དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀང་ཧྥུའུ་རྫོང་བོད་སྨན་ཁང་དུ་རྒྱ་ཆེའི་སྨན་དོན་པར་འཚམས་འདྲིར་ཕྱིན།

2025-08-21 10:11:09   |   1321

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས19ཉིན་ནི“ཀྲུང་གོའི་སྨན་པའི་དུས་ཆེན”ཐེངས་བརྒྱད་པར་འཁེལ་འདུག་པས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་། ཁུལ་འཕྲོད་བསྟེན་ཨུའི་ཀྲུའུ་རིན་གཞོན་པ་ཀྲང་ཅི་ཅོན་རྫོང་བོད་སྨན་ཁང་དུ་སྨན་དོན་མི་སྣར་འཚམས་འདྲིར་ཕྱིན། འཐབ་ས་དང་པོ་ན་སྨན་དོན་གྱི་བྱ་བ་ལྷོད་མེད་སྒྲུབ་བཞིན་པའི་རྒྱ་ཆེའི་སྨན་པ་དག་ལ་དུས་ཆེན་གྱི་རྟེན་འབྲེལ་དང་བླ་མེད་ཀྱི་གུས་འདུད་ཞུས་ཤིང་འཚམས་འདྲིའི་དངུལ་རྟགས་ཕུལ།

01.jpg

ཀང་ཧྥུའུ་ཡིས་ཡུལ་དངོས་ནས་བོད་སྨན་ཁང་གི་གཞུང་སྒྲུབ་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་ཆ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས། སྨན་དོན་མི་སྣར་སྙིང་ཉེ་བའི་འབྲེལ་འདྲིས་བྱས་ཤིང་ཁོ་ཚོའི་རྒྱུན་ལྡན་གྱི་བརྟག་བཅོས་ལས་དོན་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་འདྲི་ཞིབ་ཞིབ་ཕྲ་བྱས་ལ། རྒྱ་ཆེའི་སྨན་དོན་མི་སྣས་དུས་ཡུན་རིང་བོར་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ཐད་བཏོན་པའི་དཀའ་སྤྱད་ཀྱི་འབྲས་བུ་ལ་ཁས་ལེན་གང་ལེགས་བྱས། མདོ་ལའི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཐད་བཞག་པའི་ལག་རྗེས་ལ་བཀའ་དྲིན་ཞུས། རྒྱ་ཆེའི་སྨན་དོན་མི་སྣས“ཚེ་སྲོག་ལ་བརྩི་མཐོང་དང་རྨས་སྐྱོན་སྲོག་སྐྱོབ། བློས་གཏོང་ཕོད་པ། ལྷད་མེད་བརྩེ་བ”ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པར་སྐུལ་མ་བཏང་།

02.jpg

ཀང་ཧྥུའུ་ཡིས་སྨན་པ་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི“འགོག་སྲུང་དང་པོ”ཡིན་ལ། དུས་ཡུན་རིང་བོར་མཐོ་སྒང་དུ་གཞི་ཚུགས་ཤིང་ཆེད་ལས་དང་འགྱུར་མེད་ཀྱིས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས། རྫོང་ཨུ་དང་རྫོང་སྲིད་གཞུང་ནི་ཀུན་གྱི་གཞི་བརྟེན་གཙོ་བོ་ཡིན་ལ། མུ་མཐུད་དུ་སྨན་བཅོས་བདེ་ཐང་བྱ་གཞག་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱུན་མཐུད་རྒྱབ་སྐྱོར་དང་རྒྱ་ཆེའི་སྨན་དོན་མི་སྣར་སྔར་ལས་ལེགས་པའི་བྱ་བའི་ཆ་རྐྱེན་བསྐྲུན་ཞེས་བསྟན།

03.jpg

ཀང་ཧྥུའུ་ཡིས་ཐོག་མའི་སེམས་འདུན་ལ་འགྱུར་བ་མེད་པར་སྲོལ་བཟང་རྒྱུན་འཁྱོངས། ལག་རྩལ་གོང་སྤེལ་དང་ཞབས་ཞུ་ལེགས་སྒྱུར་ནི་ལྟེ་བར་བཟུང་ནས་སྨན་བཅོས་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་རྒྱུན་མཐུད་ལེགས་སྒྱུར་དང་རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་གིས་བརྟག་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས། བོད་སྨན་གྱི་རིག་གནས་དང་ལག་རྩལ་གྱི་རྒྱུད་འཛིན། གསར་གཏོད། གོང་སྤེལ་ལ་ཤུགས་བསྣན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་མཐོ་རུ་གཏོང་དགོས། སྨན་པའི་ལས་རིགས་ཀུན་སྤྱོད་དམ་པོར་སྲུང་བ་དང་སྤྱོད་གཙང་སྨན་བཅོས་རྒྱུན་འཁྱོངས་སྒོས་སྨན་པ་དང་ནད་པའི་འབྲེལ་བ་སྲུང་སྐྱོང་བྱས་ཏེ་མི་དམངས་མང་ཚོགས་ལ་ཟུར་ཚད་མི་འདྲ་བ་དང་དུས་རིམ་ཡོངས་ཀྱི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

སྨན་དོན་མི་སྣ་ཡོངས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་དོ་ཁུར་ལ་བཀའ་དྲིན་ཞུས་ཤིང་། ཐོག་མའི་སེམས་འདུན་ཡིད་ལ་བཅངས་ནས་ཕྲག་གི་འགན་ཁུར་གཙང་སྒྲུབ་སྒོས་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་སྔར་ལས་ལྷག་པའི་སྲུང་སྐྱོབ་དང་མདོ་ལའི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

རྫོང་གི་མགོ་ཁྲིད་མཱ་ཞའོ་ཆིན་ལྷན་དུ་ཞུགས།



མཉམ་སྤྱོད།