དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་སྐྱེ་ཁམས་སྔོན་དུ་འཇོག་པའི་དམངས་ཕྱུག་རྫོང་སྟོབས་ལམ་དུ་བསྐྱོད་པ།

2025-08-15 11:52:22   |   39


རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འདི་དག་གི་རིང་ལ་མདོ་ལ་རྫོང་གིས་སྐྱེ་ཁམས་སྔོན་སྐྱོད་ཁྲིད་ཕྱོགས་སུ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་གཞན་སྒྱུར། དམངས་ཚིས་ལེགས་སྒྱུར་ལ་གཅིག་གྱུར་སྐུལ་འདེད་བཏང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་སྲུང་གལ་ཆེན་ཡིན་པ་དང་མཐོ་སྒང་གི་ཐུན་མིན་སྐྱེ་ཁམས་ལ་བརྟེན་ནས་གངས་རི་རྩྭ་ཐང་སྲུང་སྐྱོང་དང་ཆུ་ཁུངས་གསོ་འཁྱོངས་ཐད་རྒྱུན་མཐུད་ཤུགས་བསྣན་ནས་སྐྱེ་ཁམས་འགོག་སྲུང་བསྐྲུན་པའི་ཕན་འབྲས་མངོན་གསལ་ཡིན་ལ། རི་ཚོགས་བར་གྱི་འཁྱགས་ཀློང་ཆུ་རྒྱུན་གྱིས་རྩྭ་ཐང་ཆེན་མོ་གསོས་ཤིང་། ནགས་ཁྲོད་ཀྱི་རི་དྭགས་འདབ་ཆགས་ཅི་དགར་འཚོ་ཞིང་གནས་ཡོད། གཡའ་དག་པའི་མཁའ་དབྱིངས་དང་སྔོ་ལྗང་གི་རི་ཀློང་གིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་མཚར་དཔེ་རིས་གྲུབ།

སྐྱེ་ཁམས་བཅོས་སྐྱོང་ཐད་ནས་མདོ་ལ་རྫོང་གིས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོབ་གཏིང་ཟབ་ཏུ་བྱས་ཤིང་། ས་བརླན་ཐང་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་གཏེར་ཁུངས་ལ་བཅོས་སྒྲིག་ནུས་ལྡན་ཐོབ། མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ནི96%ཡན་དུ་བརྟན་ལྷིང་བྱུང་། བར་དམ་གཙང་བོ་དང་གསེར་ལྡན་ཆུ་བོའི་ཆུ་སྤུས་ནི་རིམ་པⅡཔའི་ཡན་དུ100%ཡི་ཚད་གཞི་ལོངས་ཡོད། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོང་ལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར6བཏང་། གཏེར་རི134དང་ཁྲ་རིས123བཅོས་སྒྲིག་བྱས། ནགས་འདེབས་ཚད11.46%ཡིན། རྩྭ་ཡི་ཁེབས་ཚད67.64%ཡིན། རྩྭ་ཐང་སྐྱེ་ཁམས་ཞིབ་འཇུག་གླིང་དང་འབུམ་རམས་པའི་ལས་དོན་ས་ཚིགས་བཙུགས་པ་ལ་བརྟེན་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ16འཛོམས་ཤིང་རྩྭ་ཐང་ཐོན་ཁུངས་དོ་དམ་ནུས་པ་རྒྱུན་མཐུད་མཐོར་འདེགས་བྱུང་།

“འབྱུང་ཁུངས་འགན་འཁྲི”ལ་གཞི་ཚུགས་ནས་མདོ་ལ་རྫོང་གིས་ཆུའི་ཐོན་ཁུངས་ཀྱི་མཁྲེགས་གཤིས་དམ་གཅུན་བྱས་ཤིང་། ས་འོག་ཆུ་ཡི་སྔོག་འདོན་ཚད་གཞི་དང་འཆར་གཞིའི་ཆུ་བཀོལ་ལག་བསྟར་ཚད100%ལ་སླེབས་ཡོད། རིག་ནུས་མཚོ་མཚེའུ་དོ་དམ་སྟེགས་བུ་བསྐྲུན་ནས་མཚོ་མཚེའུ་དོ་དམ་གྱི་ཞིབ་ཚགས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་བཏང་། ས་ཆུ་ཟུངས་ཤོར་སྤྱི་ལེ་གྲུ་བཞི་མ38.07བཅོས་སྐྱོང་བྱས་ལ་ཆུའི་སྐྱེ་ཁམས་སྤྱི་ལེ་གྲུ་བཞི་མ39.50སླར་གསོ་བྱས། ཆུ་གློག་ས་ཚིགས་ཆུང་གྲས8ཀྱི་བཅོས་སྒྲིག་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས། དེའི་ཁྲོད་གསེར་ལྡན་ཆུ་བོ་རྒྱལ་ཁབ་ཀྱི་བདེ་སྐྱིད་ཆུ་བོའི་གྲས་སུ་བདམས་ཤིང་ཞིང་ཆེན་ཡོངས་ཀྱི་ཆུ་རྒྱུན་གཉིས་དང་ཁུལ་ཡོངས་སུ་སྙན་པ་འདི་ཐོབ་པའི་ཆུ་རྒྱུན་ཁོ་ན་རུ་གྱུར། 

ལྗང་མདོག་ཐོན་ལས་གཞན་སྒྱུར་གྱི་ཕན་འབྲས་མངོན་གསལ་ཡིན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་ཐོན་དཔེ་སྟོན་རྫོང་ཡིན་པའི་ཆ་ནས་ཁྲི་སྟོང་རིམ་པའི་བོད་ལུག་ནོར་ནག་གསོ་སྤེལ་རྟེན་གཞི19དང་། མུའུ་སྟོང་གི་ནས་འདེབས་རྟེན་གཞི1 རྒྱུད་ཟོག་གསོ་སྤེལ་རྟེན་གཞི2བཅས་བསྐྲུན་ཡོད། བསྟུད་མར་ལོ་དགུ་ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་བསྐྱར་མ་ཐོབ་ཅིང་ནོར་ལུག་གི་ཁ་གྲངས་ཁྲི106.2དང་རྩྭ་ཐང་མུའུ་ཁྲི1531.52ཀྱི་ཁས་ལེན་ཐོབ་ནས་ཁོངས་ཡོངས་སྐྱེ་ལྡན་ཡོངས་ཁྱབ་མངོན་འགྱུར་བྱས། 2024ལོའི་བར་དུ“ཆས་གསུམ་རྟགས་གཅིག”གི་ཐོན་རྫས100ལ་ཁས་ལེན་ཐོབ་ཅིང་། མདོ་ལའི་བོད་ལུག་ཀྲུང་གོའི་ཞིང་ལས་ཆས་རྟགས་མིང་གཞུང་ནང་ཚུད། ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་ཐོག་མ་གཞི་ཚུགས། རིག་གནས་གནས་སྐོར་མཉམ་འདྲེས་ལ་ཁྱད་ཆོས་ཐོན། སྐྱེ་ཁམས་ཞིབ་སློབ་བརྗོད་དོན་གྱི་མཁའ་ལམ་ཐོག་མ་ཕྱེ་ཞིང་། “བྱང་གི་མདོ་ལའི་ལམ་ཨང9བར་བསྐྱོད”ཅེས་པ་དྲྭ་བྲིན་ཆས་རྟགས་སུ་གྱུར། མདོ་ལ་རྫོང་ནི“2025ལོའི་རྒྱལ་ཡོངས་རྫོང་ཁོངས་སྒེར་སྐོར་དཔེ་སྟོན་རྫོང”དུ་བདམས། “རྒྱལ་ཡོངས་རྫོང་ཁོངས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་བགས་ཤུགས་སྟོབས་ལྡན100”ཡི་ཨང13ལ་སླེབས། 2025ལོའི་ཟླ1པོ་ནས་ཟླ7པའི་བར་མདོ་ལ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི140སྣེ་ལེན་བྱས་ཤིང་ལོ་སྔོན་མ་དང་བསྡུར་ན31.1%གིས་འཕར། ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར8.82ལ་སླེབས་ཤིང་ལོ་སྔོན་མ་དང་བསྡུར་ན25%ཡི་འཕར། 

ཡུལ་གྲོང་འཛུགས་སྐྲུན་གྱི་སྤུས་ཕན་མཐོར་འདེགས་བྱུང་། རྫ་དམར་ཡུལ་ཚོའི་སྒོ་མེ་སྡེ་བ“རྒྱལ་ཡོངས་ཀྱི་མཛེས་སྡུག་ཁམས་གསེང་གྲོང་གསེབ”དུ་བདམས་ཤིང་། ཞིང་ཆེན་རིམ་པའི“ལེགས་པ་ལྔ་དང་བདེ་བ་གཉིས”ཀྱི་ཞི་མཛེས་གྲོང་གསེབ་ཚོད་ལྟའི་ལས་གཞི14འགོ་བརྩམ་རན་ཡོད། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་སྒྱུར་སོགས་ལས་གྲྭ་ཁྱོན་ཡོངས་ནས་ལས་མགོ་བརྩམས། རྫོང་ལམ་མང་ཤོས་སྤུས་འདེགས་ལེགས་སྒྲུག་བྱས་ཤིང་སྡེ་བ་རིམ་པའི་གཞུང་ལམ་སྤྱི་ལེ33གསར་དུ་བསྐྲུན། གློག་གསོག་ཀ་བ64བསླངས་ནས་གློག་གསོག་གི་དཀའ་གནད་སེལ། ཁོངས་ཡོངས་ཀྱི་སྐྱེ་ཁམས་བཅོས་སྒྲིག་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས་གད་སྙིགས་གཙང་འགྲུལ་དང་གནོད་མེད་ཅན་དུ98%ལ་སླེབས། རྫོང་མཁར་གྱི་ཆར་ཆུ་དང་བཙོག་ཆུའི་བགོ་བཞུར་ཚད་ནི70%དང་འཚོ་བའི་བཙོག་ཆུའི་སྡུད་རུབ་ཚད90.7%ཡིན། ཡུལ་གྲོང་རྣམ་པར་རྒྱུན་མཐུད་གསར་བརྗེ་བྱུང་། 



མཉམ་སྤྱོད།