དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་ལའི་བོད་ལུག་གི་ཚོགས་པའི་ཚད་གཞི6དངོས་སུ་ཁྱབ་བསྒྲགས་བྱས་པ།

2025-08-06 14:44:44   |   1324

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས4ཉིན། མཚོ་བྱང་ཁུལ་གྱི2025ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འོས་སྦྱོར་ཚོགས་འདུའི་ཐོག་མདོ་ལའི་བོད་ལུག་གི་ཚོགས་པའི་ཚད་གཞི6དངོས་སུ་ཁྱབ་བསྒྲགས་བྱས། འདིས་མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་གསོ་ཚགས་ནས་ལས་སྣོན་བར་གྱི་འབྲེལ་ཐག་ཧྲིལ་པོའི་ཚད་ལྡན་མ་ལག་ཅིག་ཆགས་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་པའི་ཚད་གཞི6པོ་དེ་དག་ནི་མདོ་ལ་རྫོང་ཕྱུགས་ལས་མཐུན་ཚོགས་ཀྱི་མངགས་བཅོལ་ལྟར་མདོ་ལ་རྫོང་གི་བོད་ལུག་ཐོན་ལས་ཞིབ་འཇུག་གླིང་གིས་མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཐོན་ལས་འཕེལ་རྒྱས་མཛུབ་ཁྲིད་ལྟེ་གནས་དང་མཉམ་དུ་ཞིབ་འཇུག་བྱས་ནས་བཟོས་པ་ཞིག་ཡིན། དེའི་ནང《མདོ་ལའི་བོད་ལུག་གསོ་ཚགས་ལག་རྩལ་གྱི་སྒྲིག་སྲོལ་ལུ་གུ》དང《མདོ་ལའི་བོད་ལུག་གསོ་ཚགས་ལག་རྩལ་གྱི་སྒྲིག་སྲོལ་ཆེ་ལུག》ཚད་གཞི་དང་། གསོ་ཚགས་ལྷུ་ཚིགས་ནས་ལུ་གུ་དང་གསོ་ཚགས་ལུག་གི་གཟན་ཆས་བསྡུར་ཚད་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བར་མཛུབ་ཁྲིད་ཞིབ་ཚགས་བྱས་ཏེ་ཚན་རིག་དང་མཐུན་པའི་ཚད་གཞིས་སྲོལ་རྒྱུན་གྱི་ཉམས་མྱོང་གི་ཚབ་བྱས། གསོ་ཚགས་བརྒྱུད་རིམ་ལ་སྒྲིག་སྲོལ་ལྡན་པ་དང་། བོད་ལུག་ཆེ་རུ་འགྱུར་བའི་གནད་འགག་གི་གོ་རིམ་ཁྲོད་སྤུས་ཚད་བརྟན་འཇགས་ལ་ཁག་ཐེག་བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱིས་སྔར་བས་ཚད་གཞི་དང་མཐུན་པའི་ཐོན་སྐྱེད་དང་ཐོན་རྫས་ཀྱི་འགྲན་རྩོད་ནུས་ཤུགས་མཐོ་རུ་བཏང་སྟེ་རྗེས་མཐུད་ཀྱི་ཁྲོམ་རའི་ཁས་ལེན་ལ་རྨང་གཞི་བརྟན་པོ་བཞག 《མདོ་ལའི་བོད་ལུག་ལུག་ཤའི་ཞིབ་ཚགས་དབྱེ་འབྱེད་ལག་རྩལ་སྒྲིག་སྲོལ་གྱི་ཆ་ཤས་དང་པོ་སྟེ་ལུ་གུའི་ཤ》དང《མདོ་ལའི་ལུག་ཤ་ཞིབ་ཚགས་ཅན་གྱི་དབྱེ་འབྱེད་ལག་རྩལ་གྱི་སྒྲིག་སྲོལ་ཁག་གཉིས་པ་སྟེ་ཆེ་ལུག་གི་ཤ》 དབྱེ་འབྱེད་ཀྱི་ལྷུ་ཚིགས་ནས་ལུ་གུའི་ཤ་དང་ཆེ་ལུག་གི་ཤའི་དབྱེ་འབྱེད་བརྒྱུད་རིམ་དང་གནས་ཁག་ཚད་གཞི་ཞིབ་ཕྲ་ཅན་གྱི་སྒོ་ནས་ཚད་ལྡན་དུ་བཏང་བ་དང་། གནས་ཁག་གི་ཚད་གཞི་གསལ་བོ་ཅན་ལ་རིམ་བགོས་གོང་གཏན་འཁེལ་བྱས། ལུག་ཤ་བཟའ་བཏུང་དང་སིལ་འཚོང་སྡེ་ཚན་ལ་ཧ་ཅང་འཚམ་པོ་བཟོས་ཏེ་ལུག་ཤའི་བེད་སྤྱོད་ཚད་དང་ཟུར་གཏོགས་རིན་ཐང་མཐོ་རུ་བཏང་ལ་ཁྲོམ་རའི་སྣ་མང་ཅན་གྱི་དགོས་མཁོ་བསྐངས། 《ནས་དང་གཟེ་འབྲུའི་མདོ་ལའི་ལུག་ཤའི་རྒྱུ་མ》དང《མདོ་ལའི་ཤ་རྒྱུ》ཞེས་པའི་ཁྱད་ལྡན་ཤ་རྒྱུ་ལས་སྣོན་གྱི་ཚད་གཞི་ནི་ས་གནས་དེ་གའི་ཐོན་ཁུངས་ཀྱི་དོན་དངོས་ལ་གཞིགས་ནས་ནས་དང་གཟེ་འབྲུ་སོགས་མདོ་ལའི་ཁྱད་ལྡན་བཟའ་བཅའ་ལུག་ཤ་དང་མཉམ་འདྲེས་གཏིང་ཟབ་བྱས། མ་བཅོས་རྒྱུ་ཆའི་གདམ་ག་དང་བཟོ་རྩལ་གྱི་ཚད་གཞི་ནན་པོ་དེས་བོད་ལུག་ལུག་ཤའི་སྲོལ་རྒྱུན་གྱི་ཁྱད་ཆོས་སོར་འཇོག་ཐུབ་ལ་དེང་རབས་འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་ཐད་བཏོན་པའི་བླང་བྱ་མཐོན་པོ་བསྐངས་ནས་ས་ཁོངས་ཀྱི་མཚོན་རྟགས་ལྡན་པའི་ཁྱད་ལྡན་ཐོན་རྫས་གཏོད་རྒྱུར་ཕན་ཐོགས་ཡོད་པ་དང་། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་བོད་ལུག་ཐོན་རྫས་དམའ་རིམ་ལས་སྣོན་ནས་ཞིབ་ཚགས་ལས་སྣོན་བྱེད་པའི་ཕྱོགས་སུ་སྐྱོད་ཐུབ་པ་བྱས།

མཚོ་བྱང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་འབྲེལ་ཡོད་འགན་འཁུར་བས་ཚད་གཞི་ཁག6དོན་འཁྱོལ་བྱས་པ་དེ་ནི་མདོ་ལའི་བོད་ལུག་ཐོན་ལས“རགས་ལས་རྣམ་པའི་འཕེལ་རྒྱས”ནས“ཞིབ་ཚགས་ཅན་གྱི་གཉེར་སྐྱོང”ཕྱོགས་སུ་བསྒྱུར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། དངོས་ཡོད་ཐོན་སྐྱེད་གཉེར་སྐྱོང་ཁྲོད་དེ་དག་གིས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ། མདོ་ལའི་བོད་ལུག་གི་ཁྲོམ་རའི་དབྱེ་འབྱེད་དང་ཁས་ལེན་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐར་ཐོན་ལས་རིམ་སྤོར་བརྒྱུད་རོང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྱབ་ཁོངས་སུ་ཚད་བརྒལ་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།



མཉམ་སྤྱོད།