དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས2025ལོའི་ཟླ་དང་པོ་ནས་བདུན་པའི་བར་གནས་སྐོར་བ་མི་ཐེངས་ཁྲི140ལ་སྣེ་ལེན་བྱས་པ།

2025-08-12 16:12:08   |   50

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བརྙན་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་ཟླ་དང་པོ་ནས་བདུན་པའི་བར་མདོ་ལ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི140ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས31.1%འཕར་བ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར8.82ཡིན་པ་དེ་དུས་མཚུངས་ལས25%འཕར་ཡོད། དབྱར་གནང་རིང་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་གནས་སྐོར་བར་སྣེ་ལེན་ཞུ་ཚད་དང་གནས་སྐོར་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་བ་མ་ཟད། དེ་ཉིད“2025ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་སྒེར་འཁོར་བཏང་ནས་གནས་སྐོར་བྱེད་པའི་ཚད་གཞིའི་རྫོང”གི་གྲས་སུ་སླེབས་རྒྱུར་སྐུལ་འདེད་བཏང་བ། རིག་གནས་གནས་སྐོར་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་བླངས་ཡོད།

2024ལོར་མདོ་ལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.03བཏང་ནས་རིག་གནས་གནས་སྐོར་རྣམ་གྲངས་ཁག13དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་། དེའི་ཁྲོད་ཞིང་ཆེན་རིམ་པའི་སྒེར་འཁོར་བཏང་ནས་སྒར་འདེབས་རྟེན་གཞི་ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞིའི་སྒོ་ཕྱེ་རྗེས། སྒེར་འཁོར་གནས་སྐོར་བ་མང་པོའི་གདམ་ག་དང་པོར་གྱུར་ཡོད། ལ་བཙས་སྒང་སོགས་མཛེས་ལྗོངས་ཁུལ་གསར་པ་གསར་སྤེལ་དང་བཙུན་མོ་དམར་ཡག་མ་སོགས་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་བྱས་པས། གནས་སྐོར་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན། དེ་དང་ཆབས་ཅིག་ས་ཁོངས་ཡོངས་ཀྱི་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་བསྡུ་འགྲེམ་ལྟེ་གནས། གནས་སྐོར་བའི་འཕྲལ་སེལ་རོགས་སྐྱོབ་རྟེན་གཞི་སོགས་སྒྲིག་བཀོད་གསར་སྣོན་བྱས་ནས་གནས་སྐོར་བར་དེ་བས་སྟབས་བདེའི་འགན་ལེན་བྱས་ཡོད། 2025ལོར་མདོ་ལ་རྫོང་གིས་སླར་ཡང་མ་དངུལ་སྒོར་ཁྲི6519བཏང་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ཡུལ་མིའི་ཐོན་ལས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་ལག་ལེན་རྟེན་གཞི་སོགས་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། རིག་གནས་གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད།

ཐོན་རྫས་གསར་གཏོད་ཐད་མདོ་ལ་རྫོང་གིས“མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི”ལྟེ་བའི་ལེགས་ཆར་བརྟེན་པ་དང་། ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་སོགས་ཁྱད་ལྡན་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས“མདོ་ལ་རིང་མོར་སྐྱོད”ཅེས་པའི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ལམ་ཐིག6གཙོ་གནད་དུ་བཟུང་ནས་བཏོད་དེ། གནས་སྐོར་བ“མགྱོགས་དལ་གནས་སྐོར”བྱ་རྒྱུར་ཁྲིད་སྟོན་བྱས་ནས། ས་གནས་དེ་གའི་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད། མདོ་ལ་གནམ་གྲུ་ཐང་གི་འགྲིམ་འགྲུལ་སྟབས་བདེར་བརྟེན་ནས“རྒྱལ་ཁབ་སྤྱི་གླིང་གཉིས་དང་མཁའ་ལམ་མཛེས་ཤོས་ལ་ལྟ་བ”ཞེས་པའི་སྤྲིན་སྣེའི་གནས་སྐོར་དང་། “སྒེར་འཁོར+བར་སྣང་གནས་སྐོར”བྱེད་པའི་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་གནས་སྐོར་བ་ལ་ཉམས་ལེན་གསར་བ་མྱོང་དུ་བཅུག “གཞུང་ལམ་དགུ་བའི་མཛེས་སྡུག་མིག་གི་དཔལ།  བྱང་གི་སྐོར་ལམ་བརྒྱུད་ནས་མདོ་ལར་བསྐྱོད”པའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་དེ་བས་མངོན་གསལ་དོད་པོ་ཐོབ་པ་དང་། ལམ་རྒྱུད་ཀྱི་ནགས་ཀློང་སྒར་འདེབས་དང་གྲོང་གསེབ་གནས་སྐོར། དམངས་སྲོལ་ཉམས་ལེན་སོགས་སྣ་མང་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། “མཛེས་སྡུག་ལྡན་པའི་ཐོན་ཁུངས”དེ“མཛེས་སྡུག་ལྡན་པའི་དཔལ་འབྱོར”དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐོབ། རྫོང་ཁོངས་ཀྱི་རིག་གནས་གནས་སྐོར་དཔལ་འབྱོར་ལ་རྒྱུན་རིང་གི་སྒུལ་ཤུགས་བསྣན་ཡོད།



མཉམ་སྤྱོད།