དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་རིག་གནས་གནས་སྐོར་ཐོན་ལས་ཀྱི་རིམ་སྤོར་མཐོར་འདེགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

2025-08-13 11:37:07   |   1634

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་ལ་མདོ་ལ་རྫོང་གིས་སྐྱེ་ཁམས་རང་བྱུང་མཛེས་ལྗོངས་དང་འགྲིམ་འགྲུལ་ཁུལ་གནས་ལེགས་ཆ་ལ་གཞི་ཚུགས་ནས། ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་གནས་སྐོར་གྲུབ་སྟངས་ནང་ཧུར་ཐག་གིས་ཞུགས་ཤིང་། “རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་སྤུས་ཚད་མཐོ་བའི་བསྐྲུན་པར”དམིགས་པ་དང་། “རིག་གནས་དར་འཕེལ་དང་གནས་སྐོར་དར་སྤེལ”གྱི་གཙོ་གནད་ལ་དམིགས་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་ཞིང་རིག་གནས་གནས་སྐོར་ཐོན་ལས་ལ་མགྱོགས་མྱུར་འཕེལ་རྒྱས་བྱུང་། 

གཙོ་གནད་ལས་གཞི་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས་ཐོན་ལས་རྨང་གཞི་སྔར་བས་ཇེ་བརྟན་དུ་བཏང་། རིག་གནས་གནས་སྐོར་ལས་གཞི9ལ་མ་དངུལ་སྒོར་ཁྲི5326བཏང་། མདོ་ལ་རྫོང་རིག་གཏོད་ཐོན་རྫས་ཞིབ་སྤེལ་མཉམ་གཏོད་རྟེན་གཞི་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ཐོན་ལས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་ལག་ལེན་རྟེན་གཞི། མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་ཤར་སྡེའི་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་འཛུགས་སྐྲུན་རྣམ་གྲངས་བརྟན་ལྷིང་ངང་སྐུལ་འདེད་གཏོང་བཞིན་ཡོད་ལ། 《མདོ་ལ་རྫོང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བསྐྲུན་པའི་ཐོན་ལས་འཕེལ་རྒྱས་འཆར་འགོད》བཟོས་ཤིང་གཏན་འབེབས་བྱས། 

རིག་གནས་གནས་སྐོར་ཐོན་ཁུངས་ལ་སྤུས་འདེགས་ཕན་འབྲས་ཐོན་ནས་ཐོན་ལས་མ་ལག་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཕྱིན། མདོ་ལ་རྫོང་དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་ཁང་ཞིང་ཆེན་རིམ་པའི་གསར་བརྗེའི་གནས་སྐོར་ལྗོངས་ཁུལ་དཔེ་མཚོན་ཅན་དུ་རྒྱལ་ཁའི་ངང་བསྐྲུན་ཞིང་། བཙུན་མོ་གཞོང་གྲོང་རྡལ་ལའོ་ལུང་ཧྲུའུ་ཁྱིམ་ཤག་དང་ལྗོངས་གཟིགས་ཁམས་གསེང་དམངས་ཤག་ལ་རིམ་པ་གསུམ་པའི་གནས་སྐོར་དམངས་ཤག་གི་མཚན་སྙན་ཐོབ། ཀྲུང་གོའི་རི་འཛེག་མཐུན་ཚོགས་གདན་ཞུ་བྱས་ཏེ་སྒོ་ཕྱིའི་ཐོན་ཁུངས་ཁྱབ་བཤེར་སྤེལ་ཞིང་། རྐང་བགྲོད་དང་སྒར་འདེབས་སོགས་ལས་རྣམ་གསར་བ་ལ་རྩིས་གཞི་ཡིས་འདེགས་སྐྱོར་བྱས། མདོ་ལ་རྫོང“2025ལོའི་རྒྱལ་ཡོངས་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བགས་ཤུགས་ལྡན་པའི་མིང་ཐོ100”ཡི་ནང་ཨང13པར་ཚུད་ཅིང་ལས་རིགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ། 

འཇོན་མིའི་ནུས་པའི་ཕན་འབྲས་མངོན་གསལ་ཐོན་ཏེ་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན། 2025ལོའི་མདོ་ལ་རྫོང་གི་འགྲེལ་བཤད་པའི་ནུས་པ་མཐོར་འདེགས་དང“དམངས་ཡོངས་ལུས་སྦྱོང”འགན་ཁུར་ལྕི། མདོ་ལ་རྫོང“ཁྲི་སྡེ་བུད་མེད་ཀྱི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པ”སོགས་རིག་གནས་གནས་སྐོར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས10ལྷག་ལ་སྤེལ། རིམ་རྩིས་བྱས་ན། རིག་གནས་གནས་སྐོར་མ་ལག་གི་ལས་དོན་མི་སྣ་དང་ལས་ཞུགས་མི་སྣ་མི་ཐེངས500ལས་འདས་པ་ལ་གསོ་སྦྱོང་བྱས་ཤིང་ལས་རིགས་ཀྱི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་མཐོ་རུ་ཕྱིན། 



མཉམ་སྤྱོད།