དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་ཨུའི་སྐབས15པའི་ཚང་འཛོམས་གྲོས་ཚོགས་ཐེངས9པ་འཚོགས་པ།

2025-08-20 08:56:14   |   1525

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


10.jpg

ཟླ8པའི་ཚེས18ཉིན། ཀྲུང་གུང་མདོ་ལ་རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། “ལྔ་ཚན་སྔར་བས་གནད་ལ་འཁེལ་བ”ཡི་གལ་ཆེའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་གནང་བའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་པའི་སློབ་སྦྱོང་སློབ་གསོའི་ཕན་འབྲས་སྲ་བརྟན་དུ་གཏོང་བ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། སྤྱོད་ཚུལ་གྱིས་དཀའ་ཁག་གཏོར་ཞིང་དངོས་སྒྲུབ་ཀྱིས་འགན་འཁུར་བསྟར་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མདོ་ལའི་རབ་བྱེད་ཧུར་ཐག་གིས་རྩོམ།

20.jpg

30.jpg

ཚང་འཛོམས་གྲོས་ཚོགས་ནི་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་གཏམ་བཤད་སྤེལ་ཞིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དམེ་རྒྱལ་མཚན་གྱིས་ལོ་སྟོད་ཀྱི་རྫོང་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས། ཝང་ཡུས་མིང་དང་ཀླུ་འབྲུག་ཆེན། ལི་ཧྲི་ཡིང་། ཅང་ཞི་ཕེང་། ཀྲོའུ་ཡན་ཞང་། ཉིའུ་ཀླུ་འབུམ་སྐྱབས། ལི་ཧུའེ་ལིན། ལང་ཧྥེང་། ཀྲང་ཀྲི་ཨེན། དེ་བཞིན་རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་བཅས་ཚོགས་འདུར་ཞུགས།

40.jpg

ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་པ་ནས་འགོ་བཙུགས་ཏེ་གོང་ནས་འོག་དང་སྟེང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་སྒོས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོ་རབ་དང་རིམ་པ་སྤེལ་བ་དང་། ལྷག་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད། དུས་བབ་གསར་བ་འོག་སྤྱོད་ཚུལ་གང་ཞིག་འཛུགས་སྐྲུན་དང་ཅི་ལྟར་འཛིན་པའི་རྩ་བའི་གནད་དོན་ཐག་གིས་བཅད། དཔེ་འཛུགས་རྟོན་འཕེར་གྱིས་དུས་རབས་ཀྱི་མཁའ་དབུགས་བསྒྱུར་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྤྱོད་ཚུལ་གྱི་འགན་སྲུང་ཤུགས་དང་ལྡན་པ་བྱས།

ཚང་འཛོམས་གྲོས་ཚོགས་ཐོག་ང་ཚོས་ངེས་པར་དུ་དུས་རབས་གསར་པར་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་ཁ་གསལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་དམིགས་པ། ཞིང་ཨུའི་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་བཀོད་སྒྲིག་དང་ཁུལ་ཨུའི་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་དམིགས་ཚད་བླང་བྱ་དང་བསྟུན་ནས“ལྔ་ཚན་སྔར་བས་གནད་ལ་འཁེལ་བ”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། “བཀའ་དྲིན་ཚོར་ཞིང་བརྩེ་དུང་ལྡན་པ། དངོས་སྒྲུབ་འཛིན་པ”བཅས་སྤྱོད་ཚུལ་འཛུགས་སྐྲུན་གོ་རིམ་གྱི་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་དགོས་ཤིང་། ནུས་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་རུ་དཔུང་ཞིག་འཛུགས་དགོས། བློ་ཁོག་ཡངས་པ་དང་འགན་ཁུར་ཕོད་པ། འགན་འཁྲི་ཁུར་བ། ལས་འགན་གཙང་སྒྲུབ་ཀྱིས་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་སྒོས་དཀའ་གནད་གདོང་གིས་བླངས་ཤིང་ཐག་གིས་གཅོད་དགོས། ལག་ལེན་ལས་ཀྱང་འགན་འཁྲི་འཁུར་བ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་བསྐྲུན་ཚེ་ང་ཚོས་གཞི་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོའི་ཁྲོད་འཇོན་ཐང་གསར་པ་སྦྱོང་བརྡར་བྱེད་ཐུབ་པ་དང་། ཧེ་བག་རྗེས་སྙེག་བྱེད་པའི་ཁྲོད་ལེགས་ཆ་གསར་པ་གཏོད་ཐུབ་པ། ཞན་ཆ་གསབ་པའི་ཁྲོད་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་ཐུབ་པའི་བདེན་དཔང་བྱས།

50.jpg

ཚང་འཛོམས་གྲོས་ཚོགས་ཐོག་སྤྱོད་ཚུལ་བཟང་པོ་ནི་ལས་སྒྲུབ་ལས་གཏོད་ཀྱི་སྲོག་རྩ་ལྟ་བུ་ཡིན་ལ། འགག་སྒྲོལ་དཀའ་སེལ་གྱི་འདེགས་སྐྱོར་བརྟན་པོ་དེ་བས་ཀྱང་ཡིན། མིག་སྔར་མདོ་ལ་ནི་དཀའ་གནད་ལས་སྒྲོལ་བ་དང་སྤུས་ཕན་མཐོར་གཏོང་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་དང་རིན་ཐང་གཞན་སྒྱུར་གྱི་སྤྱི་འདོམས་དང་། ཐོན་ལས་གྲུབ་ཆ་དང་འཕེལ་རྒྱས་སྒུལ་ནུས་ཀྱི་རིམ་སྤོར། དམངས་འཚོ་འགན་ལེན་དང་བཅོས་སྐྱོང་ཕན་ནུས་ཀྱི་མཐོར་འདེགས་བཅས་ཚང་མར་སྤྱོད་ཚུལ་དྲང་མོས་དཀའ་གནད་སེལ་བ་དང་དངོས་སྒྲུབ་འགན་འཁུར་གྱིས་རྣམ་པ་གསར་བ་གཏོད་དགོས།

ང་ཚོས་ངེས་པར་དུ་འགན་འཁྲི་འཁུར་ཕོད་པའི་སྤྱོད་ཚུལ་བཟང་པོས“རྒྱལ་ཁབ་ཀྱི་དོན་ཆེན”ཐོག་མཐའ་བར་གསུམ་དུ་སེམས་ལ་བཅངས་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་གི་སྤྱི་ཡོངས་ནང་རང་འགུལ་ངང་ཞུགས་པ། འཕེལ་རྒྱས་ཀྱི་མཐའ་ཚད་དང་སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོར་སྲུང་བ་བཅས་བྱས་ཏེ་མདོ་ལའི་སྐྱེ་ཁམས་སྲུང་ཡོལ་སྔར་བས་བརྟན་པོ་དང་ལྗང་མདོག་གི་གཞི་རྩ་སྔར་བས་བརྟན་པོ་བྱུང་དགོས། ང་ཚོས་ངེས་པར་དུ་དངོས་སྒྲུབ་དངོས་བརྩོན་གྱི་སྤྱོད་ཚུལ་བཟང་པོ་དོན་གཉེར་བྱས་ཏེ་སྲིད་ཇུས་རབ་རིམ་གྱི་འཐབ་ཇུས་གོ་སྐབས་དམ་པོར་འཛིན་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་པ། མཉམ་འདྲེས་གསར་གཏོད་ཁྲོད་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་ཁྲོད་དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མདོ་ལའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་དྲག་པོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་བརྟན་པོ་ཡོང་བ་བྱེད་དགོས། ང་ཚོས་ངེས་པར་དུ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སྤྱོད་ཚུལ་ལེགས་སྐྱོང་གི་ཤུགས་རྒྱག་སར་བརྩིས་ནས་ཐོན་ཁུངས་ཚད་ཡོད་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ཏེ་སྤྱོད་ཚུལ་ལེགས་སྐྱོང་གི“སྟོན་གྲངས་ནན་པོ”མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”སུ་བརྗེ་དགོས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་དུ་མི་རིགས་ལས་དོན་མ་སྒྲུབ་པར་སྤྱི་ཡོངས་དོན་གཉེར་བྱེད་མི་ཐུབ་པ”ཞེས་པའི་མཛུབ་སྟོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་མི་རིགས་ས་ཁུལ་གྱི་ལས་དོན་ཁག་དང་མི་རིགས་ལས་དོན་གྱི་གཙོ་གནད་ཡིན་པ་ཁོང་དུ་བརྟན་པོར་ངེས་ནས་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་བྱེད་རིང་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་། ཁྱོན་ཡོངས་བརྗེ་རེས་ཁྲོད་ཆིག་ཤུགས་གཅིག་ཏུ་བསྒྲིལ་བ། མཉམ་འདྲེས་གཏིང་ཟབ་ཁྲོད་བློ་སེམས་བརྟན་པོར་བསྐྲུན་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མདོ་ལའི་ས་ཆེན་པོར་རྟག་བརྟན་རབ་ཏུ་རྫོགས་དགོས། ང་ཚོས་ངེས་པར་དུ་གྲི་ཁ་ནང་ལ་གཏོད་པའི་བློ་སྟོབས་དང་སྙིང་རུས་ལྷོད་མེད་ཀྱི་སེམས་ཤུགས་བརྟན་པོས་སྤྱོད་ཚུལ་བཟང་པོ་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས།

60.jpg

ཚང་འཛོམས་གྲོས་ཚོགས་ཐོག་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་ངོས་གསར་བརྗེའི་རྒྱུད་སྐུད་དམ་པོར་བཟུང་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་བློ་བརྟན་འགྱུར་མེད་ངང་དར་སྤེལ་གཏོང་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལྟར་གནད་དོན་ལ་ཞིབ་བཤེར་དང་ཞན་ཆ་གསབ་ནས“རང་བཞི”ཡི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རང་ངོས་གསར་བརྗེ་ལག་ལེན་དུ་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་བྱེད་དགོས། རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། རང་འགུལ་ངང་གཞི་རིམ་གྱི་འཐབ་ས་དང་པོ་དང་དཀའ་ཉེན་ལྕི་བའི་ལས་འགན་ཁྲོད་སྦྱོང་བརྡར་དང་འཇོན་ཐང་བསྐྱེད་པ། བློ་དཀར་གྱི་རང་མདངས་ཇེ་བརྟན་དང་དམངས་དང་བརྩེ་བ་ཟབ་མོ། སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བཅས་བྱེད་དགོས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་དང“གལ་ཆེན་གསུམ་དང་འབོར་ཆེན་གཅིག”སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རྣམ་གྲངས་ཞིབ་མཆན་དང་ནོར་དོན་དོ་དམ། དམངས་འཚོའི་རོགས་སྐྱོབ་སོགས་འགག་རྩའི་ཁྱབ་ཁོངས་དང“དབང་ཆ་ཆུང་ངུ”ལ་དམིགས་ནས་སྐྱོན་ཆ་འཚོལ་བ་དང་ཞན་ཆ་གསབ་སྟེ་ལམ་ལུགས་ལ་བརྟེན་ནས་མི་དང་དབང་ཆ། ལས་དོན་བཅས་ལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་དབང་ཆའི་ལྟ་བ་ཡང་དག་འཛུགས་པ་དང་། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་དབང་ཆ་ནན་སྤྱོད་བྱས་ཏེ་དབང་ཆར་གཅེས་སྤྲས་དང་དོ་དམ་ཡག་པོ། བཀོལ་སྤྱོད་གཟབ་ནན་བཅས་བྱེད་དགོས། “ལྟ་སྐུལ་ཁྲིམས་བསྟར་ནན་མོ་སྔར་བས་དོན་ཐོག་ཏུ་འཁྱོལ་བའི”བླང་བྱ་ལག་བསྟར་བྱས་ནས་ལྟ་སྐུལ་སྒྲིག་བསྟར་གྱི་མཚོན་ཆ་རྣོན་པོ་ཡག་པོ་སྤྱོད་དགོས། རྫོང་སྒྲིག་ཨུ་སྐུལ་ཨུ་དང་རྩིས་བཤེར། སྡོམ་རྩིས་སོགས་སྡེ་ཚན་གྱིས་གཙོ་གནད་ཁྱབ་ཁོངས་དང་ལས་གནས་ལ་དམ་པོར་དམིགས་ནས་ལྟ་སྐུལ་སྣ་ཚོགས་སྦྲེལ་མཐུད་བྱས་ཏེ་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ“འགོ་ཁྲིད་དང་པོ་”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་འགལ་བཟའ་འཐུང་དང་། ལག་རྟགས་འབུལ་རྟེན་སྤྲོད་ལེན་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱེད། ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་ལྟ་སྐུལ་ཁྲོད་རང་ཉིད་ཡོ་བསྲང་དང་འཐུས་ཚང་དུ་གཏོང་དགོས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་འཁུར་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས“འགན་འཁུར་བ་དང་པོའི”འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་ཚན་པ་དམ་འཛིན་ཡག་པོ་དང་། དཔུང་ཁག་ལ་སྣེ་ཁྲིད་ཡག་པོ། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་དགོས། ཚན་པའི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས་”ཀྱི་བླང་བྱ་ལྟར་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། རྫོང་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་གྱི་ཆེད་དོན་འགན་འཁྲི་ཡག་པོ་སྒྲུབ་པ་དང་། སྒྲིག་ཁྲིམས་ནན་པོ་བྱེད་ཤུགས་ཆེ་རུ་བཏང་ནས་རང་འགན་རང་འཁུར་དང་མཐུན་སྦྱོར་མཉམ་འགུལ་གྱི་འགན་འཁྲིའི་རྣམ་པ་གཏོད་དགོས་པའི་བླང་བྱ་བཏོན།

70.jpg

ཚང་འཛོམས་གྲོས་ཚོགས་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཀྱི་ལས་དོན་ལ་དམ་འཛིན་ནན་ཏན་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་རང་རྫོང་གི“ལོ་ལྔ་ཚན་བཅོ་ལྔ་བའི”འཆར་འགོད་རྩ་གནད་བཟོ་འགོད་བྱེད་པ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་ཞིང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་ཡག་པོ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། ཞོད་འགོག་གི་ལས་དོན་སོ་སོ་རྒྱུན་མཐུད་ལེགས་པོར་སྒྲུབ་པ། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་དག་ཧུར་ཐག་གིས་སྒྲུབ་པ། བློ་སེམས་ཞིབ་མོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལས་དོན་བླང་བྱ་ཁག་དངོས་ཡོད་ཞིབ་ཕྲ་རུ་དོན་དུ་འཁྱོལ་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག་རྫོང་ཡོངས་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཁུལ་ཨུའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན། སྤྱོད་ཚུལ་ལེགས་སྒྱུར་དང་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་མདོ་ལའི་རབ་བྱེད་ནུས་ཤུགས་ཡོད་རྒུས་རྩོམ་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།

80.jpg

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཚན་ཁག་གི་ཁོངས་མི་དང་། རྫོང་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། རྫོང་མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན། རྫོང་སྒྲིག་ཨུའི་རྒྱུན་ཨུ་དང་རྫོང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། ཡུལ་ཚོ(གྲོང་རྡལ)ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཨུའི་སྡེ་ཚན་ཁག་དང་རྫོང་ཐད་གཏོགས་ཀྱི་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)། མང་ཚོགས་ཚོགས་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་སྡེ་ཚན་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། བཙུན་མོ་གཞོང་གྲོང་རྡལ་གྱི་སྡེ་བ་སོ་སོའི(སྡེ་ཁུལ)ཏང་ཀྲི་པུའུ་ཧྲུའུ་ཅི། ཞིང་ཆེན་དང་ཁུལ། རྫོང་གི་ཏང་འཐུས་ཚབ་ཁག་ཅིག་ཚོགས་འདུར་ཟུར་ཞུགས་བྱས།



མཉམ་སྤྱོད།