགས་སྒར་འདེབས་རྟེན་གཞི་བསྐྲུན་པ་དང་རྟ་བཞོན་ནས་མདའ་འཕེན་པ་དང་། དམངས་སྲོལ་ཉམས་ལེན། ཞིམ་ཟས་མྱོང་རོལ་སོགས་སྤྲོ་གསེང་རྣམ་གྲངས་བཀོད་སྒྲིག་བྱས་ཡོད། ལྷག་པར་ནུས་ཤུགས་ཡོད་རྒུས་བཏོད་པའི“བྱང་གི་མདོ་ལའི་ལམ་ཨང9བའི”སྒེར་སྐོར་ལམ་ཐིག་དེ་ཀྲུང་གོའི་རྒྱལ་ཁབ་ས་ཁམས་ཀྱིས་ཀྲུང་གོའི་སྒེར་འཁོར་གཏོང་བའི་ལམ་ཐིག་མཛེས་ཤོས་ལྔའི་གྲས་སུ་བདམས་པ་དང་། མདོ་ལ་རྫོང་ནི་རྒྱལ་ཡོངས་ཀྱི་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་དཔེ་སྟོན་རྫོང་སྟོབས་ཆེན100ཡི་གྲས་སུ་བཞག རྒྱལ་ཡོངས་ཀྱི་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་གབ་ཤུགས་སྟོབས་ཆེན100ཡི་ཁྲོད་ཨང13ཡིན། ལྷ་ཁམས་མདོ་ལས་སྔར་བས་དཀྱེལ་ཡངས་ཀྱིས་ཕྱོགས་བརྒྱད་ཀྱི་མགྲོན་པོ་བསུ།

6902eb6f93310be371f5b9e3039d55b.jpg

ཐེངས་འདིའི་ཚོགས་ཆེན་ཐོག“སྒེར་འཁོར་བཏང་ནས་གཞུང་ལམ9པར་བསྐྱོད། ལྷ་ཁམས་མདོ་ལར་སྒོ་ཕྱིའི་སྒར་ས་འདེབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་དར་སྲོལ་ལུས་རྩལ་དང་། རང་བྱུང་སྐྱེ་ཁམས་དང་མི་རིགས་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་ཏེ“མདོ་ལར་བསྐྱོད་ནས་རྒྱུས་སྲེག་ཟ”ཞེས་པའི་ཞིམ་ཟས་ཉམས་ལེན་དང་། 《 ལྷ་ཁམས་མདོ་ལ》ཞེས་པའི་དངོས་ལྗོངས་འཁྲབ་སྟོན། 《མདོ་ལའི་བླ་སྲོག》གི་གསར་བརྗེ་དངོས་མཚོན་འཁྲབ་སྟོན། སྒེར་འཁོར་བཏང་ནས་གཞུང་ལམ9པར་བསྐྱོད་པ་སོགས་ཀྱི་རིག་གནས་གནས་སྐོར་ལུས་རྩལ་བྱེད་སྒོ12སྤེལ་ཏེ་གནས་སྐོར་བ་ཡོངས་ལ་སྤྲོ་གསེང་རོལ་རྩེད་དང་རིག་གནས་ཉམས་ལེན་གྱི་སྒོ་ཕྱིའི་ལྟད་མོ་རྒྱ་ཆེར་བཤམས། མདོ་ལའི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་ཡོད་རྒུས་སྤྲོ་སེམས་ཆེ་ཤོས་དང་ཞབས་འདེགས་ཞིབ་ཚགས་བྱས་ཏེ་ཐེངས་འདིའི་ཚོགས་ཆེན་བརྒྱུད“ ལྷ་ཁམས་མདོ་ལའི”མཚན་སྙན་དེ་བས་གྲགས་པ་དང་རྒྱལ་ཡོངས་ས་གནས་ཁག་གི་གནས་སྐོར་བ་དེ་བས་མང་པོ་མདོ་ལར་བསྐྱོད་པ་དང་མདོ་ལར་དགའ་བ་བྱུང་།

e677c8a7ab273f9449070043a3671f4.jpg

5eeb3010d1e4d08e0a72ec1dfc27f21.jpg

མགོ་རྩོམ་མཛད་སྒོའི་ཐོག་མདོ་ལ་རིང་མོའི་རྒྱལ་ཁབ་ཆུ་འཁོར་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་བུད་མེད་དོ་དམ་སྲུང་སྐྱོང་རུ་ཁག་གི་དོ་དམ་སྲུང་སྐྱོང་པ་ཀྲང་ལི་ཕིང་གིས《མདོ་ལ་རྫོང་གི་གངས་རི་སྲུང་བའི་རྒྱལ་པོ—གསའ་སྲུང་སྐྱོང་གི་བསྒྲགས་གཏམ》སྒྲོག་འདོན་བྱས་ནས་ཚང་མས་མཉམ་དུ་གསའ་སྲུང་སྐྱོང་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དར་སྤེལ་བཏང་སྟེ། “ ལྷ་ཁམས་མདོ་ལ”ཞེས་པའི་ས་མཐོའི་དག་ཞིང་ཐུན་མོང་ཐོག་སྲུང་སྐྱོང་བྱས། ད་དུང་ཚོགས་ཆེན་གྱི་དར་ཆ་རྩིས་སྤྲོད་མཛད་སྒོ་སྤེལ་ནས་མདོ་ལ་རྫོང་གི་འཐུས་མིས་ས་ཚིགས་རྗེས་མའི་ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར་གྱི་འཐུས་མིའི་ལག་ཏུ་སྤྲད་ཅིང་། དེ་རྗེས་མགོ་ཁྲིད་དང་སྐུ་མགྲོན་ཚོས་མཉམ་དུ་མགོ་རྩོམ་སྒྲིག་ཆས་མནན་ནས“སྒེར་འཁོར་བཏང་ནས་གཞུང་ལམ9པར་བསྐྱོད། ལྷ་ཁམས་མདོ་ལར་སྒོ་ཕྱིའི་སྒར་ས་འདེབས”ཞེས་པའི་རིམ་སྤེལ་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

8337f58418ee34df1bf20075c4b31ee.jpg

9db58d58c8ab09fdf382011dd7fe00c.jpg

ཚོགས་ཆེན་ནི་མདོ་ལ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆར་བརྟེན་ནས་ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་ནགས་ཚལ་བརྒལ་བ་དང་། འཕུར་སྡེར་ལག་རྩལ་འགྲན་བསྡུར། སྒར་སའི་རྒྱ་སྐྱེད་དགའ་སྟོན། སྒར་སའི་རོལ་དབྱངས་དུས་སྟོན། སྒར་སྡོད་རྐང་ཐང་ཉམས་ལེན། གསའ་ཡི་པར་ལེན་འགྲེམས་སྟོན་སོགས་ཁྱད་ལྡན་རྣམ་པ་བཏོད། ཁྱད་ལྡན་རས་གུར200དེ“གཞུང་ལམ9པ”ཡི་ཡིག་ཚུགས་ལྟར་རྒྱ་ཆེའི་འཁྲབ་སྟོན་པ་དང་དེ་བཞིན་ས་གནས་ཀྱི་གནས་སྐོར་མང་ཚོགས“སྨྱོ་ཧམ་ཆེ་བའི་བྱེའུ་ཆུང”དང“ཡིག་འབྲུTཡི་གསང་བ”“འཇབ་རྒོལ་རྒྱལ་པོ”“འབར་གཏོར་མཁས་ཅན”སོགས་ལུས་རྩལ་བྱེད་སྒོ་མང་པོ་ལྡན། རོལ་དབྱངས་རུ་ཁག་གི་འཁྲབ་སྟོན་གྱིས་སྤྲོ་སེམས་འཕེལ་བ་དང་། གསར་དུ་ཕྱེ་བའི“མདོ་ལའི་སྦྲ་གུར་ཆེན་མོ9པ”ཐེངས་འདིའི་རྒྱལ་ཡོངས་ཀྱི་སྒར་འདེབས་ལ་མོས་མཁན་དང་རྐང་བགྲོད་ལ་དགའ་བའི་རིག་གནས་ཉམས་ལེན་གྱི་སྒེའུ་ཁུང་གཙོ་བོ་རུ་གྱུར།

b9743f1210130f46cd2a6d39f0598e2.jpg

df4bfa9415f100be171b981b40ef255.jpg

“ལྷ་ཁམས་མདོ་ལ”ཡིས་ལུས་རྩལ་ནི་གཞི་རྟེན་དང་སྒར་འདེབས་ནི་ཟམ་པར་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་སྐྱེ་ཁམས་རིག་གནས་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་རི་མོ་གསར་པ་ཞིག་བཏོད། ཐེངས་འདིའི་ཚོགས་ཆེན་དེ་མདོ་ལ་རྫོང་དུ་རྒྱལ་ཁའི་ངང་གཉེར་བ་ནི་མདོ་ལའི་རིག་གནས་གནས་སྐོར་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། ཐོན་ལས་མཉམ་འགུལ་གྱི་གསར་གཏོད་སྒུལ་ཤུགས་སུ་གྱུར་ནས“ ལྷ་ཁམས་མདོ་ལའི”རིག་གནས་གནས་སྐོར་མཉམ་འདྲེས་མཐོ་ས་གསར་པ་ཞིག་ཏུ་སླེབས་པར་སྒུལ་ཤུགས་ཆེན་པོ་བསྣན།

ཐེངས་འདིའི་བྱེད་སྒོར་ད་དུང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་ཁག་དང་། རྫོང་ཐད་གཏོགས་ལས་ཁུངས། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་དམངས་ཡོངས་ལུས་སྦྱོང་ཨུ་ལྷན་དང་། ལུས་རྩལ་སྤྱི་ཁྱབ་ཅུའི་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས། ཀྲུའུ་ཧའེ་ཅིན་ཁུག་ཁུལ། ཧུའུ་ནན། ཀོང་ཏུང་ཧྲའོ་ཀོན། ཅང་སུའུ་ནན་ཅིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ། འཇུ་ལག་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་བཅས་ཀྱི་མགོ་ཁྲིད་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་སོགས་གསར་འགྱུར་སྨྱན་སྦྱོར་ལས་རིགས་ཁག་གི་གསར་འགོད་གྲོགས་པོ་རྣམ་པ་དང་། ས་ཐག་རིང་བོ་ནས་ཐོན་པའི་རྒྱལ་ཡོངས་སྒེར་འཁོར་དགའ་མོས་མཁན་དང་སྒར་འདེབས་པ་ཞུགས་ཡོད། 



མཉམ་སྤྱོད།