དེ་རིང་ནི2025ལོའི་ཟླ08པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀང་ཧྥུའུ་ཡིས་མདོ་ལ་རྫོང་ཡོངས་ཀྱི་ཞོད་འགོག་གྲ་སྒྲིག་ལས་དོན་ལ་རྟོག་འདོམས་དང་ཆུ་ལམ་སྐོར་ཞིབ་ལས་དོན་སྤེལ་བ།

2025-08-05 15:25:31   |   1417

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས4ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་རྫོང་ཡོངས་ཀྱི་ཞོད་འགོག་གྲ་སྒྲིག་ལས་དོན་ལ་རྟོག་འདོམས་བྱས་པ་མ་ཟད་ཆུ་ལམ་སྐོར་ཞིབ་ལས་དོན་སྤེལ།

ཀང་ཧྥུའུ་གསེར་ལྡན་ཆུ་བོའི་བཞུར་རྒྱུན་དང་བར་དམ་གཙང་བོའི་མཉམ་འདྲེས་ཁུལ་དུ་ཕྱིན་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་གནས་ཚུལ་དང་ཉེ་དུས་ཀྱི་ཞོད་འགོག་བྱེད་ཐབས་ཀྱི་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཆུ་ལམ་གྱི་ཆུའི་བཞུར་ཚད་དང་ཆུ་ལམ་གྱི་རྒྱུན་གཏན་དོ་དམ་གནས་ཚུལ་ལ་ལྟ་ཞིབ་བྱས། འབྲེལ་ཡོད་དོ་དམ་སྡེ་ཁག་གིས་ཞོད་འགོག་འགན་འཁྲི་ལམ་ལུགས་དོན་འཁྱོལ་དང་ཉེན་ཟོན་ཚད་ལེན་སོགས་ཀྱི་ལས་དོན་སྙན་ཞུ་ཕུལ། 

10b05cc9aaee3cb06fd93061d2153ed.jpg

593f6d3cfd2a19aa2f4978d96ab4f42.jpg

ཀང་ཧྥུའུ་ཡིས་ཞོད་འགོག་ལས་དོན་ནི་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་འབྲེལ་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་དང་ཡང་འབྲེལ་ནས་ཡོད། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་བྱུར་རྐྱེན་གྲལ་བཤེར་ནི་ཞོད་འགོག་ལས་དོན་གྱི་གཙོ་བོ་ཞིག་ཏུ་བརྩིས་ནས་སྟེས་དབང་གི་སེམས་ཁམས་དང་སྣང་ཆུང་གི་བསམ་བློ་མཐའ་གཅིག་ཏུ་སྤོང་དགོས། “དུས་ནམ་ཡང་ལྷོད་གཡེང་མི་གཏོང་བའི”འགན་འཁྲི་ཁུར་སེམས་ཀྱིས་ཆུ་སྐོར་ཆུ་སྲུང་དང་ཞོད་འགོག་གྲ་སྒྲིག་གི་ལས་དོན་ཁག་དངོས་ཡོད་ཞིབ་ཚགས་སུ་བཟུང་ནས་ཞོད་འགོག་གཡུལ་འཐབ་ལེགས་པོར་རྒྱག་དགོས་ཞེས་བསྟན།

89b0a2d90648d6e6aabebc2e73aaf8b.jpg

ཀང་ཧྥུའུ་ཡིས་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་འགན་འཁྲི་ལག་བསྟར་གཟབ་ནན་དགོས་ཤིང་། “རིམ་གསུམ་ཆུ་དཔོན+དོ་དམ་པ”ཡི་འགན་འཁྲི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆུ་ལམ་སྐོར་ཞིབ་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ནས་ཆུ་ལམ་སྦག་བཙོག་དང་གསོག་སྤུངས་སོགས་ཀྱི་གནད་དོན་ཐག་གིས་བཅད་དེ་ཆུ་ལམ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་དགོས། མངོན་མེད་བྱུང་རྐྱེན་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་དགོས། ཆུ་ལམ་གྱི་འགོག་རགས་དང་ས་གཤིས་གནོད་འཚེ་བྱུར་རྐྱེན་གནས་སོགས་གནས་ཁག་གཙོ་བོ་ལ་དམིགས་ནས་ཁྱོན་ཡོངས་གྲལ་བཤེར་བྱས་ནས་བདེ་འཇགས་བྱུར་རྐྱེན་འབྱུང་ཁུངས་ནས་སེལ་དགོས། འཕྲལ་སེལ་རོགས་སྐྱོབ་གྲ་སྒྲིག་འདང་ངེས་བྱེད་དགོས། དངོས་ཟོག་གྲབས་གསོག་གི་བརྗེ་སྒྱུར་ལེགས་པོར་སྒྲུབ་པ་དང་དུས་ཚོད24ཡི་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ལས་རེས་མི་སྣ་ལས་ཐོག་ཏུ་ཡོད་པ་དང་འཕྲིན་ལམ་གེགས་མེད་ཁེག་ཐག་སྒོས་ཞོད་འགོག་འགུལ་རྣམ་ཁོང་དུ་ཆུད་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན། 

རྫོང་འཕྲལ་སྡོམ་དོ་དམ་ཅུ་དང་། ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ལྷན་ཅིག་ཏུ་བསྐྱོད། 



མཉམ་སྤྱོད།